དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-14

    བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། བསོད་དར།

    འཐུས་མི་རྣམ་པ།

    ད་ལྟ་ངས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

    འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་གཙོ་བོ།

    འདས་ཟིན་པའི་ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་དགུ་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ནུས་ལྡན་ལྟ་སྐུལ། ཆེས་མཐོའི་ཁྲིམས་ཁང་གི་ཡང་དག་པའི་མཛུབ་ཁྲིད་བཅས་དང་། སྲིད་གཞུང་དང་། སྲིད་གྲོས། སྤྱི་ཚོཌ་ལས་རིཌ་ཁག་བཅས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོག དམངས་ཆེད་ཁྲིམས་འཛིན་དང་། ཁྲིམས་འཛིན་དྲང་གཞག ཉེན་ཁ་འགོག་ཟོན། གོང་འཕེལ་ལ་ཞབས་ཞུ། དཀའ་གནད་སེལ་བ། ཆད་སྐྱོན་སེལ་བ་བཅས་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“12341”ལས་ཀའི་བསམ་གཞི་ལག་བསྟར་བྱས་ཏེ། ཁྱོན་གྱོད་གཞི་ཁག་118814བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་113842ལ་འདྲི་ཞིབ་ལག་བསྟར་མཐའ་འདོམས་བྱས་ཡོད་པས། དུས་མཚུངས་དང་བསྡུར་ན་ཁག་སོ་སོར་20.97%དང་16.79%འཕར་བས་ལོ་རེར་ཆ་སྙོམས་གྱོད་ཐག་ཆོད་ཚད་95%ཡན་ཟིན་ཡོད། 2017ལོར། གྱོད་གཞི་ཁག་23002བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་20809ལ་འདྲི་ཞིབ་ལག་བསྟར་མཐའ་འདོམས་བྱས་ཤིང་། འདྲི་ཞིབ་ཀྱི་དུས་བཅད་ནང་གྱོད་ཐག་ཆོད་ཚད་99.40%ཟིན་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“སྲོག་ཤིང་ལ་ལྷག་བསམ་རྣམ་དག”བྱེད་རྒྱུ་སྔར་བས་འགྱུར་མེད་བརྟན་དུ་སོང་བ་དང་། “ཕྱོགས་གཉིས་ནས་འདེད་སྐུལ་བྱེད་པའི”སྤུས་འབྲས་ལེགས་སུ་སོང་བ། “འཁྲི་འགན་ཁག་གསུམ”གནད་འཁེལ་སྒྲུབ་པ། “བཀོད་སྒྲིག་ཁག་བཞི”དོན་འཁྱོལ་ནུས་ལྡན་བྱུང་བ། “དམིགས་ཚད་གཅིག་ལ”ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སོགས་ཀྱི་ལས་དོན་ཁག་ལ་འགག་སྒྲོལ་གསར་པ་བྱུང་ནས་སྐས་རིམ་གསར་པར་སླེབས་ཡོད།

    གཅིག “སྲོག་ཤིང་གཅིག”ལ་ལྷག་བསམ་རྣམ་དག་གིས་སྒྲིག་སྲོལ་བརྟན་པོར་བཙུགས་པས“འདུ་ཤེས་བཞི”སྔར་བས་ཤུགས་ཆེར་སོང་བ།

    “འདུ་ཤེས་བཞི”བརྟན་པོར་བཙུགས་ནས་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་དང་གཞི་རྩའི་ཆབ་སྲིད་ཀྱི་བླང་བྱ་ཁ་གསལ་ཞིག་ལ་བརྩིས་ཏེ། བསམ་བློའི་ཐོག་ནས་མོས་སེམས་ཤུགས་ཆེ་བྱེད་པ་དང་། ཆབ་སྲིད་ཐོག་ནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྩ་འཛུགས་ཐོག་ནས་རང་རྟོགས་ངང་སྲུང་བརྩི་ཞུ་བ། བྱ་སྤྱོད་ཐོག་ནས་རྗེས་སུ་དམ་པོར་འབྲངས་བ་བཅས་བྱས་ཤིང་། རང་རྟོགས་ངང་ཁྲིམས་ཁང་གི་ལས་དོན་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་ཐོག་སྐུལ་སྤེལ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་ལ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་རྒྱུའི་ཐོག་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱས་པ་དང་། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིའི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་དེ་ཁྲིམས་ཁང་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་ཐུབ་པ་བྱས་ཁར། སྲོག་ཤིང་ལ་བརྩི་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་རྒྱུ་དེ་སེམས་ནང་ཟུག་ཐུབ་པ་བྱས་ཡོད། ཏང་གིས་ཁྲིམས་ཁང་གི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མཐོ་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ལྗོངས་ཏང་ཨུད་ལ་ལས་དོན་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། ཁྲིམས་ཁང་གི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་མཐུན་ཡོང་བའི་འགན་ལེན་བྱས་ཡོད། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་དང་ཁྲིམས་འཛིན་འདྲི་གཅོད་འཐབ་ཕྱོགས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཟམ་མི་ཆད་པར་བརྟན་དུ་བཏང་བ་དང་། “འདུ་ཤེས་བཞི”དེ་ཆབ་སྲིད་ཐོག་ནས་བསྡུར་ཞིབ་དང་སྤྱི་ཡོངས་ཐོག་ནས་བྱ་སྤྱོད་སྤེལ་མཁས་པའི་ནུས་པར་འགྱུར་བ་བྱས་ཡོད་ལ། ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ལྗོངས་ཁྲིམས་ཁང་གི་མི་སྣས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མཚོན་ཡོད།

    གཉིས། “ཕྱོགས་གཉིས་ནས་འདེད་སྐུལ”བྱས་ཏེ་རྨང་གཞི་བརྟན་པོ་བཙུགས་པས་རང་ངོས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་སོང་བ།

    ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་རྩ་འདོན་སྤེལ་གང་ལེགས་བྱས་ཡོད། གནད་དོན་གྱི་འཛིན་ཕྱོགས་དང་སྒྱུར་བཅོས་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་དང་། ཁྲིམས་འཛིན་གྱི་འདྲི་གཅོད་ཆོས་ཉིད། བོད་ལྗོངས་ཁྲིམས་ཁང་གི་དོན་དངོས་བཅས་དང་འཚམ་པའི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་བྱེད་ལམ་འཚོལ་ཞིབ་ཧུར་ཐག་བྱས་པས“གདུང་བཞི་ཀ་བརྒྱད”ཀྱི་ངོ་བོ་ལྡན་པའི་སྒྱུར་བཅོས་ཀྱི་གཙོ་བོའི་སྒྲོམ་གཞི་ཞིག་རྩ་བའི་ཆར་འཛུགས་ཐུབ་ཡོད། ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་བྱེད་པའི“འགག་གནད”དེ་དམ་པོར་བཟུང་ནས་གྱོད་ཞིབ་མི་སྣའི་དབང་ཆ་གསལ་ཐོ་དང་འགན་འཁྲི་བདའ་འདེད་གཏོང་ཐབས་སོགས་ཀྱི་ལམ་ལུགས་ཁག་22བཟོས་ཏེ། “འདྲི་ཞིབ་པས་ཁྲུན་གཅོད་བྱེད་པ་དང་ཁྲུན་གཅོད་པས་འགན་འཁུར་བའི”འགན་འཁྲིའི་ལམ་སྲོལ་ཞིག་ཆགས་ཡོད། གྲངས་བཅད་གཏན་འཁེལ་གྱི་ཁྲིམས་དཔོན་དོ་དམ་བྱ་ཐབས་དང་། ཁྲིམས་དཔོན་གྱི་ལས་རོགས་པ་དང་ཟིན་འགོད་པར་རིགས་དབྱེ་དོ་དམ་བྱེད་པའི་མཛུབ་ཁྲིད་བསམ་འཆར་ཁག་7བཟོས་ཏེ་ཐེངས་དང་པོར་སྒྲིག་གྲངས་ནང་ཚུད་ཀྱི་ཁྲིམས་དཔོན་955ཡིས་འགན་སྒྲུབ་དམ་བཅའ་བཞག་པ་དང་། ཁྲིམས་དཔོན་ལས་རོགས་པ་མི་410དང་ཟིན་འགོད་པ་མི་455དེ་དག་འདྲི་གཅོད་ཚོགས་པ་ཁག་192ཀྱི་སྒྲིག་ཁོངས་སུ་བཅུག་ནས་བགོ་སྒྲིག་ཚན་རིག་དང་མཐུན་ལ་ལྟ་འདོམས་ནུས་པ་ལྡན་པའི་མི་སྣ་རིགས་དབྱེའི་དོ་དམ་ལམ་སྲོལ་ཞིག་ཆགས་ཡོད། ཁྲིམས་དཔོན་གྱི་འགན་སྒྲུབ་འགན་སྲུང་དང་། ཁྲིམས་ཁང་གི་ལས་བྱའི་བདེ་སྲུང་། དེ་བཞིན་ལས་རིགས་ཐོབ་ཐང་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱས་ཡོད། ལྷ་ས་དང་མངའ་རིས་ཀྱི་ཁྲིམས་ཁང་བཞིའི་རྒྱུ་དངོས་ལ་གཅིག་གྱུར་དོ་དམ་གྱི་སྒྱུར་བཅོས་བྱེད་པའི་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་ཡོད། གྱོད་ཁོངས་སུ་འཇུག་རྒྱུའི་ཐོ་འགོད་ལམ་ལུགས་དང་། གྱོད་གཞི་རྙོག་འཛིང་ཆེ་ཆུང་ལོགས་སུ་དབྱེ་གསེས། ཁྲིམས་ཆད་གཅོད་རྒྱུ་ཚད་ལྡན་བཟོ་བ། དེ་བཞིན་འདྲི་གཅོད་བྱེད་རྒྱུ་ལྟེ་བར་འཛིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་དང་གདན་ཞུ་ལམ་ལུགས་ཀྱི་ཟིན་འགོད་པ་སོགས་ལེ་ལག་སྒྱུར་བཅོས་ཁག་25མཐུན་སྦྱོར་ངང་སྤེལ་བས། སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཤུགས་ཆེ་རུ་སོང་ཡོད། སྒྱུར་བཅོས་མ་བྱས་གོང་དང་བསྡུར་ན་ཁྲིམས་དཔོན་མི་གྲངས་30.31%ཉུང་དུ་སོང་བ་དང་། མི་རེའི་ཆ་སྙོམས་གྱོད་ཞིབ་བྱེད་ཚད་82.46%འཕར་བ། ཡོན་ཀྲང་དང་དིང་ཀྲང་གི་ལོ་རེའི་ཆ་སྙོམས་གྱོད་ཞིབ་བྱེད་ཚད་38.70%འཕར་བ། འདྲི་རིམ་དང་པོ་དང་འདྲི་རིམ་གཉིས་པའི་ཁྲིམས་བཅད་དང་ལེན་དང་ཞུ་གཏུག་མཚམས་འཇོག་བྱེད་ཚད་ཁག་སོ་སོར་བརྒྱ་ཆའི་གྲངས་3.23 དང་0.27 འཕར་བ། གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞིའི་རིགས་34.62%ཆག་པ་བཅས་བྱུང་ནས། ཁྲིམས་དཔོན་གྱིས་གྱོད་ཞིབ་བྱེད་པའི་ཧུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། ཁྲིམས་འཛིན་གྱི་སྤུས་ཚད་དང་ལས་ཆོད། དེ་བཞིན་སྤྱི་མོས་ཡོང་ཚད་མུ་མཐུད་ཆེ་རུ་སོང་ཡོད།

