ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།
བསྟན་ཁོ།
ཨུ་ཡོན་རྣམ་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་བཀའ་མངགས་ལྟར་ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་འདས་ཟིན་པའི་ལོ་ལྔའི་ལས་དོན་སྙན་སྒྲོན་ཞུ་རྒྱུ་དང་། སྐབས་བཅུ་གཅིག་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་གྲོས་འཆར་འདོན་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།
འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱིར་མིག་ལྟ་བ།
སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་ལོ་ལྔ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཚོགས་ཆེན་བཅུ་དགུ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པའི་ལོ་ལྔ་ཡིན་ལ། འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པའི་མཛུབ་ཁྲིད་འོག་སྲིད་གྲོས་ལས་དོན་ལ་གསར་གཏོད་གོང་འཕེལ་བྱུང་བའི་ལོ་ལྔ་ཡང་ཡིན། ལོ་ལྔའི་རིང་། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་དབུ་ཁྲིད། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་བཅས་ཀྱི་འོག སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔར་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་གི་ཁྱོན་ཡོངས་ཀྱི་དབུ་ཁྲིད་མཐའ་འཁྱོངས་བྱས་པ་དང་། སྔར་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཐེ་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ལ་རྒྱ་ཁྱབ་ཏུ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་དར་ཆ་དེ་རང་གི་དར་ཆར་བརྩི་བ་དང་། ཏང་གི་ཁ་ཕྱོགས་དེ་རང་གི་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་དེ་རང་གི་འདོད་བློར་བརྩི་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཞེད་དགོངས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དེ་སྲིད་གྲོས་ལས་དོན་གྱི་ཕྱོགས་གང་ས་དང་བརྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར་དོན་འཁྱོལ་བྱས་པར་བརྟེན། རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐུབ་པ་མ་ཟད། མཐུན་སྒྲིལ་དང་དམངས་གཙོའི་ཐུན་མོང་མ་ཡིན་པའི་རིན་ཐང་དང་ཁྱད་ལྡན་ལེགས་ཆ་རྣམས་མངོན་ཐུབ་ནས་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་དང་ལག་ལེན་ཁྲོད་གོང་འཕེལ་གསར་པ་དང་། འགག་སྒྲོལ་གསར་པ། རྣམ་པ་གསར་པ་བཅས་བྱུང་ཡོད།
ལོ་ལྔའི་རིང་། རྒྱུན་ལས་ཨུ་ལྷན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བསྲུངས་ཏེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུ་དེ་རྒྱུན་འཛིན་ཁྲོད་གོང་འཕེལ་དང་གོང་འཕེལ་ཁྲོད་གསར་གཏོད་ཡོང་བར་སྐུལ་སྤེལ་ཏན་ཏིག་བཏང་བས་ཁྱད་ཆོས་བཞི་མངོན་ཐུབ་ཡོད།
གཅིག་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བསྲུངས་ཏེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུའི་ལྟེ་བར་འཛིན་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས། དེ་བཞིན་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་ལྟེ་བའི་ནང་དོན་དང་གལ་ཆེའི་ལས་འགན་ལ་བརྩིས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་སྙིང་བཅུད་ལེན་པ་དང་འཇོན་ཐང་ཆེ་རུ་གཏོང་བའི་གལ་ཆེའི་ཐབས་ལམ་དང་། བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ཡག་པོ་སྒྲུབ་པའི་གོ་མཚོན་སྟོབས་ཆེན་ཞིག་ཏུ་བརྩི་བ་བཅས་བྱས་ནས་ཀྲུའུ་ཞིའི་ཚོགས་འདུ་དང་རྒྱུན་ཨུད་ཚོགས་འདུ་སོགས་དུས་ཐོག་ཏུ་སྐོང་འཚོག་བྱས་ཏེ་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་སྤེལ་དང་ལག་བསྟར་བྱས་པ་མ་ཟད། སྐབས་ཐོག་ཏུ་གྲོས་ཆོད་བཟོས་ནས། ཆབ་སྲིད་ཀྱི་རྣམ་འགྱུར་གསལ་པོའི་ཐོག་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཐེ་ཞུགས་ཚན་པ་ཁག ཨུ་ཡོན་ཚང་མ་བཅས་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་དགོས་པའི་འབོད་སྐུལ་བྱས་ཡོད། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་གི་གཙོ་འཛིན་དང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། བསམ་པ་རྣམ་དག སྲུང་སྐྱོབ་བཅས་བྱས་པ་དང་། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་དབུ་ཁྲིད་ལ་སྲུང་སྐྱོང་བྱས་པ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་འབྱེད་རྒྱུའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེ་ཚན། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བརྗིད་ཆེའི་དམིགས་འབེན་བཅས་ཀྱི་ཐོག་བསམ་བློ་དང་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་རིན་ཐང་དོན་གཉེར་བྱེད་རྒྱུ་གཅིག་སྡུད་བྱས་པ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་བ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ། དེ་བཞིན་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་བསམ་གཞི་གསར་པ་མཐའ་འཁྱོངས་བྱས་པ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་དང་། ཁྲིམས་བཞིན་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་ལག་བསྟར་བྱས་པ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་དང་དམངས་ཆེད་འགན་སྒྲུབ་ཀྱི་བསམ་གཞི་བཙུགས་པ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཡོད།
