དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་དང་གཙུག་ལག་ཁང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-19

    ཚེས་14ཉིན་བོད་ཀྱི་ལོ་གསར་གྱི“དགུ་ཐུག”ཡིན་པ་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ཡང་འཆར་ལ་ཉེ་བས་གནའ་གྲོང་ལྷ་སའི་གང་སར་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ། རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཡེ་ཤན་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་ཟོལ་མེད་ཀྱི་སྨོན་འདུན་བསྣམས་ནས་ལྗོངས་ཏང་ཨུད་ཀྱི་ཧུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་དང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་ཕེབས་ཏེ་དབང་པོ་སྐྱོན་ཅན་ལ་འཚམས་འདྲི་གནང་བ་དང་གནས་ཚུལ་དངོས་མཁྱེན་རྟོགས་གནང་བ་དང་། བདེ་སྡུག་འདྲི་བ། བསམ་ཚུལ་གསན་པ་བཅས་དང་ཆབས་ཅིག་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

    ཚེས་15ཉིན་གྱི་དགོང་མོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཉིན་དེའི་དགོང་མོར་གཙུག་ལག་ཁང་དུ་ཕེབས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་དང་ཞབས་ཞུ་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་དང་ཞིབ་བཤེར་བྱས་པ་དང་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མེ་ཟོན་དང་དྲག་ཆས་ཉེན་རྟོག་དཔོན་དམག་དང་དེ་བཞིན་སྡེ་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་སྟོབས་ཤུགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་ཁོང་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོའང་ཞུས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།