    ཆ་འཕྲིན་དང་ཚན་རྩལ་ལ་བརྟེན་ནས་འདྲི་གཅོད་ཀྱི་སྤུས་འབྲས་ལེགས་སུ་གཏོང་རྒྱུའི་ཐད་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། བློ་རིག་ལྡན་པའི་ཁྲིམས་ཁང་འཛུགས་སྐྱོང་བྱེད་རྒྱུ་དེ་འདྲི་གཅོད་སྤུས་འབྲས་ལེགས་སུ་གཏོང་རྒྱུའི་འགག་གནད་ཅིག་ལ་བརྩིས་ཏེ་ཁྱོན་བསྡོམས་སྒོར་ཁྲི་9500བཏང་ནས“རྒྱ་སྲང་ལས་གཞིའི”དུས་ཐེངས་དང་པོའི་རྣམ་གྲངས་ལེགས་འགྲུབ་བྱས་ཤིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཚང་མ་མཉམ་དུ་འབྲེལ་མཐུད་དང་ལས་སྒྲུབ་གྱོད་ཞིབ་ཐུབ་པའི་ཁར། ཚན་རྩལ་ཁྲིམས་ར་དང་བརྙན་འཕྲིན་ཚོགས་འདུ་སོགས་ལྟེ་བའི་ལས་སྒོ་ཡོངས་ལ་ཁྱབ་ཐུབ་པ་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ་དང་། འདྲི་གཅོད་ལག་བསྟར་བྱེད་རྒྱུར་ཞབས་ཞུ། ཁྲིམས་འཛིན་དོ་དམ་བྱེད་རྒྱུར་ཞབས་ཞུ། སྤྱོད་གཙང་ཁྲིམས་འཛིན་ལ་ཞབས་ཞུ། སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་ཞུ་སོགས་རིགས་ཆེ་བ་ལྔའི་ལས་སྒོའི་ཉེར་སྤྱོད་རྒྱུད་ཁོངས་སྤྱོད་འགོ་ཚུགས་པ་དང་། ཁྲིམས་རའི་སྐད་སྒྲ་དབྱེ་འབྱེད་དང་རིགས་འབྲེལ་གྱོད་གཞི་བརྒྱུད་སྐྱེལ་སོགས་ཀྱི་རམ་འདེཌ་རྒྱུད་ཁོངས་འཛུཌ་རྒྱུར་སྐུལ་སྤེལ་བརྟན་པོ་བཏང་ཡོད། འཛུཌ་སྤྱོད་ཟུང་འབྲེལ་དང་འཛུགས་སྤྱོད་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཆ་འཕྲིན་ལག་རྩལ་སྤྱོད་སྟངས་ཐད་ཀྱི་རེས་སྐོར་སྦྱོང་བརྡར་ཐེངས་17དང་། བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་ཐེངས་13སྒྲིག་འཛུགས་བྱས་ནས་སྦྱོང་བརྡར་ནང་ཞུགས་མཁན་ཉེན་རྟོག་ལས་བྱེད་པ་མི་ཐེངས་1360ཟིན་པས། ཉེན་རྟོག་ལས་བྱེད་པས་ཆ་འཕྲིན་ལ་བརྟེན་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་དོན་སྒྲུབ་ནུས་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད། ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས་ཁྲུན་གཅོད་ཡིག་རིགས་ཁག་25902(བོད་ཡིག་གི་ཡིག་རིགས་ཁག་2914)དང་། འདྲི་གཅོད་ཀྱི་བརྒྱུད་རིམ་ཆ་འཕྲིན་ཁག་44265 ལག་བསྟར་ཆ་འཕྲིན་ཁག་18641 ཁྲིམས་རའི་འདྲི་གཅོད་ཐད་གཏོང་བྱེད་ཐེངས་57བཅས་ཡོངས་བསྒྲགས་བྱས་པ་དང་། གྱོད་གཞིའི་ཆ་འཕྲིན་ཁག་87990དྲ་ཐོག་ཏུ་བཀོད་པ་དང་། ཚན་རྩལ་ཁྲིམས་རར་བརྟེན་ནས་ཁྲིམས་ར་ཐེངས་8056འཚོགས་པ། རྒྱང་བསྟེན་ཁྲིམས་ར་འཚོགས་པ་དང་། བཙོན་འདོན་ཞུ་ལེན། ཞུ་བཅར་སྣེ་ལེན་བཅས་ཐེངས་31བྱས་པ། གློག་རྡུལ་གྱོད་ཚགས་ཁག་58121གྲུབ་པ་བཅས་བྱས་ཏེ་གཏིང་ཟབ་ལ་ཕྱོགས་ཀུན་འཛོམས་ཤིང་ཤུལ་རྗེས་ཆ་ཚང་བའི་ཁྲིམས་འཛིན་ཡོངས་བསྒྲགས་བྱེད་པར་བརྟེན་ནས་འདྲི་གཅོད་བརྒྱུད་རིམ་བསྐྱར་དུ་བཟོ་རྒྱུར་སྐུལ་སྤེལ་བཏང་བ་དང་། ཁྲིམས་དཔོན་གྱི་འཇོན་ཐང་དང་བྱང་ཚད་མཐོ་རུ་མི་གཏོང་ཀ་མེད་བཟོས་ཡོད།

    གསུམ། “འཁྲི་འགན་ཆེན་པོ་གསུམ”བསྒྲུབས་ནས་ཉེན་ཟོན་འགོག་རགས་བརྟན་པོ་བསྲུངས་བས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་སོང་བ།

    བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་མངོན་ཆེར་བཟུང་སྟེ་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཞི་མཐུན་སྲུང་སྐྱོང་བྱས་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་། བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་དང་ཡུན་རིང་འཐབ་རྩོད་བྱེད་པའི་བསམ་བློ་བརྟན་པོར་བཙུགས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བཟོས་པའི་སིམ་འཛུལ་ཁ་ཕྲལ་གྱི་གཏོར་བཤིག་བྱེད་སྒོ་མཐའ་དག་མགོ་འབུར་མ་ཐག་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ། “དར་ཆེན”སོགས་རི་མཚོ་སྐོར་བའི་འཚུབ་ཆ་ཆེ་བའི་དུས་ཚིཌ་བཅས་ལ་དམིགས་ནས་སྡོད་བྱ་སྐོར་གཡེང་དང་། སྐོར་ཞིབ་མཉམ་འགོག འགལ་ཟླ་མཉམ་འདུམ་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཐོག ནག་ཆུའི་འབྲི་རུ་དང་ལྷོ་ཁའི་ལྕེ་བདེ་ཞོལ་སོགས་གཙོ་གནད་ས་ཆ་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་གནད་དོན་བཅས་ཆེད་དམིགས་བཅོས་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་ཏེ་ནུས་ཤུགས་གང་ཡོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་འཁུར་ཕོད་པ་བྱས་ཡོད། གཙོ་གནད་རིགས་སྔོན་འགོག་བྱེད་པ་དང་། དཀའ་གནད་རིགས་ལ་དམིགས་པ། གླེང་ཆ་ཆེ་རིགས་གསེད་དཀྲོལ། སྤྱིར་བཏང་ལ་ལན་འདེབས་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཏུག་བཤེར་དང་འབྲེལ་བའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཁག་310འདུམ་སེལ་བྱས་པ་དང་གྱོད་གཞི་ཁག་45མཐའ་འདོམས་བྱས་ཡོད། དམག་དཔུང་གི་སྡོད་ཁང་བོགས་གཏོང་དུད་ཚང་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་217གཉེར་སྒྲུབ་འཚམ་པོ་བྱས་པས་དམག་དཔུང་གི་རིན་ཡོད་ཞབས་ཞུ་སྒྲུབ་མཚམས་འཇོག་དགོས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་ཡོད།