གཉིས་ནི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་མོལ་དམངས་གཙོའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་བསྒྲུབ་རྒྱུར་དམིགས་ཏེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་བང་རིམ་ཁ་གསལ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། དོན་གཉེར་གོ་ཆོད་བཅས་ཀྱི་སྲིད་གྲོས་ཀྱི་ལམ་ལུགས་མ་ལག་ཅིག་བཏོད་ཡོད། རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་གྲོས་ཀྱི་སྒྲིག་ཡིག་བཅས་ཀྱི་ངེས་གནས་ལ་གཞིགས་ཏེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་རྒྱུའི་གོ་དོན་ཟབ་མོ་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱི་མངོན་ཆེའི་ཁྱད་ཆོས་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ། སྲིད་གྲོས་ནི་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་ཚན་པ་ཡིན་པ་ལས་དབང་ཆའི་ལས་ཁུངས་སམ་ཡང་ན་ཇུས་ཐག་གཅོད་མཁན་གྱི་ཚན་པ་མིན་པ་དང་། གྲོས་མོལ་གྱི་གཞི་རྟེན་ཡིན་པ་ལས་གྲོས་མོལ་གྱི་གཙོ་རྐང་མིན་པ། སྲིད་གྲོས་ལས་དོན་ནི་ཆབ་སྲིད་ཀྱི་བག་ཆགས་འཇོག་ཤུགས་ལ་བརྟེན་དགོས་པ་ལས་བཙན་ཐབས་ཀྱི་གཅུན་སྡོམ་བྱེད་ཤུགས་ལ་བརྟེན་གྱི་མེད་པ་བཅས་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་བྱས་ནས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུ་དེ་འགན་འཁྲི་གཙང་སྒྲུབ་ཀྱི་ལས་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བཏོན་པའི《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་། 《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་བསམ་འཆར》སོགས་གལ་ཆེའི་ཡིག་ཆ་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བསམ་འཆར་སོགས་ཚང་སྒྲིག་ཡིག་ཆ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བསྒྱུར་བཅོས་ཀྱི་བསམ་གཞི་དང་། སྲིད་ཇུས་བྱེད་ཐབས། གལ་ཆེའི་ལམ་ལུགས་བཅས་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་བས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་དེ་སྲིད་གྲོས་ཁོངས་གཏོགས་སུ་དོན་འཁྱོལ་ཐུབ་ཡོད། ཕུགས་ཕན་དང་དངོས་ཕན་གོ་ཆོད་ཀྱི་རྩ་དོན་མངོན་ཆེར་བཟུང་སྟེ། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཞིབ་འཇུག་གི་ལས་ཀའི་བྱ་ཐབས》དང་《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་སྒྲུབ་ལས་ཀའི་སྒྲིག་སྲོལ(ཚོད་ལྟར་སྤྱོད་རྒྱུ)》སོགས་སྒྲིག་སྲོལ་ལམ་ལུགས་ཁག་40ལྷག་ཙམ་ཞིབ་འཇུག་བཟོ་འབེབས་དང་དག་བཅོས་ནན་ཏན་བྱས་ཤིང་། ཚོགས་འདུའི་ལམ་ལུགས་དང་། འགན་སྒྲུབ་ལམ་ལུགས། ལས་ཀའི་དོ་དམ་ལམ་ལུགས་བཅས་ལག་བསྟར་ནན་ཏན་བྱས་ཏེ་ཕྱོགས་མཐའ་ཀུན་དང་། བང་རིམ་མང་བ། མ་ལག་ཅན་བཅས་ཀྱི་ཐོག་ནས་སྲིད་གྲོས་ཀྱི་ལམ་ལུགས་འཛུགས་རྒྱུར་སྐུལ་སྤེལ་བཏང་ཡོད།
གསུམ་ནི་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་ཁྱད་ཆོས་མངོན་ཆེར་བཟུང་སྟེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོའི་འདུ་ཤེས་དང་ལག་ལེན་རང་རྟོགས་བྱེད་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་མངོན་ཆེའི་ཁྱད་ཆོས་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་བྱས་ཐོག སྲིད་གྲོས་ཀྱི་འཐུས་ཚབ་རང་བཞིན་ཆེ་བ་དང་། འབྲེལ་རྒྱ་ཆེ་བ། བསྟུན་མཁས་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བསྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཆེད་དུ་སེམས་ནུས་གཅིག་སྒྲིལ་གང་ཐུབ་བྱས་པས་དེང་རབས་སྲིད་གྲོས་ལ་ལྡན་དགོས་པའི་སྤྱོད་བཟང་དང་ཐུན་མོང་མ་ཡིན་པའི་རིན་ཐང་གང་ལེགས་མངོན་ཡོད། མཐུན་སྒྲིལ་དང་བརྟན་ལྷིང་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། སློབ་སྦྱོང་སྦྱོང་བརྡར་དང་། བཞུགས་མོལ་སྤེལ་རེས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ནང་ཞུགས་པ་སོགས་ལ་བརྟེན་ནས་རྒྱལ་གཅེས་རིང་ལུགས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བས། “མོས་སེམས་ལྔ”སྐྱེ་ཤུགས་ཆེ་རུ་སོང་བ་དང་། འགྲོ་ལམ་དང་། ཁ་ཕྱོགས། དམིགས་ཚད་བཅས་ཀྱི་ཐད་བསམ་འདུན་དང་གོམ་སྟབས་གཅིག་མཐུན་བྱུང་ཡོད། དམངས་སེམས་ཁོང་དུ་ཆུད་པ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་གནད་འགག་ཆེ་ཤོས་དེ་ཡིན་ཞིང་། ཨུ་ཡོན་གྱིས་རིགས་ཁོངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འཐབ་ས་རྒྱ་སྐྱེད་བཏང་སྟེ“གོང་ལ་གནས་ཚུལ་གསལ་ཞུ་དང་མང་ཚོགས་དང་འབྲེལ་འདྲིས”བྱེད་པའི་ཁྲོད་མང་ཚོགས་ལ་འབྲེལ་གཏུག་ཞབས་ཞུ་སྒྲུབ་པའི“མཐའ་མའི་འགག་གནད”ཤར་སྒྲོལ་ཐུབ་པ་བྱས་ཁར། ཏང་གི་མགྲིན་བཟང་དང་སྤྱི་ཚོགས་ཀྱི་རེ་འབོད་ཆེ་ཤོས་གཞི་རིམ་དུ་བརྒྱུད་སྤེལ་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་མང་ཚོགས་ཚོའི་སེམས་སུ་ཟུག་པར་བྱས་པས་མང་ཚོགས་རྣམས་ཀྱིས་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཐུབ་པ་བཅས་བྱུང་ཡོད། མི་རིགས་ཁག་དང་། ཆོས་ལུགས་ཁག རིམ་གྲས་ཁག ཚོགས་པ་ཁག དེ་བཞིན་ལས་རིགས་ཁག་གི་མི་སྣ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཁར། མི་རིགས་ཁག་དང་ལས་རིགས་ཁག ལྷག་པར་དུ་ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་། མི་རིགས་ཆོས་ཕྱོགས་ཀྱི་འཐུས་ཚབ་མི་སྣ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་དང་མཉམ་ལས་མཉམ་སྒྲུབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་ཐོག་རྟོག་ཞིབ་བརྟག་དཔྱད་བྱས་པ་དང་། མཉམ་སྡེབ་ཐོག་ནས་གྲོས་གཞི་འདོན་རྒྱུ་དང་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་རྒྱུ་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད། རང་ལྗོངས་ལ་འཕྲད་པའི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བར་ངོས་འཛིན་གསལ་པོ་བྱས་ཏེ། སློབ་གསོ་ཡག་པོ་རྒྱག་པ་དང་། དོགས་གནད་སེལ་བ། བློ་ཁ་འབྱེད་པ། མཐུན་སྒྲིལ་ཟབ་གཏོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་བསམ་སྤྱོད་གཅིག་མཐུན་གྱིས་མཐུན་ཆ་ཆེ་ཤོས་ཡོང་བ་བྱེད་རྒྱུ་དང་། སེམས་ནུས་གཅིག་མཐུན་གྱིས་ཀུན་སེམས་གཅིག་ཏུ་སྒྲིལ་བ། ཤེས་སྦྱོར་གཅིག་མཐུན་གྱིས་སེམས་མཐུན་གླུ་དབྱངས་ལེན་པ་བཅས་བྱས་ཡོད། དམངས་གཙོའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་དེ་མི་རིགས་ཁག་དང་ལས་རིགས་ཁག་གིས་གང་བསམ་ལྷུག་གླེང་བྱེད་རྒྱུ་དང་རང་གི་ལྟ་སྟངས་ཤོད་རྒྱུར་སྐུལ་མ་བཏང་ནས་ཐུན་མོང་གི་ངོས་འཛིན་དང་། བློ་རིག