དབུ་ཤོག>སྲིད་དོན།
  • བསྟན་ཁོས་སྣ་དཀར་རྩེ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-07

     ཟླ་2ཚེས་3དང་ཚེས་4ཉིན་ལ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་འབྲེལ་གཏུག་བྱ་ཡུལ་སྣ་དཀར་རྩེ་རྫོང་གྱི་འདབ་ལུང་སྡེ་ཁུལ་གྲོང་ལྷན་དང་། སྒོ་གླིང་གྲོང་ཚོ། བསམ་སྡིངས་དགོན་པ་བཅས་ལ་སྔ་རྗེས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ནས། ཆ་སྒྲིག་གཉེན་འཚོལ་དུད་ཚང་དང་། གྲོང་སྡོད་དགོན་སྡོད་ཀྱི་ལས་བྱེད་པ། གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ། དགོན་སྡེའི་དགེ་འདུན་པ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ཚོར་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཡང་ཞུས་པ་རེད།

    བསྟན་ཁོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲིན་ཚོར་གྱི་བསམ་པ་དང་དབུལ་སྒྲོལ་གྱི་དད་སེམས་བརྟན་པོ་བཅངས་ནས་ངོ་བོ་ཉིད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཏེ། ལག་གཉིས་དང་དཀའ་སྤྱད་ལས་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྔར་བས་ལེགས་པ་གཏོད་དགོས་པའི་ལྕག་སྐུལ་གནང་ཞིང་། ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་གིས་སློབ་གསོ་ཁྲིད་སྟོན་དང་མང་ཚོགས་ཀྱི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་དང་། རང་འགན་གཙང་སྒྲུབ། གཞི་རིམ་ལས་བྱེད་པའི་ཧུར་སེམས་སྐོང་འཐེན། གྲོང་སྡོད་ལས་དོན་རུ་མིར་དོ་དམ་དང་ཁོ་ཚོར་ཐུགས་ཁུར་བཅས་མཉམ་འབྲེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་ཐོན་པ་དང་། གྲུབ་འབྲས་ཐོབ་པ། ལམ་བུ་རྙེད་པ། ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

    བསྟན་ཁོས་བསམ་སྡིངས་དགོན་དོ་དམ་ཨུ་ལྷན་ལ་དོ་དམ་སློབ་གསོ་དང་ཞབས་ཞུའི་འགན་ནུས་ལེགས་པར་བཏོན་ནས་རང་འགན་གཙང་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། ཁོང་གིས་བསམ་སྡིངས་དགོན་གྱི་དགེ་འདུན་པས་སྤྲུལ་སྐུ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་འདྲ་བར་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་རང་ལྗོངས་ཀྱི་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་དང་ཆོས་ལུགས་འཆམ་མཐུན་ལ་དཔེ་སྟོན་གྱི་ནུས་པ་ཡག་པོ་འདོན་དགོས་པའི་ཐུགས་རེའང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།