    མཐའ་མའི་མཐའ་ཚད་བརྟན་པོར་བསྲུངས་ཏེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་སྲུང་སྐྱོང་བྱས་ཡོད། “ལོ་གཉིས་ནས་གསུམ་རིང་གི་དུས་ཚོད་སྤྱད་དེ་ལག་བསྟར་བྱེད་དཀའ་བའི་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་པ་བྱེད་རྒྱུར”དམ་པོར་དམིགས་ཏེ་ཐབས་མང་མཉམ་སྤྱོད་དང་འགག་སྒྲོལ་ཤུགས་ཆེ་བྱས་ནས་ཁྱོན་བསྡོམས་ལག་བསྟར་གྱོད་གཞི་ཁག་18226ལ་ལག་བསྟར་མཐའ་འདོམས་བྱས་པ་དང་། དམིགས་བྱའི་དངུལ་སྒོར་དུང་ཕྱུར་50.74ཟིན་ཡོད་པས་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་70.46%དང་137.10%འཕར་ཡོད། ཚན་པ་ཁག་26དང་མཐུན་སྦྱོར་བྱས་ཏེ་མཉམ་སྒུལ་ལམ་སྲོལ་བཙུགས་པ་དང་ལག་བསྟར་བྱས་ཐོག ཁ་དན་རྒྱབ་བསྐྱུར་བྱེད་མི་1607(དེའི་ནང་ཁེ་ལས་137)“མིང་ཐོ་ནག་པོའི”ཁོངས་སུ་བཅུག་ནས་ཡོངས་བསྒྲགས་བྱས་པ་དང་། ཁ་དན་རྒྱབ་བསྐྱུར་བྱེད་མི་709ལ་འཛད་སྤྱོད་ཆེ་གྲས་བཀག་སྡོམ་བྱེད་པ་སོགས་མཉམ་འབྲེལ་ཡིད་རྟོན་གྱི་ཆད་གཅོད་བསླབ་འདོམས་བྱ་ཐབས་སྤྱད་པ། མི་ཐེངས་213བཀག་ཉར་དང་། དངུལ་ཆད་སྒོར་ཁྲི་75.4བཏང་བ་བཅས་ཀྱིས་རང་འགུལ་ལག་བསྟར་བྱེད་ཚད་དེ་2013ལོ་དང་བསྡུར་ན་23.24%འཕར་ཡོད་པས་ཡིད་རྟོན་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ལག་བསྟར་བཀོད་འདོམས་ལྟེ་གནས་དང“སྤྱི་ཡིས་སྤྱི་ལ་ཁ་ཕྱོགས་པ”དང“གནས་ཀྱིས་གནས་ལ་ཁ་ཕྱོགས་པའི”ཞིབ་བཤེར་ཚོད་འཛིན་མ་ལག་སྤྱད་དེ་ཁྲིམས་ཆད་ལག་བསྟར་བྱེད་ཁོངས་ཀྱི་རྒྱུ་ནོར་རིགས“མཐེབ་གཅིག་གིས་བཤེར་འཚོལ”དང“གཅིག་ཀྱང་མ་ལུས་པར་ལག་བསྟར་བྱེད་པ” ལག་བསྟར་གྱོད་གཞིའི“གཅིག་གྱུར་གསུམ”གྱི་ལས་དོན་བཅས་ལ་སྐུལ་སྤེལ་བཏང་ནས་དྲ་ཐོག་ཁྲིམས་འཛིན་གྱི་ཧབ་འཚོང་སྐུལ་ལམ་གསར་པ་འཚོལ་ཞིབ་བྱས་པས། ལག་བསྟར་བྱེད་ཚད་དེ་2013ལོའི་40.60%ཡིན་པ་ནས་ད་ལྟ་57.10%ལ་འཕར་ཡོད། སྲིད་འཛིན་རྩོད་གཞིའི་ངོ་བོའི་ཐོག་ནས་འདུམ་འགྲིག་ཧུར་ཐག་བྱེད་རྒྱུར་དམིགས་ནས་སྲིད་འཛིན་དང་རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་ཁག་232འདྲི་གཅོད་མཐའ་འདོམས་བྱས་པ་དང་། ཏང་སྲིད་ལས་ཁུངས་དང་འབྲེལ་བའི་ལག་བསྟར་གྱོད་གཞི་ཁག་4ཚང་མ་མཐའ་འདོམས་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་འཛིན་གྲོས་འཆར་ཁག་1833བཏོན་ནས་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད།

    དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་དམིགས་ཡུལ་ལག་བསྟར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ལེགས་བྱས་ཡོད། མཐའ་དག་དམངས་ཀྱི་ཆེད་དུ་ཡིན་པའི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཁག་7278ལ་ཁྲིམས་བཞིན་འདྲི་ཞིབ་བྱས་པ་དང་། “ཕྱོགས་བཞི་གཞི་གཅིག”གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་བསྐྲུན་རྒྱུར་གང་མགྱོགས་སྐུལ་སྤེལ་བཏང་སྟེ“གནས་རྒྱུད་ངོས་གསུམ”ཕན་ཚུན་ཟུང་འབྲེལ་དང་ཁྲིམས་འཛིན་ཞབས་ཞུའི་དྲ་རྒྱ་ཡོངས་ལ་ཁྱབ་ཐུབ་པ་བྱེད་རྒྱུ་འཐུས་ཚང་དུ་བཏང་ནས་མང་ཚོགས་མི་ཐེངས་118200ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། དྲ་ཐོག་ནས་གྱོད་གཞི་ཁག་1470གྱོད་ཁོངས་སུ་བཅུག་པ། མི་ཐེངས་129700ལྷག་ཙམ་ལ་བཅའ་ཁྲིམས་བློ་འདོན་བྱས་པ། འཁོར་ཐོག་སྐོར་སྐྱོད་ཁྲིམས་རས་ལམ་ཐག་སྤྱི་ལེ་ཁྲི་312སྐྱོད་པ་དང་། གྱོད་གཞི་གྲངས་22448སྐོར་སྐྱོད་གྱོད་ཞིབ་བྱས་པས། ཁྲིམས་ཁང་གི་ཉེན་རྟོག་ལས་བྱེད་པས་དཀའ་ལས་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཡོད། རྩོད་རྙོག་སྣ་མང་ཅན་འདུམ་འགྲིག་བྱེད་ལམ་ཧུར་ཐག་བཟོས་ཏེ་ཞུ་སྦྱོར་མ་བྱས་གོང་ནས་གྱོད་གཞི་ཁག་19123འདུམ་འགྲིག་བྱས་པ་དང་། མི་དམངས་ཀྱི་བར་འདུམ་དང་ལས་རིགས་ཀྱི་བར་འདུམ་ལ་མཛུབ་ཁྲིད་བྱས་ནས་འགལ་ཟླ་ཁག་10521འདུམ་འགྲིག་བྱས་པ། དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་འདུམ་འགྲིག་དང་ཕྱིར་འཐེན་བྱེད་ཚད་66.29%ཟིན་པ་བཅས་ཀྱིས་མི་ཆོས་དང་ལྡན་ཞིང་། དེ་བས་ཞི་འཇམ་དང་དེ་བས་སྟབས་བདེ་བའི་ཐོག་ནས་འགལ་ཟླ་དང་རྩོད་རྙོག་རིགས་སེལ་རྒྱུར་སྐུལ་འདེད་བཏང་ཡོད། ཉམས་ཐག་རིགས་གྲས་ལ་ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏུག་བཤེར་འགྲོ་གྲོན་སྒོར་ཁྲི་5063.27ཆག་ཡང་བཏང་བ་དང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི་1380.2འདོན་སྤྲོད་བྱས་པ། ཁྲིམས་རྩོད་པ་མི་ཐེངས་520ཆེད་མངགས་བཀོད་སྒྲིག་བྱས་པ་བཅས་ཀྱི་ཐོག་ནས་མི་ཆོས་ལྡན་པའི་ཁྲིམས་འཛིན་གྱི་ཐུགས་ཁུར་གང་ལེགས་མཚོན་པ་བྱས་ཡོད།

    བཞི། “བཀོད་སྒྲིག་ཁག་བཞི”དོན་འཁྱོལ་དང་འགག་སྒོ་བརྟན་སྲུང་བྱས་པས་འགན་འཁྲི་འཁུར་སེམས་སྔར་བས་ཤུགས་ཆེར་སོང་བ།