སྟོབས་ཤུགས་བཅས་གཅིག་ཏུ་སྒྲིལ་གང་ཐུབ་བྱས་ཡོད། ལོ་ལྟར་སྲིད་གྲོས་ཀྱི་མི་རིགས་ཁག་དང་རིགས་ཁོངས་ཁག་གི་དཔྱིད་གསར་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་དང་དབྱར་དུས་ཀྱི་མཛའ་འབྲེལ་ལྷན་ཚོགས་འཚོགས་ནས་ཏང་སྲིད་འགོ་ཁྲིད་དང་སྲིད་གྲོས་ལས་རིགས་ཁག་དབར་མཐུན་སྒྲིལ་མཛའ་འབྲེལ་དང་། དམངས་གཙོའི་གྲོས་མོལ། སྲིད་དོན་གླེང་བ་བཅས་བྱེད་རྒྱུར་སྐུལ་མ་བཏང་ཡོད། གཞན་ཡང་རྟག་ཏུ་འགོ་ཁྲིད་རྒན་གྲས་དང་། བློ་མཐུན་རྒན་གྲས། ལས་རིགས་ཁག་གི་མི་སྣ་བཅས་ལ་འཚམས་འདྲི་ཞུས་ཏེ་ཁ་བརྡ་གྲོས་མོལ་བྱེད་པ་དང་། བརྟག་ཞིབ་བློ་འདྲི་བྱེད་པ། མཉམ་དུ་ཇུས་བཟང་འདོན་པ་བཅས་བྱས་ཡོད།
བཞི་ནི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་སྲིད་གྲོས་རྩ་འཛུགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་རང་ངོས་འཛུགས་སྐྱོང་བྱེད་པའི་ནང་ཐོག་མཐའ་བར་གསུམ་དུ་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ཅིང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་པའི་རྨང་རྩ་གཉིས་བརྟན་གྱི་འགག་རྩ་དེ་དམ་པོར་བཟུང་ཐོག སློབ་སྦྱོང་ལ་སྣང་ཆེན་དང་། བྱང་ཚད་མཐོར་གཏོང་། ནུས་པ་མཐོར་འདེགས། སྤྱོད་ཚུལ་ལེགས་གཏོང་བཅས་བྱས་ནས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་པའི་འདེགས་སྐྱོར་བྱས་ཡོད། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི”སློབ་སྦྱོང་སློབ་གསོ། དེ་བཞིན“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་བཅས་ཏན་ཏིག་ངང་སྤེལ་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་སྟེ་སློབ་སྦྱོང་སློབ་གསོའི་ཁྲོད་ཐོབ་པའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཐོག སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ཆབ་སྲིད་ནང་གོ་རིམ་ལྡན་པའི་ངང་ཞུགས་པའི་ལས་སྟེགས་ལ་གཅེས་འཛིན་བྱེད་པ་དང་། སྲིད་གྲོས་ལས་དོན་གྱི་འགན་འཁྲི་དང་གཟི་བརྗིད་ལ་གཅེས་འཛིན་བྱས་ཏེ་སློབ་སྦྱོང་དང་སློབ་གསོར་བརྟེན་ནས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལས་ཀ་གསར་གཏོད་བཅས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་རིག་པ་དྭངས་གསལ་དང་རྒྱལ་གཅེས་བོད་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱས་པ་དང་། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི“སྲུང་བཅད་གཉིས་དང་། ཁུལ་བཞི། བགྲོད་ལམ་གཅིག མདུན་ཕྱོགས་གཅིག”བཅས་ཡིན་པའི་འཐབ་ཇུས་ཀྱི་ངེས་གནས་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་བྱས་ཡོད་ལ། གནས་ཚུལ་ཤེས་རྟོགས་དང་། སྲིད་དོན་གསལ་རྟོགས་དང་། གྲོས་མོལ་སྲིད་གླེང་། འབྲེལ་མཐུད་མཐུན་སྦྱོར་བཅས་བྱེད་པའི་ལམ་སྲོལ་བཙུགས་པས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤེལ་བྱེད་པ། གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་པ་བཅས་ཀྱི་ཁྲོད་སྲིད་གྲོས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་ཐུབ་ཡོད། སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། དེ་བཞིན་སྒྲིག་ཁྲིམས་སྲུང་ཐུབ་པ་དང་། སྒྲིག་ལམ་ལ་སྣང་ཆེན། སྤྱོད་ཚུལ་ལ་དོ་སྣང་བཅས་བྱེད་པའི་བླང་བྱ་གཞིར་བཟུང་སློབ་སྦྱོང་དང་། ཞབས་ཞུ། དོ་དམ་བཅས་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཤིང་། ལོ་ལྔའི་ནང་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཁྱོན་བསྡོམས་ཐེངས་ལྔ་གཉེར་བ་དང་དེའི་ནང་མི་ཐེངས་གྲངས་1300ལྷག་ཙམ་ཞུགས་ཡོད། དུས་རབས་གོང་འཕེལ་གྱི་བླང་བྱར་གཞིགས་ཏེ་ཨུ་ཡོན་གྱི་ཆབ་སྲིད་ཀྱི་གདེང་ཚོད་དང་། བརྟག་དཔྱད་ཞིབ་འཇུག མང་ཚོགས་དང་འབྲེལ་གཏུག མཉམ་ལས་མཉམ་སྒྲུབ་བཅས་བྱེད་པའི་ནུས་པ་ཆེ་རུ་བཏང་བ་དང་སྲིད་གྲོས་ལས་བྱེད་པའི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་བར་བརྟེན་ཨུ་ཡོན་གྱི་གཙོ་རྐང་ནུས་པ་དང་། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ། ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་ནུས་པ་བཅས་འདོན་སྤེལ་ཐུབ་ཡོད། 《ཚད་གཞི》དང《སྲོལ་ཡིག》གཉིས་ལག་བསྟར་མཐའ་གཅིག་ཏུ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དང་རྩིས་བཤེར་གྱི་ལན་སྤྲོད་བསམ་འཆར་ནང་གི་བཅོས་སྒྲིག་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ” དེ་བཞིན་ལག་བསྟར་ཞིབ་སྲོལ་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་ཡོང་བ་བྱས་ཏེ་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་ཞིག་བཏོད་ཡོད།
ལོ་ལྔའི་རིང་། རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་སོགས་ཀྱི་ལྟེ་བའི་ལས་འགན་ཐོག་གཅིག་བསྡུས་བྱས་ནས་འགན་འཁྲི་གཙང་སྒྲུབ་དང་ལག་ལེན་གསར་གཏོད་ཀྱིས་གཤམ་གསལ་གྱི་ལས་དོན་ཁག་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད།