    ཉེས་དོན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཨང་དང་པོ་ལག་བསྟར་བྱས་ཡོད། ཁྲིམས་འཛིན་འདྲི་གཅོད་ཁྱབ་ཁོངས་ནང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་གནོད་པའི་ཐོན་བཟོའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་གནད་དོན་ཤེས་རྟོགས་ཐུབ་པ་བྱས་ཏེ་ཉེས་དོན་གྱོད་གཞི་ཁག་7870དང་འབྲེལ་བ་ཡོད་པའི་མི་9914འདྲི་ཞིབ་མཐའ་འདོམས་བྱས་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་8.02%དང་20.18%འཕར་ཡོད། དམ་ལྷུག་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཉེས་ཅན་པ་659ལ་ལོ་བཅུ་ཡན་གྱི་ཁྲིམས་ཆད་ལྗིད་པོ་བཅད་པ་དང་། ཉེས་ཅན་པ་5900ལ་ཁྲིམས་ཆད་ཡང་གཅོད་དང་འགྱངས་གཅོད་བཏང་བ། མི་8ལ་ཉེས་མེད་ཁྱབ་བསྒྲགས་བྱས་པ། དེ་བཞིན་ཁྲིམས་ཆད་ཆག་ཡང་དུ་བཏང་བ་དང་དངོས་མིན་བཙོན་འགྲོལ་གཏོང་རྒྱུའི་གྱོད་གཞི་ཁག་6205ལ་འདྲི་ཞིབ་མཐའ་འདོམས་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྡེ་ཁུལ་གྱི་ཡོ་བཅོས་མི་སྣར་སློབ་གསོ་རྒྱག་རོགས་དང་དོ་དམ་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ། ཉེས་ཅན་པ་སྔར་འགྱོད་ཕྱི་འདོམས་བྱས་ཏེ་བསྐྱར་དུ་སྤྱི་ཚོགས་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། ལེ་ལག་ལམ་སྲོལ་ཆ་ཚང་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཉེས་དོན་གྱི་ཞོར་འབྲེལ་དམངས་དོན་རྩོད་གཞི་ཁག་243འདུམ་འགྲིག་བྱས་པས་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་མ་ཟད། བརྟན་ལྷིང་ལ་གནོད་པའི་རྐྱེན་རྩ་མེད་པ་བཟོས་ཡོད། ལས་ཐོག་ཉེས་གསོག་གི་གྱོད་གཞི་ཁག་233དང་འབྲེལ་བ་ཡོད་པའི་མི་གྲངས་274ལ་འདྲི་ཞིབ་མཐའ་འདོམས་བྱས་པའི་ནང་ས་གནས་ཐིང་རིམ་པ་ཡན་གྱི་མི་7དང་། རྫོང་རིམ་པ་ཡན་གྱི་མི་41ཡོད་པས། རྡུང་རྡེག་ཚ་ནན་བཏང་ནས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆེ་རུ་བཏང་བ་དང་། རུལ་སུངས་བྱེད་མི་ཐུབ་པའི་གཅུན་རྒྱ་བརྟན་པོ་བཟོས་པ། རུལ་སུངས་བྱེད་འདོད་མེད་པའི་རང་རྟོགས་བྱེད་སེམས་ཤུགས་ཆེར་བཏང་ཡོད། སྟག་སྦྲང་མཉམ་རྡུང་བྱེད་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཉེ་འཁོར་དུ་ཐོན་པའི་རྒྱུ་རྔན་ལྐོག་ཟ་དང་འགན་འཛོལ་ཤོར་བ་སོགས་ལས་ཐོག་ཉེས་གསོག་གི་གྱོད་གཞི་ཁག་110དང་འབྲེལ་བ་ཡོད་པའི་མི་གྲངས་135ལ་ཁྲིམས་བཞིན་ཉེས་ཆད་དྲག་པོ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་དངོས་ཚོར་ཐུབ་པ་བྱས་ཡོད། དབུལ་སྐྱོར་ཁྱབ་ཁོངས་ནང་གི་ལས་ཐོག་ཉེས་གསོག་གྱོད་གཞི་ཁག་23དང་འབྲེལ་བ་ཡོད་པའི་མི་23ལ་འདྲི་ཞིབ་མཐའ་འདོམས་བྱས་པས་དབུལ་གྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་རྒྱུར་ཞབས་ཞུ་བསྒྲུབས་ཡོད། ལྐོག་རྔན་སྤྲོད་ལེན་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ལྐོག་རྔན་སྤྲོད་ལེན་གྱི་གྱོད་གཞི་ཁག་11ལ་འདྲི་ཞིབ་མཐའ་འདོམས་བྱས་ཤིང་། ཁེ་ཕན་གྱི་མུ་འབྲེལ་བཅད་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

    དམངས་དོན་དང་ཚོང་དོན་གྱི་འདྲི་གཅོད་འགན་ནུས་འདོན་སྤེལ་བྱས་ནས་གོང་འཕེལ་གྱི་ལས་འགན་ཨང་དང་པོར་ཞབས་ཞུ་བསྒྲུབས་ཡོད། གོང་འཕེལ་གྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་ཐོག རང་འགུལ་ངང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་ཤིང་། “འབྲེལ་བ་ཆ་བཅུ་གསུམ”ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱས་ཏེ། དམངས་དོན་དང་ཚོང་དོན་གྱོད་གཞི་ཁག་68188འདྲི་ཞིབ་མཐའ་འདོམས་བྱས་པར་དམིགས་རྟེན་སྒོར་དུང་ཕྱུར་164.27ཡིན་པ་དེ། དུས་མཚུངས་དང་བསྡུར་ན་ཁག་སོ་སོར་45.31%དང་212.30%འཕར་ཡོད། ཁྲིམས་ལྟར་འདྲ་མཉམ་དང་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། གན་རྒྱའི་གྱོད་གཞི་ཁག་32835དང་མ་རྩ་བརྡིབས་པའི་གྱོད་གཞི་ཁག་12འདྲི་ཞིབ་མཐའ་འདོམས་བྱས་པ་དང་། ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འགན་ལེན་ཐུབ་པས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པར་སྐུལ་འདེད་ཐུབ་ཡོད། རྨང་གཞིའི་སྒྲིག་བཀོད་དང་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གྱོད་གཞི་ཁག་1177དང“ཞིང་གསུམ”ཁྱབ་ཁོངས་ཀྱི་གྱོད་གཞི་ཁག་6444འདྲི་ཞིབ་མཐའ་འདོམས་བྱས་པས་ཁུལ་ཁོངས་དང་གྲོང་ཁྱེར་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་སོང་ཡོད། གསར་གཏོད་ནི་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་འགུལ་ཤུགས་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཐོག ཤེས་རིག་བདག་དབང་འདྲི་གཅོད་ཀྱིས“གསུམ་གཅིག་སྒྲིལ”ལ་སྐུལ་སྤེལ་བཏང་ཞིང་། ཤེས་རིག་བདག་དབང་གི་གྱོད་གཞི་ཁག་58དང་དངུལ་རྩའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཁག་130འདྲི་ཞིབ་མཐའ་འདོམས་བྱས་པས་གསར་གཏོད་དང་ལས་གཏོད་ཀྱི་གསོན་ཤུགས་འཕེལ་ཡོད། ས་ཁོངས་གྲོལ་བའི་ཉོ་འཚོང་སྤེལ་རེས་དང་། རྣམ་གྲངས་འཛུགས་སྐྲུན། ཐོན་ལས་མཉམ་ལས་བཅས་ཁྱབ་ཁོངས་ནང་གི་གྱོད་གཞི་ཁག་787འདྲི་ཞིབ་མཐའ་འདོམས་བྱས་པས་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་ཁྲིམས་ལྟར་འགན་སྲུང་བྱས་ཡོད།

    ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་འགན་ནུས་འདོན་སྤེལ་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་འགན་ལེན་ཐུབ་ཡོད། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་གཏོང་བའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་བྱེད་ནུས་སྲུང་སྐྱོང་དང་གླིང་སྣེ་གསུམ་པའི་རྒྱལ་ཁབ་ཀྱི་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་ཐོག ཆེས་མཐོའི་ཁྲིམས་ཁང་གི《འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས་སྐྱེ་ཁམས་ཤེས་དཔལ་ཡོང་བ་དང་འབྱུང་འཕྲོད་གོང་འཕེལ་ལ་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་བྱེད་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་ནན་ཏན་བྱས་ཏེ། ཁོར་ཡུག་ཐོན་ཁུངས་ཀྱི་ཆེད་ལས་འདྲི་གཅོད་ལས་ཁུངས་དང་འདྲི་གཅོད་ཚོགས་པ་བཙུགས་ནས་རི་ཆུ་དང་། ནགས་ཚལ། ས་ཞིང་། མཚོ་མཚེའུ། རྩྭ་ཐང་སོགས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་ཁག་202ལ་འདྲི་ཞིབ་མཐའ་འདོམས་བྱས་ཡོད། བདག་མེད་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞི་ཁག་193འདྲི་ཞིབ་མཐའ་འདོམས་བྱས་ནས། མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཡོད། གཏེར་ཁ་དང་། དབྱར་རྩྭ་དགུན་འབུ། ས་ཞིང་། རྩྭ་ར་སོགས་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་198ལ་འདྲི་ཞིབ་མཐའ་འདོམས་བྱས་པ་དེས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་བར་སྟོངས་ཁྱབ་སྟངས་དང་། ཐོན་ལས་ཀྱི་གྲུབ་ཆ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

    ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་རྨང་རྩ་གཉིས་བརྟན་ཐོག་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ཡོད། ཏང་འཛུགས་སྐྱོང་ཤུགས་ཆེ་དང་། མཁར་རྫོང་འཛུགས་པ། རྨང་རྩ་བརྟན་ཚུགས་བཅས་མཐའ་འཁྱོངས་བྱས་ཤིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་དུ་ཁྱོན་བསྡོམས་གཞི་རིམ་ཏང་རྩ་འཛུགས་145བཙུགས་པ་དང་། གཞི་རིམ་ཏང་དོན་ལས་བྱེད་པ་695གསབ་སྣོན་བྱས་པ། ཀྲི་པུའུ་ཡི་སློབ་སྦྱོང་དང་རྩ་འཛུགས་འཚོ་བའི་ལམ་ལུགས་ཁག་1014གཏན་འབེབས་དང་ཚཌ་ཚུད་དུ་བཏང་ཐོག ཀྲི་པུའུ་ཧྲུའུ་ཅིའི“མཉམ་ཞུ་མཉམ་དཔྱད་མཉམ་ཞིབ”ཀྱི་བྱེད་སྒོ་ཐེངས་514སྤེལ་ནས། “ཚོཌ་གསུམ་སློབ་གཅིག”གི་ལམ་ལུགས་དོན་འཁྱོལ་ནུས་ལྡན་བྱས་ཡོད། ཏང་གི་སྒྲིག་ཡིག་དང་། ཚད་གཞི། སྲོལ་ཡིག་བཅས་ལག་བསྟར་ནན་པོ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་པ། སྐོར་གཟིགས་དང་སྐོར་དཔྱོད་ཐོག་ནས་བཏོན་པའི་གནད་དོན་ལ་དམིགས་ཏེ་དག་ཐེར་གྱི་བྱེད་ཐབས་ཁག་713ཞིབ་འཇུག་གཏན་འབེབས་བྱས་ཐོག ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ཡོད། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་འགྲོར་བྱས་ནས། ཚན་རིག་དང་མཐུན་པའི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་གྱི“ཐབས་རྣམ་བཞི”སྤྱད་དེ། གནད་དོན་གྱི་ཁུངས་སྣེ་170བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་25གྱོད་ཁོངས་སུ་བཅུག་ནས་གྱོད་ཞིབ་བྱས་པ། མི་ཐེངས་25ལ་ཏང་གི་སྒྲིག་ཆད་དང་སྲིད་འཛིན་སྒྲིག་ཆད་བཅད་པ། མི་ཐེངས་19ལ་དྲན་སྐུལ་གླེང་མོལ་བྱས་པ། མི་ཐེངས་34ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ། མི་ཐེངས་61ལ་སྐོང་འདྲི་དྲན་འཛིན་བྱས་པ། གྲོང་ཁྱེར་དང་ས་གནས་བདུན་གྱི་ཁྲིམས་ཁང་གིས་ཁྲིམས་འཛིན་སྐོར་ཞིབ་དང་འདྲི་ཞིབ་ལས་སྒོར་ལྟ་ཞིབ་བྱེད་རྒྱུ་རྒྱུན་རྣམ་ཅན་དང་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བཅས་བྱུང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། ལྗོངས་ཏང་ཨུད་དང་ཆེས་མཐོའི་ཁྲིམས་ཁང་གི་བླང་བྱ་ཁག་དོན་འཁྱོལ་དང་ཟིལ་ཤུགས་མངོན་ཐུབ་པ་བྱུང་ཡོད། མི་སྣ་གཞི་རིམ་ཕྱོགས་སུ་བསྐྱོད་པ་དང་། མ་དངུལ་གཞི་རིམ་དུ་གཏོང་བ། ནུས་ཤུགས་གཞི་རིམ་དུ་འདོན་པ་བཅས་མཐའ་འཁྱོངས་བྱས་ཏེ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་ཁག་86ལེགས་འགྲུབ་བྱུང་བར་མ་འཇོག་སྒོར་དུང་ཕྱུར་6.59བྱས་ཡོད་པའི་ནང་འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་གིས་ཁག་སོ་སོར་93%དང་83.6%བཟུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་ཤང་དང་གྲོང་རྡལ་མི་དམངས་ཁྲིམས་རའི་རྣམ་གྲངས་ཁག་116ཕྱོགས་ཡོངས་ནས་ལས་འགོ་བཙུགས་པར་མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར་3.98བཏང་ཡོད། རྒྱལ་ཡོངས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་མཐུན་སྦྱོར་ངང་སྐོང་འཚོག་བྱས་ཏེ་བོད་སྐྱོར་མ་དངུལ་སྒོར་ཁྲི་8046.02དོན་འཁྱོལ་བྱས་ཤིང་། “ཟུང་འབྲེལ་དྲུག”གི་བོད་སྐྱོར་ལས་ཀའི་ལམ་སྲོལ་གསར་པ་ཞིག་ཆགས་པ་དང་། གཞི་རིམ་ཁྲིམས་ཁང་གི་འགན་འཁྲི་སྒྲུབ་ནུས་དང་ལས་ཀའི་ཆ་རྐྱེན་མངོན་གསལ་དོད་པོས་ཡག་ཏུ་སོང་ཡོད། རིགས་འདྲ་མིན་གྱི་སྦྱོང་བརྡར་འཛིན་གྲྭ་ཐེངས་2056བཙུགས་པ་དང་ལས་བྱེད་ཉེན་རྟོག་པ་མི་ཐེངས་23808ལ་སྦྱོང་བརྡར་སྤྲས་པ། རིགས་གཅིག་མཁས་དབང་མི་གྲངས་244བོད་དུ་སློབ་ཁྲིད་ལ་གདན་ཞུ་བྱས་པ། ཕན་ཚུན་ལས་བྱ་མངག་གཏོང་དང་གནས་སྦྱར་སྤེལ་རེས་མི་ཐེངས་364བཅས་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྱོན་བསྡོམས་མཉམ་སྡེབ་264དང་མི་སྒེར་379ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་ཡོད། སློབ་ཆེན་དང་མཉམ་དུ་དངོས་སྦྱོང་རྟེན་གཞི་བཙུགས་ཏེ་ཁྲིམས་ལུགས་རིག་པའི་ཆེད་ལས་དངོས་སྦྱོང་སློབ་མ་མི་གྲངས་967དང་ལེན་བྱས་ནས་ཁྲིམས་ལུགས་རིག་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འདྲི་གཅོད་ལས་སྒོའི་ལག་ལེན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།

    ལྔ། “དམིཌ་ཚད་གཅིག་ལ”ལྡིར་བ་དང་འགན་འཁྲི་ནན་པོ་འཁུར་བས་ཁྲིམས་འཛིན་སྤྱི་མོས་ཡོང་ཤུགས་སྔར་བས་ཆེ་རུ་སོང་བ།

    རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱེད་རྒྱུ་དེ་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ནུས་ཐོན་བྱ་ཐབས་སུ་བརྩིས་ཐོག རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་ཞུ་ཐེངས་616ཕུལ་བ་དང་བརྟག་ཞིབ་ཐེངས་30ལྷག་ཙམ་བྱེད་རྒྱུར་གཞོགས་འདེགས་བྱས་ཡོད། གཞན་ཡང་འཐུས་མི་དང་ཨུ་ཡོན་གྱི་ལྟ་སྐུལ་འབྲེལ་གཏུག་པའི“ལམ་སྲོལ་ཁག་ལྔ”བཙུགས་པ་དང་ཚགས་ཚུད་དུ་བཏང་ནས་མི་ཐེངས་5666ཁྲིམས་ཁང་གི་ལས་དོན་ལ་རྟོག་ཞིབ་ལྟ་སྐུལ་བྱེད་པར་གདན་ཞུ་བྱས་པ་དང་། བསམ་འཆར་དང་གྲོས་འཆར་ཁག་286བསྒྲུབས་འབུལ་ཞུས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱི་གཏུག་བཤེར་ལྟ་སྐུལ་ཁྲིམས་ལྟར་དང་ལེན་ཞུས་ཏེ་འགོག་གཏུག་གྱོད་གཞི་ཁག་29མཐའ་འདོམས་བྱས་པ་དང་། གྱོད་གཞི་ཁག་13བསྐྱར་ཞིབ་བྱེད་རྒྱུར་ཕྱིར་སློག་བྱས་པའམ་ཁྲིམས་བཅད་འགྱུར་ལྡོག་བཏང་སྟེ་ཐུན་མོང་ཐོག་ཁྲིམས་འཛིན་དྲང་གཞག་ཡོང་རྒྱུར་སྲུང་སྐྱོབ་བྱས་ཡོད། མི་རིགས་ཁག་གི་མང་ཚོགས་ལ་སྣ་མང་ཁྲིམས་འཛིན་གྱི་དགོས་མཁོ་སྐོང་གང་ཐུབ་བྱེད་རྒྱུར་དམིགས་ཏེ། གྱོད་གཞིའི་རིགས་ཁག་དབྱེ་འབྱེད་བྱས་ཤིང་། ཁྱོན་བསྡོམས་འདྲི་གཅོད་ལག་བསྟར་གྱི་བརྒྱུད་རིམ་ལྷུ་ཚིགས་ཁག་148ཞིབ་ཚགས་སུ་བཏང་བས། ལྟ་སྐུལ་གྱི་སྐབས་བབ་རང་བཞིན་དང་ཕན་འབྲས་རང་བཞིན་ཤུགས་ཆེར་སོང་ཡོད། ལག་བསྟར་གྱོད་དངུལ་སྒོར་ཁྲི་6269.48གཙང་བཤེར་གྱིས་གཏོང་སྤྲོད་བྱས་པ་དང་། “གྱོད་གཞི་རེར་རྩིས་ཐོ་རེ”གང་མགྱོགས་བཟོས་ནས། ལག་བསྟར་གྱོད་དངུལ་དོ་དམ་བྱེད་ཐབས་སྔར་བས་ཚད་ལྡན་བཟོས་ཡོད། འདྲི་རིམ་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འདྲི་རིམ་གཉིས་པའི་གྱོད་གཞི་ཁག་4815འདྲི་ཞིབ་མཐའ་འདོམས་བྱས་པ་དང་། གྱོད་གཞི་ཁག་322བསྐྱར་ཞིབ་བྱེད་རྒྱུར་ཕྱིར་སློག་བྱས་པ། གྱོད་གཞི་ཁག་893བསྐྱར་གཏུག་བསྐྱར་ཞིབ་ཡོང་རེ་ཞུས་པ། གྱོད་གཞི་ཁག་78ལ་བསྐྱར་ཞིབ་བྱེད་རྒྱུའི་བཀའ་བཏང་བ། གྱོད་གཞི་ཁག་19བསྐྱར་ཞིབ་བྱེད་རྒྱུར་གཏན་འཁེལ་བཅས་བྱས་ཡོད། གྱོད་གཞིའི་སྤུས་ཚད་ལ་བསྡུར་བཤེར་བྱེད་ཐབས་དང་ཚད་གཞི་བཟོས་ཏེ་གྱོད་གཞི་རིགས་མི་འདྲ་བ་ཁག་25530ལ་བསྡུར་བཤེར་བྱས་ཡོད། མི་དམངས་འདྲི་རོགས་པ་ལྡབ་འཕར་འཆར་གཞི་དོན་འཁྱོལ་བྱས་ཏེ་མི་དམངས་འདྲི་རོགས་པ་མི་གྲངས་3670བསྐོ་སྒྲིག་བྱས་པ། མི་ཐེངས་2644ལ་སྦྱོང་བརྡར་སྤྲས་པ། གྱོད་གཞི་ཁག་5366འདྲི་ཞིབ་བྱེད་པའི་ནང་ཞུགས་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་དྲང་གཞག་བདེན་སྐྱོང་བྱུང་བ་མིག་མཐོང་ལག་ཟིན་ཐུབ་པ་བྱས་ཡོད།