(གཅིག) ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་བསྒྲུབས་ནས་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་སྒྲུབ་ཀྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ནས་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ། གོང་བུ་གཅིག་ཏུ་སྒྲིལ་རྒྱུ་བཅས་ཀྱི་འཐབ་ས་མདུན་མར་ལངས་ཏེ་བློ་སེམས་གཅིག་མཐུན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བསྐྲུན་ཡོད། དར་ཆ་བསྒྲེངས་ཕོད་པ་དང་། སྐད་སྒྲ་འདོན་ཕོད་པ། དཔའ་དམ་བཤམ་ཕོད་པ་བཅས་བྱས་པ། བོད་ཀྱི་དམིགས་བསལ་ལས་འགན་དང་ངེས་གནས་ལ་གཞིགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་སྲིད་གྲོས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་། རྒྱུན་ཨུད་ཚོགས་འདུ། ཀྲུའུ་ཞི་ཚོགས་འདུ་བཅས་ཀྱི་གལ་ཆེའི་གྲོས་དོན་ཁོངས་སུ་བཅུག་སྟེ་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། ལོ་ལྔའི་ནང་ཚོགས་འདུའི་གྲོས་ཆོད་ཁག་21དང་། འབོད་སྐུལ་ཡི་གེ་དང་ཨུ་ཡོན་ལ་ཡོངས་བསྒྲགས་སུ་ཕུལ་བའི་ཡི་གེ་ཁག་9གྲུབ་ནས་སྲིད་གྲོས་ཀྱི་སྐད་སྒྲ་འདོན་པ་དང་། ལངས་ཕྱོགས་དང་རྣམ་འགྱུར་གསལ་སྟོན་བྱེད་པ། དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ཡོད། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་གཙོ་ཆེའི་རྩ་དོན་གྱི་གནད་དོན་དེའི་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་མཐུན། ཁ་ཞེ་གཉིས་མེད། རྣམ་འགྱུར་གསལ་པོ། གོམ་སྟབས་གཅིག་མཐུན་བཅས་ཡོང་བ་བྱས་ཡོད། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གིས་སྙན་གྲགས་ཆེ་བའི་རྒྱལ་གཅེས་མི་སྣ་དང་ཆོས་ཕྱོགས་མི་སྣ་འབོར་ཆེན་ཞིག་གི་སྣེ་ཁྲིད་དེ་རང་འགུལ་ངང་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་ཞུས་ཤིང་། གཙོ་རྒྱུན་སྨྱན་སྦྱོར་ཐོག་མིང་བཀོད་དེ་རྩོམ་ཡིག་བྲིས་ནས་ཏཱ་ལའི་རུ་ཚོགས་ཀྱི་ཉེས་ཚབས་ཆེ་བའི་ཇུས་ངན་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་ཐུབ་སྟེ། རྒྱལ་ཕྱི་རྒྱལ་ནང་དུ་བག་ཆགས་ཟབ་མོ་འཇོག་ཐུབ་ཡོད། ཞིང་ཆེན་རིམ་པའི་སྲིད་གྲོས་ཀྱི་འཐུས་མི་ཚོགས་པ་ཁག་6སྒྲིག་འཛུགས་བྱས་ནས་ཁག་སོ་སོས་རྒྱ་གར་དང་། འཇར་མན། ཀེ་རི་སེ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་10ལྷག་ཙམ་ལ་འཚམས་འདྲིར་བསྐྱོད་དེ་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ལམ་ལུགས་ཀྱི་ཁྱད་ཡོན་དང་བོད་ལྗོངས་དར་རྒྱས་གོང་འཕེལ་བྱུང་བའི་གྲུབ་འབྲས་དྲིལ་བསྒྲགས་བྱས་པ། ཏཱ་ལའི་རུ་ཚོགས་ཀྱི་ཁུངས་མེད་རྫུན་གཏམ་ལ་སུན་འབྱིན་བྱས་པར་བརྟེན་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་ཁོངས་ཆུང་དུ་སོང་ཡོད། ལོ་ལྟར་སྲིད་གྲོས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་ཚོགས་འདུར་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་དཔོན་རིགས་ཟུར་ཉན་བྱེད་པར་གདན་འདྲེན་ཞུས་ནས་དམངས་གཙོ་ཆབ་སྲིད་ལམ་ལུགས་དྲིལ་བསྒྲགས་དང་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་གསལ་སྟོན་བྱེད་ཀྱི་ཡོད།
རང་འགུལ་ངང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཁུར་བ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ལོ་ལྟར་གལ་ཆེའི་དུས་ཚིགས་དང་། གལ་ཆེའི་འབྲེལ་ཚིགས། ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་བཅས་ཀྱི་རིང་། ཀྲུའུ་ཞི་གཞོན་པ་5ནས་8བར་གྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་གཙོ་གནད་ས་ཁུལ་དང་། གཙོ་གནད་དགོན་སྡེ། “མཐའ་གཉིས་རྒྱུད་གཅིག”བཅས་སུ་བཅའ་སྡོད་བྱས་ཐོག བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རིང་། ཀྲུའུ་ཞི་སྐུ་གཞོན་རྣམས་ཀྱིས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་བསམ་གཞིགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་བྱེད་ཁོངས་སུ་ཟབ་སྐྱོད་བྱས་པ་དང་། དེ་བཞིན་དགོན་སྡེ་དང་། གྲོང་གསེབ། མཐའ་སྲུང་རུ་ཁག་བཅས་སུ་བསྐྱོད་དེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐད་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པས་ཚོགས་ཆེན་བཅུ་དགུ་པའི་རིང་ལྗོངས་ཡོངས་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་ཕུལ་ཡོད། ལོ་ལྟར་ཀྲུའུ་ཞི་སྐུ་གཞོན་3ནས་5བར་གྱིས་ཆོས་ལུགས་ལས་རིགས་ཁག་གི་ཨུ་ཡོན་ལས་གྲུབ་པའི“སྒྲོག་འགྲེལ་ཚོགས་པའི”སྣེ་ཁྲིད་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུའི་གཤམ་སྤེལ་བྱེད་སྒོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བར་བརྟེན་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐད“ཕྱི་མི”མིན་པའི་བསམ་བློ་བཙུགས་ཏེ། ཁྲིམས་བཞིན་བོད་སྐྱོང་དང་། མཐའ་བརྟན་བོད་དར། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་སོགས་ཀྱི་དཔྱོད་དོན་དེ་ལོ་འཁོར་གྱི་གྲོས་མོལ་འཆར་གཞིའི་ནང་བཅུག་ནས་དེ་འགན་འཁྲི་སྒྲུབ་པའི་གལ་ཆེའི་ནང་གི་དོན་ཆེན་དུ་བརྩིས་ཡོད། ལོ་ལྔའི་རིང་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་རྒྱུ་དང་། བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་གྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཛུགས་རྒྱུ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ། མཐའ་མཚམས་བདེ་འཇགས་དང་བརྟན་སྲུང་དར་རྒྱས་ཡོང་བ་བྱེད་རྒྱུ། དུར་ཁྲོད་སྲུང་སྐྱོབ་དོ་དམ་བྱེད་རྒྱུ་སོགས་ཀྱི་དཔྱོད་དོན་ལ་དམིགས་ནས་རྟོག་ཞིབ་བརྟག་དཔྱད་ཐེངས་127བྱས་པ་དང་། ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་16འཚོགས་པ། བཞུགས་མོལ་ཚོགས་འདུ་ཐེངས་305འཚོགས་པ་བཅས་བྱས་ནས་རྟོག་ཞིབ་བརྟག་དཔྱད་སྙན་ཞུ་ཁག་62དང་། ཚོགས་འདུའི་སྙན་ཞུ་ཁག་37 བསམ་འཆར་དང་གྲོས་འགོ་ཁག་1352བཅས་ཕུལ་ཡོད། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་དམིགས་ནས་ལོ་ལྟར་ཚང་འཛོམས་གྲོས་ཚོགས་ཐོག་ཨུ་ཡོན་5ནས་8བར་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་དུ་བཅུག་པ་མ་ཟད། ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་དུ་བཅུག་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཐབས་འདོན་ཇུས་འདོན་བྱས་ཡོད། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ནང་ཞུགས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་གྱི་མིག་དཔེར་བརྩོན་ལེན་བྱས་པས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་ཐུབ་ཡོད། རྩ་དོན་ལ་སྣང་ཆེན་དང་། ཡང་དག་གི་ལམ་བུ་སྲུང་བ། མཐུན་སྒྲིལ་ལ་དོ་སྣང་བཅས་བྱས་པ། བརྟན་ལྷིང་སྲུང་སྐྱོང་གི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་སྤེལ་རྒྱུ་དེ་ཨང་དང་པོར་བཞག་ནས་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་མཛད་ཇུས་དང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་བསམ་གཞིགས་བྱེད་པ་དང་། རྩ་དོན་ལ་སྣང་ཆེན་དང་སྒྲིག་ལམ་བསྲུངས་བར་བརྟེན། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་བརྟན་ལྷིང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་བརྡར་གཅོད་གལ་ཆེན་དང་། ཐབས་ཇུས་གལ་ཆེན། བྱ་ཐབས་གལ་ཆེན་བཅས་གནད་སྨིན་དོན་འཁྱོལ་ཐུབ་ནས་ཕན་འབྲས་དངོས་ཐོན་ཡོད། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་། མི་རིགས་ལས་དོན་ཚོགས་འདུ། ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཁར། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི“འགག་གནད”དེ་དམ་འཛིན་བྱས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“ཁྲིད་སྟོན”ཐད་ཤུགས་གང་ཆེ་བརྒྱབ་པ། མང་ཚོགས་ལ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་བརྒྱབ་པས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཐུབ་ཡོད། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། རྙོག་འཛིང་རང་བཞིན་བཅས་ངོས་འཛིན་གང་ལེགས་ཐུབ་ཁར། ཏང་ལ་བློ་སེམས་འགུགས་ཤུགས་དང་། མེས་རྒྱལ་གྱི་བློ་ཁ་ཕྱོགས་ཤུགས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་བཅས་ཆེ་རུ་སོང་ནས “བརྟན་ལྷིང་ཐད་རང་འགུལ་དུ་འགྱུར་རྒྱུ”དེ་བྱ་སྤྱོད་དངོས་ཀྱི་ཁྲོད་དོན་འཁྱོལ་ཐུབ་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་འགྲིལ་ཐུབ་པ་བྱུང་ཡོད།
(གཉིས) ལྟེ་བའི་ལས་འགན་ཐོག་གཅིག་བསྡུས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཡོང་རྒྱུར་ཕན་སྐུལ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་བསྒྱུར་བཅོས་གོང་འཕེལ་ལ་ཕན་སྐུལ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་ལས་འགན་ཨང་དང་པོར་བརྩིས་ཐོག་གོང་འཕེལ་གྱི་བསམ་གཞི་ཆེ་མོ་ལྔ་ལ་དམ་པོར་དམིགས་ཏེ་བློ་རིག་གཅིག་བསྡུས་དང་། དོན་ཆེན་གླེང་བ། གཙོ་གནད་དམ་འཛིན། ཤུགས་འདོན་པ་བཅས་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱིས་ཆད་སྐྱོན་སེལ་བ་དང་། ལམ་བཤངས་གསར་གཏོད་ཀྱིས་འགག་གནད་སྒྲོལ་བ། ཡིད་ཆེས་བརྟན་པོས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ་བཅས་བྱེད་རྒྱུར་ཇུས་ཤུགས་མཉམ་འདོན་བྱས་ཡོད། ཏང་སྲིད་ཀྱི་ལྟེ་བའི་ལས་དོན་ཐོག་གཅིག་བསྡུས་བྱས་ནས་གྲོས་མོལ་སྲིད་གླེང་བྱས་པ། རྒྱུན་རྣམ་གསར་པའི་འོག་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་འགུལ་རྣམ་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “འབྲེལ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུར་ཚན་རིག་དང་མཐུན་པའི་སྒོ་ནས་རིག་སྒྲུབ་ཁུངས་སྐྱེལ་བྱས་པ་དང་། “གཞུང་གཅིག་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་དང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྩ་གནད་ལ་དུས་དཀྱིལ་ཚོད་སྐོར་བྱེད་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་འབེབས་དང་ལག་བསྟར་བྱེད་རྒྱུར་དམ་པོར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ཡོད། ལོ་ལྔའི་ནང་ཕྱོགས་བསྡུས་དང་ཆེད་དོན་སྙན་ཞུ་ཁག་17དང་བསམ་འཆར་གྲོས་འགོ་ཁག་1400ལྷག་ཙམ་ལེགས་སྒྲིག་བྱས་ནས་གོང་ལ་ཕུལ་བ་དང་། དེའི་ནང་གི་བསམ་འཆར་དང་གྲོས་འགོ་མང་དག་ཅིག་ཆེད་དོན་འཆར་འགོད་དམ་ཡང་ན་སྲིད་ཇུས་བྱ་ཐབས་བཟོ་བའི་ནང་དང་ལེན་བྱས་ཡོད། “བོད་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་རྒྱུའི”ཆེད་དོན་སྲིད་གླེང་རང་བཞིན་ལ་རྒྱུན་ཨུད་ཚོགས་འདུ་འཚོགས་ཤིང་། སྲིད་གཞུང་གི་འགོ་ཁྲིད་གདན་འདྲེན་ཞུས་ནས་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་ངོ་འཕྲད་གྲོས་མོལ་གྱིས་སྲིད་གླེང་བྱས་པས། ཚོགས་འདུའི་གྲུབ་འབྲས་ལ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྱི་བཀའ་མཆན་ཐོབ་ཅིང་བསམ་འཆར་དང་གྲོས་འགོ་མང་དག་ཅིག་དང་ལེན་བྱས་ཡོད། ཨུ་ཡོན་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། རིགས་གཅིག་མཁས་དབང་དང་ཏང་སྲིད་སྡེ་ཚན་གྱི་འགན་འཁུར་བ་ཞུགས་རྒྱུ་སྐོང་འགུགས་བྱས་ཏེ་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་ཞིབ་འཇུག་ནུས་པ་གསབ་རེས་ཀྱི་རྟོག་ཞིབ་བརྟག་དཔྱད་ཚོགས་པ་ཞིག་གྲུབ་ཅིང་། ལོ་ལྔའི་ནང་འགྲིམ་འགྲུལ་ནུས་རྒྱུ་དང་། ཁྱད་ལྡན་ཐོན་ལས། སྤྱི་དབང་མིན་པའི་དཔལ་འབྱོར་སོགས་བསྒྱུར་བཅོས་གོང་འཕེལ་གྱི་བརྗོད་གཞི་ཁག་59བདམས་ནས་རྟོག་ཞིབ་བརྟག་དཔྱད་ཐེངས་120ལྷག་ཙམ་བྱས་ཏེ་རྟོག་ཞིབ་བརྟག་དཔྱད་སྙན་ཞུ་ཁག་52གྲུབ་པ་དང་། བསམ་འཆར་དང་གྲོས་འགོ་ཁག་1814ཕུལ་ཡོད། དབུལ་སྒྲོལ་འགག་སྒྲོལ་ཐོག་གཅིག་བསྡུས་བྱས་ནས་ནུས་ཤུགས་གང་ཡོད་བཏོན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་འགྲུབ་ཐུབ་པར་རོགས་འདེགས་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་གལ་ཆེའི་འགན་འཁྲི་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ཆེན་རིམ་པའི་ལས་བྱེད་པས་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་ཞུ་སྒྲུབ་པའི་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཞིང་ཆེན་རིམ་པའི་ལས་བྱེད་པ་ཚང་མས་དུས་བཀག་ནང་འབྲེལ་གཏུག