    འཐུས་མི་རྣམ་པ། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་འགག་སྒྲོལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ཆེས་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་ལྡན། ཆེས་མཐོའི་ཁྲིམས་ཁང་གི་ཡང་དག་པའི་མཛུབ་ཁྲིད་གནང་བ་བཅས་དང་། སྲིད་གཞུང་དང་། སྲིད་གྲོས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱབ་སྐྱོར་གནང་བ་བཅས་ལས་བྱུང་བ་ཞིག་ཡིན། འདིར་ངས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པའི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

    འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱི་མིག་བལྟ་སྐབས་དུས་བབ་གསར་པའི་འོག་གི་བོད་ལྗོངས་ཁྲིམས་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གིས་ཁྲིམས་ཁང་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་ཐུབ་པ་བྱེད་དགོས་པ་དང་། ངེས་པར་དུ་བོད་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བར་ངོས་འཛིན་གཏིང་ཟབ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་གནས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་སྟངས་འཛིན་ཏན་ཏིག་བྱས་ཐོག གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་ཏེ་ཇུས་འགོད་དང་ལས་དོན་སྤེལ་ནས། ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཐོག་གཅིག་བསྡུས་ཐུབ་པ་བྱེད་དགོས་པ། ངེས་པར་དུ་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་ཚན་རྩལ་ཆ་འཕྲིན་གྱིས་འདེགས་སྐྱོར་བྱས་ཏེ་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་གི་ཕུགས་ཕན་གོང་འཕེལ་ཡོང་བར་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་རང་བཞིན་གྱི་འགོག་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོས་ནས་ཁྲིམས་འཛིན་འདྲི་གཅོད་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཕྱོགས་སུ་འགྱུར་བ་བྱས་ཐོག བོད་ཀྱི་འདྲི་གཅོད་མ་ལག་དང་ནུས་པ་དེང་རབས་ཅན་གྱི་ཕྱོགས་སུ་འགྱུར་གང་ཐུབ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་གི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་དགོས་པ། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས་ཤིང་། ཆབ་སྲིད་ཀྱིས་ཉེན་རྟོག་ལེགས་སྐྱོང་བྱེད་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་། ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས་པ་བྱེད་རྒྱུ་ཚད་གཞིར་འཛིན་པ། དངོས་གཞི་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་དཔུང་ཁག་ཅིག་གཏོད་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་བྱས་ཐོག སྔར་བས་ཏང་ནན་པོས་སྐྱོང་བ་དང་། ཁྲིམས་ཁང་ནན་པོས་སྐྱོང་བ། ཉེན་རྟོག་ནན་པོས་སྐྱོང་བ་བཅས་བྱས་ཏེ་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་ཁྲིམས་འཛིན་འདུ་ཤེས་རྒྱུན་འཁྱོངས་ཀྱིས་དུས་རབས་གསར་པས་ཁྲིམས་ཁང་ལས་དོན་ལ་བཏོན་པའི་བླང་བྱ་གསར་པའི་ཐོག་གཅིག་བསྡུས་ཡོང་བ་བྱེད་པ་དང་། ཁྲིམས་འཛིན་འདྲི་གཅོད་ཁྱབ་ཁོངས་ནང་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་གསར་པར་དུས་རྟག་ཏུ་དོ་ཁུར་བྱེད་པ་དང་རང་འགུལ་ངང་བརྡ་ལན་སློག་པ། ཁྲིམས་འཛིན་གྱི་ལྟ་བ་བརྗེ་སྒྱུར་དང་ལས་ཀའི་བྱེད་ཐབས་ལེགས་བཅོས་བྱས་ནས་ཁྲིམས་འཛིན་མཁོ་འདོན་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་འཛིན་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ནུས་ཕྱོད་ཆེ་རུ་བཏང་སྟེ་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མའི་ཁྲོད་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཡིན་པ་ཚོར་གང་ཐུབ་བྱེད་དགོས་པ་བཅས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་།

    གྲུབ་འབྲས་མཐོང་བ་དང་ཆབས་ཅིག་ཁྲིམས་ཁང་གི་ལས་དོན་ཐད་ད་དུང་མི་འདང་བའི་ཆ་མང་པོ་ཡོད་པའང་རིག་པ་དྭངས་གསལ་གྱིས་མཐོང་ཐུབ་པ་དགོས། དེ་ཡང་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་ཁྲིམས་འཛིན་གྱི་དགོས་མཁོ་དང་མི་དམངས་ཁྲིམས་ཁང་གི་ལས་དོན་གོང་འཕེལ་འགྲོ་རྒྱུ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བ་དང་། མང་ཚོགས་ཀྱི་ཁེ་དབང་འགན་ལེན་ཆ་ཚང་པོ་མ་བྱུང་བའི་དབར་གྱི་འགལ་བར་ངོས་འཛིན་གཏིང་ཟབ་པོ་མ་བྱུང་བ་དང་། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ཚང་སྒྲིག་བསྒྱུར་བཅོས་དང་ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུའི་ལམ་ལུགས་སྒྲིག་སྲོལ་ད་དུང་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ། རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་དང་། དེ་བཞིན་མི་དམངས་ཁྲིམས་ར་དང་འཁོར་ཐོག་སྐོར་སྐྱོད་ཁྲིམས་ར་ཚན་རྩལ་ཅན་དུ་བསྐྱར་གཏོད་བྱེད་རྒྱུ་སྔར་བཞིན་ཇེ་མགྱོགས་སུ་གཏོང་དགོས་པ། འགོ་ཁྲིད་ལས་བྱེད་པ་དང་ལས་བྱེད་ཉེན་རྟོག་པ་འགའ་ཞིག་གི་བསམ་བློའི་ལྟ་བ་སྔར་མུས་བཞིན་དེ་སྔའི་ངོས་འཛིན་ཐོག་གནས་ཤིང་། ཁྲིམས་འཛིན་ནུས་པའི་ཆུ་ཚད་མཐོ་པོ་མེད་པ་དང་། མང་ཚོགས་ཀྱི་ལས་ཀ་སྒྲུབ་རྒྱུ་དང་བསྒྱུར་བཅོས་གསར་གཏོད་ལ་སྐུལ་སྤེལ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ། དོན་འཁྱོལ་དམ་འཛིན་བྱེད་རྒྱུ་བཅས་ཀྱི་ནུས་པ་ཆེན་པོ་མེད་པའི་ཐོག དུས་རབས་གསར་པའི“འཇོན་ཐང་བརྒྱད”ཆེ་རུ་གཏོང་བའི་བླང་བྱ་དང་ད་དུང་ཧེ་བག་ཡོད་པ། ལས་བྱེད་ཉེན་རྟོག་རེ་ཟུང་གིས་རང་གཅུན་ནན་པོ་མི་བྱེད་པ་དང་སྤྱོད་ཚུལ་ལེགས་པོ་མེད་པའི་ཁར། ཐ་ན་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ཐོན་བཞིན་ཡོད་པས། གནད་དོན་དེ་དག་ངེས་པར་དུ་ཁ་ཙམ་མིན་པའི་ཐག་གཅོད་བྱེད་དགོས་ཀྱི་ཡོད།

    སླད་ཕྱིན་ལོ་ལྔའི་ལས་ཀའི་གྲོས་འཆར།

    འཐུས་མི་རྣམ་པ། ཏང་གི་ཚོགས་ཆེན་བཅུ་དགུ་པས་རླབས་ཆེན་གྱི་འཐབ་རྩོད་བྱེད་རྒྱུ་དང་། རླབས་ཆེན་གྱི་ལས་གཞི་སྐྲུན་རྒྱུ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་སྤེལ་གཏོང་རྒྱུ། རླབས་ཆེན་གྱི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་རྒྱུ་བཅས་ཀྱི་ལམ་བུ་གསར་པ་བཏོད་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས་པའི་སྐུལ་སློང་བཀའ་རྒྱ་བཏང་ཡོད། དུས་རབས་གསར་པར་གཞི་ཚུགས་པ་དང་དམིགས་ཚད་གསར་པར་དམིགས་ཏེ་བླང་བྱ་གསར་པ་དོན་འཁྱོལ་བྱེད་པར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་ཐོག་སྐུལ་སྤེལ་བཏང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་ཁར། འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླར་དམིགས་ཏེ་ལྷག་བསམ་རྣམ་དག་བྱེད་རྒྱུ་བླ་སྲོག་ཏུ་འཛིན་པ་དང་། བརྟན་ལྷིང་སྔོན་འགྲོར་འཛིན་པ། གོང་འཕེལ་གཙོ་བོར་བྱེད་པ། དམངས་འཚོ་རྩ་བར་འཛིན་པ། མཐུན་སྒྲིལ་རྩ་བར་འཛིན་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་བདེ་འཁོད་ལས་བརྩོན་ཡོང་རྒྱུ་འགན་ལེན་བྱེད་པ་བཅས་ཀྱི་བླ་ན་མེད་པའི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུ་བཅས་ཀྱི་ཆེད་དུ་ཁྲིམས་འཛིན་གྱི་འགན་ལེན་ཤུགས་ཆེ་བྱེད་དགོས།