་ས་ཚིགས་དང་མགོ་འབྲེལ་རོགས་རམ་བྱེད་སའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་དབུལ་སྒྲོལ་ཕྱུག་སྒྱུར་ཡོང་ཆེད་ཇུས་བཟང་བཏོན་ཏེ་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་ནན་ཏན་བྱས་ཡོད། ལོ་ལྔའི་ནང་རིམ་རྩིས་བྱས་ན་འབྲེལ་གཏུག་བྱེད་གནས་ཀྱི་མང་ཚོགས་ལ་རྣམ་གྲངས་ཁག་100ལྷག་ཙམ་མཐུན་སྦྱོར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་ཡན་རག་ཐབས་བྱས་ཡོད། བརྟག་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག“གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི”ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུད་ཚོགས་འདུ་ཡག་པོ་འཚོགས་ནས། བརྟག་ཞིབ་སྙན་ཞུ་ཁག་26དང་ཚོགས་ཆེན་གྱི་གཏམ་བཤད་ཁག་38གྲུབ་པ་དང་། གནས་སྤོས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར། ཏང་འཛུགས་དབུལ་སྐྱོར་སོགས་ལ་དམ་པོར་དམིགས་ནས་བསམ་འཆར་དང་གྲོས་འགོ་ཁག་485བཏོན་ཡོད། དམངས་འཚོའི་དོན་ཆེན་ཐོག་གཅིག་བསྡུས་བྱས་ཏེ་བྱས་རྗེས་མངོན་པར་བྱས་པ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་དང་ཉེ་བར་བཅར་ནས་དཀའ་གནད་སེལ་ཡོད། ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་དམངས་ལ་ཕན་འདོགས་པ་དང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུ་དང་། མཐའ་བརྟན་བོད་དར། ལས་རིགས་སློབ་གསོ་དང་གནད་འཕིགས་དབུལ་སྐྱོར། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་གནད་འཕིགས་དབུལ་སྐྱོར། རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཀྱི་ལས་ཞུགས། རིག་གནས་དར་རྒྱས་གོང་འཕེལ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། བཟའ་བཅའ་སྨན་རིགས་ཀྱི་བདེ་འཇགས། བོད་ལུགས་གསོ་རིག་རྒྱུན་འཛིན་དང་གོང་འཕེལ། བོད་ཀྱི་མི་རེའི་ཆ་སྙོམས་རེ་བའི་ཚེ་ཚད་མཐོ་རུ་གཏོང་རྒྱུ་སོགས་ལ་དམིགས་ནས་རྟོག་ཞིབ་བརྟག་དཔྱད་བྱས་ཏེ་ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་10འཚོགས་པ་དང་། རྟོག་ཞིབ་བརྟག་དཔྱད་ཀྱི་སྙན་ཞུ་དང་ཚོགས་འདུའི་སྙན་ཞུ་ཁག་29གྲུབ་པ་དང་། བསམ་འཆར་དང་གྲོས་འགོ་ཁག་983བཏོན་ཡོད། སྤྱི་ཡོངས་ཀྱི་གནད་དོན་ཐོག་གཅིག་བསྡུས་ཐུབ་པ་བྱས་ནས་མཉམ་དུ་འགན་འཁྲི་བསྒྲུབས་པ། ཐུན་མོང་རང་བཞིན་གྱི་དཔྱོད་དོན་དང་སྤྱི་ཡོངས་རང་བཞིན་གྱི་བྱེད་སྒོ་སྤེལ་རྒྱུ་གཞི་རྟེན་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ་མཉམ་སྦྲེལ་མཉམ་ལས་ཀྱིས་འགན་འཁྲི་བསྒྲུབས་ཡོད། རང་འགུལ་གྱིས་གོང་འཕེལ་ཡོང་བར་བརྩོན་ལེན་བྱས་པ་དང་། བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་ཁྲོད་ཀྱི་གལ་ཆེའི་གནད་དོན་ཐོག་གཅིག་བསྡུས་བྱས་ཁར། བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བརྒྱུད་དེ་རྒྱལ་ཡོངས་སྲིད་གྲོས་ལ་བོད་ཀྱི་གནས་ཚུལ་སྙན་སེང་ཞུས་ནས་རྒྱལ་ཁབ་རིམ་ངོས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་པ་བྱས་ཡོད། ལོ་ལྔའི་རིང་། བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུད་ཚོགས་འདུ། གཟའ་འཁོར་གཉིས་རེའི་གྲོས་མོལ་ཚོགས་འདུ་སོགས་གལ་ཆེའི་འཆར་ཅན་ཚོགས་འདུར་ཞུགས་ཚད་མི་ཐེངས་276ཟིན་པ་དང་། སྲིད་གྲོས་ཀྱི་གྲོས་གཞི་དང་། གྲོས་འགོ རྟོག་ཞིབ་བརྟག་དཔྱད་ཀྱི་སྙན་ཞུ་སོགས་153ཕུལ་བ་དང་། བསམ་འཆར་དང་གྲོས་འགོ་ཁག་1009བཏོན་ཡོད། འཕྲེད་ཕྱོགས་སུ་མཉམ་སྒུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། བརྟག་ཞིབ་གྲོས་མོལ་བྱེད་སྒོའི་ནང་ཏང་སྲིད་སྡེ་ཚན་གྱི་འགོ་ཁྲིད་ཞུགས་རྒྱུ་གདན་ཞུ་བྱས་ཏེ་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་སྲིད་གྲོས་དང་མཉམ་དུ་འགན་འཁྲི་བསྒྲུབ་རྒྱུར་མཐོང་ཆེན་བྱས་ཡོད། དཔེར་ན། སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་དང་མཉམ་དུ་ཁྲོན་བོད་བགྲོད་ལམ་ཆེ་མོ་བསྐྲུན་པའི་ཐད་བརྟག་ཞིབ་བྱེད་རྒྱུའི་འབྲེལ་ཡོད་སྙན་ཞུར་ཙུང་ལི་ལེ་ཁེ་བྱང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་ཞིང་། དཔྱོད་དོན་འདི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་གནད་གྲོས་གཞིར་རྟོག་ཞིབ་བྱེད་རྒྱུའི་དཔྱོད་དོན་ཁོངས་སུ་བཅུག་ཡོད། འགན་སྒྲུབ་ཀྱི་འབྲེལ་ལམ་གཤམ་འོག་ཏུ་རྒྱ་སྐྱེད་བཏང་ཞིང་། གཞི་རིམ་སྲིད་གྲོས་ཀྱི་སྟོབས་ཤུགས་སྒྲིལ་སྤྱོད་བྱས་ཏེ་ཀུན་གྱིས་དོ་སྣང་བྱེད་པའི་འགག་སྒོ་འཛུགས་སྐྲུན་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་དཔྱོད་དོན་ལ་མཉམ་འབྲེལ་ཐོག་འགག་གནད་སྒྲོལ་ཐབས་བྱས་ཡོད།
(གསུམ)རང་བྱུང་ཁམས་ལ་བརྩི་འཇོག་དང་། བསྟུན་ཐབས། སྲུང་སྐྱོབ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་རོགས་འདེགས་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པར་ཕན་སྐུལ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་གཟི་བརྗིད་ལྡན་པའི་ལས་འགན་ལ་བརྩིས་ཏེ། “མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་ཡོང་བར་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཡིན་པ”དང་། དེ་བཞིན་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་བྱེད་རྒྱུ་དང་ནག་ཆུས་ཚན་རིག་ལ་བརྟེན་ནས་ཤིང་འཛུགས་བྱེད་རྒྱུ་སོགས་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད་ལ། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཞིག་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ”ཞིག དེ་བཞིན“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྲིད་གྲོས་ཀྱི་སྟོབས་ཤུགས་ཡོད་ཚད་བརྟེན་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུར་ཕན་སྐུལ་གཏོང་བའི་ཐབས་ཇུས་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱས་པ། ཁོར་ཡུག་སྲུང་སྐྱོབ་དང་། ནགས་ལས། ཆུ་བེད། རྒྱལ་ཁབ་ས་ཐོན་སོགས་ཀྱི་ཆེད་ལས་མི་སྣ་གདན་ཞུས་ཀྱིས་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་ལྗོངས་ཡོངས་ཀྱི་ས་གནས(གྲོང་ཁྱེར)ཁག་7དང་། རྫོང་ཁག་24 