    གཅིག་ནི་བློ་བརྟན་འགྱུར་མེད་ཀྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་སྲོག་ཤིང་ལ་སྲུང་སྐྱོང་དང་གུས་བཀུར་བྱས་ཏེ་བསམ་པ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཐུབ་མཁན་བཅས་ཀྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུར་ཤུགས་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཐོག གོ་བ་ལོན་པ་དང་། ཁོང་དུ་ཆུད་པ་། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་གཏོང་དགོས་པ་དང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་“གདེང་ཚོད་བཞི”ཆེ་རུ་བཏང་ཁར། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་པ་དང་། སྲོག་ཤིང་ལ་སྲུང་སྐྱོབ་དང་། བསམ་པ་རྣམ་དག ཏང་གི་བཀའ་ལ་ཉན་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མཐོ་ཚད་ཐོག་ནས་རྩ་ཁྲིམས་བཟོ་བཅོས་རྒྱག་པའི་དུས་རབས་ཀྱི་ལྡོག་མེད་ཀྱི་དགོས་མཁོ་དང་། ལག་ལེན་གྱི་དགོས་མཁོ། ཁྲིམས་སྐྱོང་གི་དགོས་མཁོ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་རྩ་ཁྲིམས་ཀྱིས་ཏང་དང་མི་དམངས་ཚོས་བཏོད་པའི་རླབས་ཆེན་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་དུས་ཐོག་ཏུ་གཏན་འཁེལ་བྱས་ཏེ་རྩ་ཁྲིམས་ཀྱི་ཚད་ལྡན་དང་། སྣེ་ཁྲིད། སྐུལ་སྤེལ། འགན་ལེན་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་ཐུབ་རྒྱུའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་དགོས་པ་མ་ཟད། རང་རྟོགས་ངང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་། རྩ་ཁྲིམས་ལག་ལེན་བསྟར་རྒྱུར་འགན་ལེན་བཅས་བྱེད་དགོས་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཁྲིམས་འཛིན་སྒྲིག་གཞི་ཕྱོགས་བསྡུས་ལེ་ལག་ཚང་བའི་བསྒྱུར་བཅོས་དང་རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྒོ་དབྱེ་དང་། བབ་བསྟུན། གསལ་ཆ་ཆེ་བ། སྟབས་བདེ་བ་བཅས་ཀྱི་ཀུན་གསལ་ཁྲིམས་འཛིན་ལམ་སྲོལ་འཛུགས་རྒྱུར་ཤུགས་རྒྱག་དགོས་པ། ཏང་ནན་སྐྱོང་གི“འགན་འཁྲི་གཉིས”ཕྱོགས་ཡོངས་ནས་ལག་བསྟར་ནན་པོ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དང་། ལྗོངས་ཏང་ཨུད་དང་ཆེས་མཐོའི་ཁྲིམས་ཁང་གི་ལག་བསྟར་བྱ་ཐབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ཐོག ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི“སྤྱོད་ཚུལ་བཞི”དམིགས་བསལ་དུ་ཐག་གཅོད་གཏོང་དགོས་པ་དང་ཐར་པར་གཏན་ནས་མི་གཏོང་བའི་ཐོག་ནས་ཁྲིམས་འཛིན་རུལ་སུངས་ལ་ཆད་པ་གཅོད་དགོས་པ། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ“འཇོན་ཐང་བརྒྱད”ཤུགས་ཆེར་བཏང་ནས་བསམ་པ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཐུབ་པ་བཅས་ཀྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་རྒྱག་དགོས།

    གཉིས་ནི་བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུར་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་ལྷག་པར་དུ་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་ལ་སྲུང་སྐྱོང་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་གནས་བབ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱས་ནས་སིམ་འཛུལ་དང་། རྩ་སློག གཏོར་བཤིག་གཏོང་བ་དང་། གཏུམ་སྤྱོད་འཇིགས་སྐུལ། མི་རིགས་ཁ་ཕྲལ། ཆོས་ལུགས་མཐར་འཛིན་བཅས་ཀྱི་བྱེད་སྤྱོད་རིགས་ལ་དོགས་ཟོན་ནན་པོ་དང་དེར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཐོག བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། བོད་ཀྱི་དམིགས་བསལ་འགལ་བར་དམ་པོར་དམིགས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དང་འགན་འཁྲི་ཨང་དང་པོར་བརྩིས་ཐོག ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་དང་འཐབ་རྩོད་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་གཅིག་ནས་མི་སེམས་གཅིག་སྒྲིལ་དང་ཕྱོགས་གཞན་ཞིག་ནས་ཁྲིམས་བཞིན་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་རྒྱུ་དང་། ལས་བྱེད་ཉེན་རྟོག་པ་ཡོངས་དང་མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགུལ་ཕྱོགས་གསར་པ་དང་། ཁྱད་ཆོས་གསར་པ། གནས་ཚུལ་གསར་པ་བཅས་ལ་ཞིབ་འཇུག་དང་བརྡར་ཤ་ཡག་པོ་བཅད་དེ་དགྲ་བོའི་འགུལ་ཕྱོགས་ཤེས་རྟོགས་དང་སྔོན་ལ་ཉེན་ཟོན་སྔོན་བརྡ་བཏང་ཐོག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་དབང་རང་ལག་ཏུ་དམ་པོར་བཟུང་ཐུབ་པ་བྱེད་དགོས་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས་འཆལ་རྒྱན་དུག་གསུམ་དང་། དེ་བཞིན་ནག་ཚོགས་དང་། མི་འཚོང་། ཁ་བསླུས་རྒྱག་པ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་རིགས་དང་ལྷག་དོན་དུ་ནག་སྤྱོད་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་དང་ཆད་པ་བཅད་དེ་ནག་སྤྱོད་ཕྱོགས་གཏོགས་མཆེད་རྒྱུ་མཐའ་གཅིག་ཏུ་གཏན་འགོག་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་ཤུགས་བཅས་ཆེ་རུ་གཏོང་དགོས་པ། “སུས་ཁྲིམས་སྒྱུར་བྱས་ན། དེས་ཁྲིམས་ཁྱབ་གདལ་གཏོང་དགོས་པའི”བླང་བྱ་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི“བདུན་སྤེལ”བྱེད་སྒོ་ཤུགས་ཆེ་སྤེལ་ཐོག འདྲི་གཅོད་ལག་བསྟར་བྱེད་པའི་ལས་དོན་གྱི་ཆད་གཅོད་དང་། སློབ་གསོ། སྔོན་འགོག ཚད་ལྡན་བཟོ་རྒྱུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་ལ་བརྩི་འཇོག་དང་། སློབ་སྦྱོང་། སྲུང་བརྩི། བེད་སྤྱོད་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་ནས་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྲུན་བྱེད་ཕྱིར་ཕན་སྐུལ་གཏོང་དགོས་པ། ལས་ཐོག་ཉེས་གསོག་དང་ལྐོག་རྔན་སྤྲོད་ལེན་གྱི་ཉེས་གསོག་པར་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས་པ། ཁྲིམས་འཛིན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་དམ་པོར་བཟུང་ཐོག མར་ཁེ་སི་རིང་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་འདྲི་གཅོད་བྱེད་ཁོངས་ནང་འཐབ་ས་གཙོ་བོ་འཛིན་ཐུབ་པ་བྱེད་དགོས།

    གསུམ་ནི་བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་སྟེ་སྤུས་ཚད་ལེགས་པའི་གོང་འཕེལ་གཏོང་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུར་ཤུགས་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འགྱུར་ལྡོག་བྱུང་བ་དམ་འཛིན་བྱེད་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ལེགས་བརྩོན། ཆད་སྐྱོན་སེལ་བ་བཅས་ཀྱི་ལས་ཀའི་སྤྱིའི་བསམ་གཞི་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྱབ་ཁོངས་ནང་གི་གྱོད་གཞིའི་རིགས་ལ་ཁྲིམས་བཞིན་འདྲི་ཞིབ་བྱས་ཐོག ཚན་རིག་དང་མཐུན་པའི་སྒོ་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་ཐོག་སྐུལ་སྤེལ་གཏོང་བ། “གོང་འཕེལ་གྱི་འཐབ་ཇུས་ཆེན་པོ་བདུན”ལག་བསྟར་མཐའ་གཅིག་ཏུ་བྱེད་པ། མཁོ་འདོན་ཕྱོགས་ཀྱི་མ་ལག་གི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་ཕྱིར་སྔོན་དཔག་རང་བཞིན་དང་། རང་འགུལ་རང་བཞིན། དངོས་ཕན་རང་བཞིན་བཅས་ལྡན་པའི་ཁྲིམས་འཛིན་གྱི་ཞབས་ཞུ་སྒྲུབ་པ་དང་འགན་ལེན་བྱེད་དགོས་པ་དང་། ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་འཁོར་རྒྱུག་དང་། དེ་བཞིན་ཐོན་སྐྱེད་ཀྱི་རྟེན་གཞི། ཐོན་ལས་ཁུལ་བསྐྲུན་པ་བཅས་ཀྱི་ཁྱབ་ཁོངས་ནང་གི་རྩོད་གཞིའི་རིགས་སེལ་གང་ཐུབ་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་བའི་འཐབ་ཇུས་ལག་བསྟར་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་འགྲོ་བའི་འགན་སྲུང་བྱེད་དགོས་པ། དཔལ་འབྱོར་སྤེལ་རེས་དང་མཉམ་ལས་བྱེད་ཁོངས་ཀྱི་གྱོད་གཞིའི་རིགས་ལ་འདྲི་གཅོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བསྒྱུར་བཅོས་སྒོ་དབྱེ་དང་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བའི་འགན་སྲུང་བྱེད་དགོས་པ། ཚབས་ཆེའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པའི་འགག་སྒྲོལ་དམག་འཐབ་རྒྱག་རྒྱུར་དམིགས་ཏེ་དངུལ་རྩའི་འདྲི་གཅོད་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག དངུལ་རྩའི་བདེ་འཇགས་འགན་སྲུང་བྱེད་དགོས་པ། ཤེས་བྱའི་བདག་དབང་གི་འདྲི་གཅོད་བྱེད་སྟངས་ལ་བསྒྱུར་བཅོས་དང་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཐོག གསར་གཏོད་གོང་འཕེལ་ཡོང་བའི་འགན་སྲུང་བྱེད་དགོས།

    བཞི་ནི་བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་འགན་སྲུང་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་བསྐོང་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུར་ཤུགས་རྒྱག་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་དང་། བཟའ་བཅའ་སྨན་རིགས། སློབ་གསོ་དང་ལས་ཞུགས། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་ནང་གི་གྱོད་གཞིའི་རིགས་ལ་འདྲི་ཞིབ་འཚམ་པོ་བྱེད་པ་དང་། ཁྱིམ་དོན་འདྲི་གཅོད་བྱེད་སྟངས་ལ་བསྒྱུར་བཅོས་གཏིང་ཟབ་བྱེད་པ། ཞིང་པ་ལས་མི་དང་། མ་བུ་དང་རྒན་འཁོགས། དབང་སྐྱོན་སོགས་ཉམས་ཐག་རིགས་གྲས་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་གཉེར་སྒྲུབ་དང་ཁྲིམས་འཛིན་ཐོག་ནས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཆུང་དུས་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་གསོ་མཁན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོར་མཁན་ཡོད་པ་བཅས་ལ་འགན་སྲུང་བྱེད་ཕྱིར་ཁྲིམས་འཛིན་གྱི་འགན་ལེན་གང་ཐུབ་བྱེད་དགོས་པ་དང་། “ལག་བསྟར་དཀའ་གནད་གཞི་རྩའི་ཆར་ཐག་གཅོད་ཐུབ་པའི”འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དང་། ཁ་དན་རྒྱབ་སྐྱུར་བྱེད་མཁན་གྱི་ལག་བསྟར་བྱ་ཡུལ་ལ་ཡིད་རྟོན་གྱི་ཆད་པ་གཅོད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་དྲ་ཐོག་ཁྲིམས་འཛིན་གྱིས་ཧབ་འཚོང་སྐུལ་སྲོལ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས་ལ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མཐའ་འདོམས་བྱེད་ཚད་དང་གནད་ལ་འཁེལ་ཚད་མཐོ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་དང་མངོན་གྱུར་ཡག་པོ་ཡོང་བ་བྱེད་དགོས་པ། ཁྲིམས་འཛིན་མཁོ་འདོན་ཕྱོགས་ཀྱི་འགལ་ཟླའི་ཕྱོགས་གཙོ་བོར་དམིགས་ཏེ“གནས་རྒྱུད་ངོས”གསུམ་ཕན་ཚུན་ཟུང་འབྲེལ་བྱེད་པར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ་དང་། ཁྲིམས་འཛིན་ཞབས་ཞུ་ཡོངས་ཁྱབ་ཀྱི་དྲ་རྒྱ་དེ“ཕྱོགས་བཞི་གཞི་གཅིག”གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་བྱེད་སྲོལ་དང་སྦྲེལ་མཐུད་ཡག་པོ་བྱས་ནས་ཁྲིམས་འཛིན་དམངས་ཆེད་ཀྱི“མཐའ་མའི་འགག་གནད”སྒྲོལ་ཐུབ་པ་བྱེད་དགོས་པ། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་བྱེད་ཁོངས་ཀྱི་གྱོད་གཞིའི་རིགས་ལ་ཁྲིམས་བཞིན་འདྲི་ཞིབ་བྱེད་པ་དང་། ལྷག་པར་དུ་རུལ་སུངས་ཉེས་གསོག་པར་ཆད་པ་ནན་པོ་གཅོད་པ་དང་། དམིགས་འཛུགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་འཕིགས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རོགས་འདེགས་བྱེད་དགོས།

    ལྔ་ནི་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུར་ཤུགས་རྒྱག་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་བཞིན་མི་རིགས་ཀྱི་ལས་དོན་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དང་། གནད་དོན་གང་ཡིན་པ་དེ་ལྟར་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག མི་རིགས་དང་ཆོས་ལུགས་ཁ་འཁྱེར་གྱིས་གནག་སེམས་བཅངས་ཏེ་མི་རིགས་ཀྱི་གནད་དོན་ཐད་ཚོར་སྐྱེན་ཆེ་བའི་གྱོད་གཞིའི་དོན་རྐྱེན་བཟོ་བ་དང་། མ་རུངས་ཁོག་བཅངས་ཀྱིས་མི་རིགས་ཀྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ངན་སྐུལ་དང་རྙོག་དྲ་སློང་བ་བཅས་ཀྱི་མི་སྣ་ཆེས་ཉུང་ཤས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་བྱས་ཏེ་ཁྲིམས་མཐུན་ལ་སྲུང་སྐྱོབ་དང་། ཁྲིམས་དང་མི་མཐུན་པའི་རིགས་བཀག་འགོག མཐར་འཛིན་རིགས་རྩ་འགོག སིམ་འཛུལ་རིགས་བཀག་སྡོམ། ཉེས་གསོག་པར་རྡུང་རྡེག་གཏོང་བ་བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ཐོག ཆོས་ལུགས་བེད་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རིགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་རྒྱུ་གཞི་རྟེན་དུ་བྱས་ཏེ“ལྟ་བ་ལྔ”དང་“སྨྲ་བ་གཉིས”ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་གུང་ཁྲན་ཏང་ཡོན་ཡིན་ཕྱིན་ཆོས་ལ་དད་པ་བྱེད་མི་ཆོག་པའི་བླང་བྱ་ལག་བསྟར་ནན་པོ་བྱེད་རྒྱུ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”དང་“ཕྱོགས་བཞི་མཚམས་བརྒྱད”ཀྱི་བསམ་བློ་སེམས་ལ་བརྟན་པོར་ཟུག་པ་བྱེད་རྒྱུ། མི་རིགས་ཁག་གི་ལས་བྱེད་ཉེན་རྟོག་པའི་དབར་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་ཉམས་ལེན། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱས་ནས་སེ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་གཏོད་དང་ལམ་བཤངས་གསར་གཏོད་ཀྱི་སྟོབས་ཆེའི་སྒུལ་ཤུགས་ཤིག་ཆཌ་པ་བྱེད་དགོས།

    དྲུག་ནི་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུར་ཤུགས་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་ལྟ་བ་དང་འབྱུང་འཕྲོད་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་ནང་གདོང་ལེན་པ་བྱེད་པའི་འདུ་ཤེས་ཤུགས་ཆེར་གཏོང་རྒྱུ་དང་། སྔོན་དུ་གྲོན་ཆུང་དང་། སྔོན་དུ་སྲུང་སྐྱོང་། རང་བྱུང་སླར་གསོ་བཅས་བྱེད་པའི་གཙོ་བོའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཁོངས་ཀྱི་འགལ་ཟླ་རྩོད་གཞིའི་རིགས་ཁྲིམས་བཞིན་ཐག་གཅོད་བྱེད་དགོས་ལ། གང་བྱུང་སྔོག་འདོན་དང་བཤངས་འབུད་བྱེད་པ་སོགས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་རིགས་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་ཐོན་ཁུངས་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་གནས་གཅིག་འགན་གཉིས་ཀྱི་གནོན་ཤུགས་ཆེ་རུ་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ཞབས་ཞུ་གང་ཐུབ་སྒྲུབ་དགོས་པ། ཁོར་ཡུག་ཐོན་ཁུངས་ཐད་ཀྱི་གྱོད་གཞི་འདྲི་གཅོད་བྱེད་པའི་ལས་དོན་ལ་སྔར་བས་བསྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱས་ཏེ་ཆེད་ལས་འདྲི་གཅོད་ཚོགས་པ་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཕྱོགས་ཡོངས་ནས་ཁོར་ཡུག་ཐོན་ཁུངས་འདྲི་གཅོད་བྱེད་རྒྱུ་དང་འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུར་འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ཞིབ་དཔྱོད་ལས་ཁུངས་དང་སྤྱི་ཕན་རྩ་འཛུགས་ཀྱིས་གཏུག་བཤེར་བྱས་པའི་སྤྱི་ཕན་གྱོད་གཞིའི་རིགས་ལ་ཁྲིམས་བཞིན་འདྲི་ཞིབ་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཆེར་གཏོང་། སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཆེད་དུ་ནུས་པ་ལྡན་པའི་ཁྲིམས་འཛིན་གྱི་འདེགས་སྐྱོར་བྱེད་དགོས་པ། དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་བྱས་ཏེ་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཉེན་བརྡ་གཏོང་བའི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།

    འཐུས་མི་རྣམ་པ། དུས་རབས་གསར་པས་ང་ཚོར་འགན་འཁྲི་གསར་པ་སྤྲད་པ་དང་། དགོངས་པ་གསར་པས་ང་ཚོ་རྒྱལ་ཁའི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་དང་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་སེམས་ཤུགས་མཐའ་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་ཁྲིམས་བཞིན་འགན་འཁྲི་སྒྲུབ་པ་དང་འབད་འབུངས་ཡར་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་བརྩམ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།