མཐའ་མཚམས་འགག་སྒོ་1 ཤང་དང་གྲོང་ཚོ་ཁག་88བཅས་ལ་བརྟག་ཞིབ་གཏིང་ཟབ་བྱས་ནས་ཕྱོགས་བསྡུས་བརྟག་ཞིབ་སྙན་ཞུ་དང་རྣམ་གྲངས་ཁག་བགོས་ཀྱི་བརྟག་ཞིབ་སྙན་ཞུ་ཁག་25གྲུབ་པ་དང་། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུའི་ཆེད་དོན་གྲོས་མོལ་ཚོགས་འདུ་སྐོང་འཚོག་ཡག་པོ་བྱས་ནས་ཏང་སྲིད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་རྒྱུ་སོགས་ཕྱོགས་17ཐད་ནས་སྲིད་དོན་སྐྱོང་རོགས་ཀྱི་ཐབས་ཇུས་བཏོན་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་བྱེད་རྒྱུ་དང་། སྐྱེ་ཁམས་སྐྱོང་གསབ་ལམ་སྲོལ་དང་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཐད་ཁ་གསབ་བྱ་དགའ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ་སོགས་ལ་དམིགས་ཏེ་རྟོག་ཞིབ་བརྟག་དཔྱད་བྱས་ནས་ཕྱོགས་བསྡུས་བརྟག་ཞིབ་སྙན་ཞུ་ཁག་2གྲུབ་ཐོག རྒྱལ་ཁབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་ཐབས་འདོན་ཇུས་འདོན་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམིགས་ནས་གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཁྲིམས་ལུགས་གསར་པ་གནད་སྨིན་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་དཔལ་ཡོན་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྲིད་ཇུས་ཤེས་བྱ་དེ་སྲིད་གྲོས་ཀྱི་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དང་ཁོང་ཚོར་སྦྱོང་བརྡར་སྤྲོས་པའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩིས་པས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་སོང་ཡོད། སྐྱེ་ཁམས་དཔལ་ཡོན་ཁྱབ་གདལ་གཏོང་རྒྱུའི་སློབ་གསོ་དང་དྲིལ་བསྒྲགས་བྱེད་རྒྱུའི་ནང་ཞུགས་ཏེ་ཧུར་བསྲི་གྲོན་ཆུང་དང་། འབྱུང་འཕྲོད་ཐཱན་ཉུང་། ཤེས་དཔལ་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་བྱེད་རྣམ་དར་སྤེལ་བཏང་ནས་མི་རིགས་ཁག་དང་ལས་རིགས་ཁག་ལ་མཐུན་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གཏོང་རྒྱུའི་ནང་ཞུགས་ཡོད། སྐྱེ་ཁམས་སྙོམས་ཁུལ་དང་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་རྒྱུར་ཕན་སྐུལ་བཏང་བ། 《བྱང་ཐང་ས་མཐོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་ཁུལ་གྱི་སྤྱིའི་འཆར་འགོད》ཀྱི་བློ་འདྲིའི་ཚོགས་འདུ་འཚོགས་པ་དང་། 《བྱང་ཐང་མི་མེད་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་རྒྱུའི་འཆར་འགོད》བཟོ་འབེབས་བྱེད་རྒྱུའི་ནང་ཞུགས་ནས་ཨུ་ཡོན་སྒྲིག་འཛུགས་ཀྱིས་ཀྲུང་གོ་བཟོ་སྐྲུན་ཁང་དང་ནག་ཆུ་ས་གནས་ཀྱི་འགན་འཁུར་བ། དེ་བཞིན་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་དབང་བཅས་དང་མཉམ་དུ་ཞིབ་བསྡུར་གཏིང་ཟབ་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་མཐུན་ཡོང་བ་བྱེད་རྒྱུ་སོགས་ཀྱི་ཐད་ནས་བློ་འདྲི་ཇུས་འདོན་བྱས་ཡོད། ཨུ་ཡོན་སྒྲིག་འཛུགས་ཀྱིས“བོད་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་རྒྱུ་དང་དོ་དམ་བྱས་པའི་གནས་ཚུལ”ཐད་ས་ཡུལ་དངོས་སུ་བརྟག་ཞིབ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་དང་། ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་སྡེ་ཚན་གྱི་འགན་འཁུར་བ། དེ་བཞིན་རིགས་གཅིག་མཁས་དབང་བཅས་དང་བཞུགས་མོལ་གྲོས་མོལ་བྱས་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཁོར་ཡུག་ལེགས་སྒྱུར་དང་སྐྱེ་ཁམས་ལེགས་སྐྱོང་བྱེད་རྒྱུར་ཕན་སྐུལ་བཏང་བ། ཨུ་ཡོན་སྒྲིག་འཛུགས་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་སྒྱུར་ལས་གཞི་དང་། ནགས་དབང་ལམ་ལུགས་བསྒྱུར་བཅོས། འགོག་སྲུང་ནགས་ཚལ་འཛུགས་སྐྲུན། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། འདམ་ར་སྲུང་སྐྱོབ། སྐྱས་སྤོས་རྩྭ་གསོ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། འབྱུང་འཕྲོད་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ། རང་ལྗོངས་ཀྱི་དམིགས་བསལ་སྨན་བཅོས་ནུས་པ་ལྡན་པའི་སྲོལ་རྒྱུན་གྱི་ཆུ་ཚན་ཐོན་ཁུངས་ལུགས་མཐུན་བྱེད་སྤྱོད་དང་སྲུང་སྐྱོབ། འཚོ་བའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་སོགས་བརྗོད་གཞི་བདམས་ནས་ལྟ་སྐུལ་རང་བཞིན་གྱི་བརྟག་ཞིབ་དང་ཆེད་དོན་རྟོག་ཞིབ་བྱས་ཏེ་སྤུས་ཚད་མཐོ་བའི་རྟོག་ཞིབ་བརྟག་དཔྱད་ཀྱི་སྙན་ཞུ་ཁག་27གྲུབ་པ་དང་། བསམ་འཆར་དང་གྲོས་འགོ་ཁག་189བཏོན་ཡོད། གྲོས་གཞི་འདོན་མཁན་དང་། ཨུ་ཡོན་དང་སྒྲུབ་འགན་འཁུར་མཁན་ཚན་པའི་འགན་འཁུར་བ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་རླུང་ཁམས་ཆེ་མོའི་བཙོག་སྐྱོན་འགོག་བཅོས་ཀྱི་གནད་དོན་སྐོར་ལ་མཉམ་དུ་རྟོག་ཞིབ་བྱས་ནས་ཐཱན་ཉུང་གི་གྲོང་ཁྱེར་བསྐྲུན་རྒྱུ་སོགས་ཀྱི་ཐད་ལ་གྲོས་འགོ་བཏོན་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ《ནུས་རྒྱུ་གཙང་མ་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་རང་བཞིན་གྱི་གཙོ་རྟེན་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ》སོགས་ཀྱི་གྲོས་གཞི་འདོན་སྤྲོད་བྱས་པར་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱིས་མཐོང་ཆེན་བྱས་ནས་བསྒྲུབས་ལན་སློག་ཡོད།
(བཞི)སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་སྟངས་འཛིན་བྱས་ནས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ཡོང་བར་སྐུལ་འདེད་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་གྲོས་མོལ་དམངས་གཙོ་ཡིན་པ་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཤིང་། ལམ་ལུགས་གསར་གཏོད་དང་། ལམ་སྲོལ་གསར་གཏོད། ལས་དོན་གསར་གཏོད་བཅས་བྱེད་པའི་ཐོག་ནས་རྒྱུན་ཆད་མེད་པར་གྲོས་མོལ་བྱེད་རྒྱུ་ནང་དོན་རྒྱ་སྐྱེད་གཏོང་བ་དང་། གྲོས་མོལ་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་བྱ་རིམ་ཚད་ལྡན་བཟོ་བ། གྲོས་མོལ་བྱེད་ཐབས་སྐབས་དང་བསྟུན་པ། གྲོས་མོལ་བྱེད་ཚད་མང་དུ་གཏོང་བ། གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་བཟོས་པ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། ཆབ་སྲིད་ཐོག་ནས་བསམ་གཞིགས་བྱེད་པ་དང་སྤྱི་ཡོངས་ཀྱི་ཐོག་ནས་བྱ་སྤྱོད་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་གྲོས་ནས་གཙོ་གནད་ལས་ཀར་གྲོས་མོལ་བྱེད་པའི་འདོད་མཐུན་ལ་དམིགས་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ནས་གྲོས་མོལ་བྱ་གཞིའི་ནང་དོན་བདམས་ཏེ་སྔོན་ཚུད་ནས་ཏང་སྲིད་འགན་ནུས་ཚན་པ་དང་འབྲེལ་མཐུད་བྱེད་པ་དང་། སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་དང་རིགས་ཁོངས་ཁག་དང་འབྲེལ་མཐུད་བྱེད་པ། སྲིད་གྲོས་ཀྱི་ཨུ་ཡོན་དང་འབྲེལ་མཐུད་བྱེད་པ་བཅས་བྱས་ཏེ་ལོ་ལྟར་གྱི་ལོ་འགོར་གྲོས་མོལ་གྱི་འཆར་གཞི་བཟོས་ནས་ལྗོངས་ཏང་ཨུད་ལ་ཕུལ་ཏེ་ཞིབ་མཆན་ཐོབ་རྗེས་ལག་བསྟར་བྱེད་ཀྱི་ཡོད། སྲིད་གྲོས་ཀྱི་གྲོས་མོལ་འཁྲུག་ཆ་དོད་ལ་གོ་རིམ་བཞིན་སྤེལ་བ། ཨུ་ཡོན་ཚང་འཛོམས་ཚོགས་འདུས་སྣེ་འདྲེན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལོ་ལྟར་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་འབུམ་དཔོན་རིམ་པ་ཡན་གྱི་འགོ་ཁྲིད་གདན་ཞུས་ཀྱིས་རིགས་ཁོངས་ཚོགས་ཆུང་ཁག་ཏུ་བསྐྱོད་ནས་ཨུ་ཡོན་ཚོར་འཚམས་འདྲི་གནང་བ་དང་ངོ་འཕྲད་ཀྱིས་གྲོས་མོལ་གྲོས་བསྡུར་བྱས་ཏེ། རིམ་པ་མཐོ་བའི་གྲོས་མོལ་ལ་བརྟེན་ནས་ཏང་སྲིད་ཀྱི་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུ་དང་ལས་ཀ་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུད་ཚོགས་འདུ་གཙོ་གནད་དུ་བཟུང་རྒྱུ་རྒྱུན་འཁྱོངས་ཀྱིས་ལོ་ལྟར་དམིགས་བཀར་རང་བཞིན་ཆེ་བའི་གྲོས་དོན་རེ་གཏན་འཁེལ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་འགན་ནུས་སྡེ་ཚན་གྱི་འགན་འཁུར་བ་གདན་ཞུས་ཀྱིས་རྒྱུན་ལས་ཨུ་ཡོན་ཚོ་དང་བཞུགས་མོལ་བྱས་ཏེ“འཇུག་སྒོ་ཆུང་ངུའི”ཐོག་ནས“གནད་དོན་ཆེན་པོ”ཐག་གཅོད་ཐུབ་པ་བྱས་ཡོད། ཆེད་དོན་གྱི་གྲོས་མོལ་ཚོགས་འདུ་དང་། ཁ་གཏད་གྲོས་མོལ་ཚོགས་འདུ། རིགས་ཁོངས་ཀྱི་གྲོས་མོལ་ཚོགས་འདུ། གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་ཚོགས་འདུ་བཅས་རྒྱུན་རྣམ་དུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ལོ་ལྔའི་རིང“མཐའ་མཚམས་ལུང་ཁུག་ཤང་གྲོང་གི་ཤེས་ལྡན་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ”དང“བོད་ཀྱི་རིག་གནས་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ”སོགས་ཀྱི་ཐད་བཞུགས་མོལ་ཚོགས་འདུ་ཐེངས་50ལྷག་ཙམ་འཚོགས་པས་ཐུན་མོང་གི་ངོས་འཛིན་ཟབ་ཏུ་འགྲོ་རྒྱུ་དང་། གྲོས་འགོ་འདོན་རྒྱུ། ལས་ཀར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་ཡོད། ཁྲིམས་བཟོའི་གྲོས་མོལ་བྱེད་ཐབས་འཚོལ་ཞིབ་བྱས་ཏེ“ཁྲིམས་སྒྱུར་གྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཁྲིམས་སྐྱོང་གི་བོད་ལྗོངས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི”ཆེད་དོན་གྲོས་མོལ་ཚོགས་འདུ་བདེ་བླག་ངང་སྐོང་འཚོག་བྱས་ཡོད། ཨུ་ཡོན་སྒྲིག་འཛུགས་ཀྱིས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལས་ཞུགས་ཐུབ་པ་བྱེད་རྒྱུའི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། མིང་མཉམ་འགོད་ཐོག་ནས《བོད་སྡོད་ཁེ་ལས་ཀྱིས་ས་གནས་དེ་གའི་ངལ་རྩོལ་པ་ལས་ཀར་བསྡུ་འཇུག་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འབེབས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》ཕུལ་ཡོད། དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་རྩ་དོན་དང་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་བྱེད་པ་དང་། བོད་ལྗོངས་ཁྲིམས་བཞིན་སྐྱོང་བ། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཐད་ལ་ཆེད་དོན་རྟོག་ཞིབ་དང་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྟ་སྐུལ་བྱེད་ཤུགས་ཆེ་བའི་འགན་སྒྲུབ་བྱེད་སྒོ་སྤེལ་བས་དམངས་གཙོ་དར་སྤེལ་གང་ལེགས་ཀྱིས་དམངས་གཙོའི་ལྟ་སྐུལ་བྱེད་རྒྱུ་དེ་རྒྱུན་གཏན་རང་བཞིན་གྱི་ལས་ཀའི་ནང་སྤེལ་ཐུབ་པ་བྱས་ཡོད།
རྒྱལ་ཡོངས་སྲིད་གྲོས་ལ་གཞོགས་འདེགས་ཀྱིས“གནད་འཕིགས་དབུལ་སྐྱོར་བྱེད་པའི་ཁྲོད་ལྷག་བསྡད་པའི་གནད་དོན”སོགས་ལ་དམིགས་ནས་ལྟ་སྐུལ་རང་བཞིན་གྱི་བརྟག་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་ཚུལ་དང་། དབུལ་གྲོལ་འགག་སྒྲོལ་གྱི་འཐབ་ཇུས་ལག་བསྟར་བྱས་ཚུལ། རྩྭ་ཐང་གི་སྐྱེ་ཁམས་སྐྱོང་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཚུལ། འགན་བཅོལ་ལྔ་དང་མ་དངུལ་གཅིག་ལག་བསྟར་བྱས་ཚུལ་སོགས་ལ་དམིགས་ནས་ལྟ་སྐུལ་རང་བཞིན་གྱི་རྟོག་ཞིབ་བརྟག་དཔྱད་བྱས་ཡོད། ཨུ་ཡོན་120འོས་སྦྱོར་བྱས་ནས་རང་སྐྱོང་ལྗོངས“འགོ་ཁྲིད་ཚན་ཁག་སྐབས་བརྗེའི་སྤྱོད་ཚུལ”གྱི་ལྟ་སྐུལ་པའི་འགན་འཁུར་དུ་བཅུག་པ་དང་། ཨུ་ཡོན་134གདམ་གསེས་གདན་ཞུས་ཀྱིས་སྐར་ཁུང་ལས་རིགས་ཀྱི“སྤྱི་ཚོགས་ལྟ་སྐུལ་པའི”འགན་འཁུར་དུ་བཅུག་ཡོད།
(ལྔ) སྤྱི་ཡོངས་མཉམ་འགུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྲིད་གྲོས་ཀྱི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཡག་པོ་བསྒྲུབས་པ། རྒྱུན་ལས་ཨུ་ལྷན་གྱིས་བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་པས་འགན་སྒྲུབ་བྱེད་སྒོ་སྤེལ་རིགས་སྔར་བས་འཁྲུག་ཆ་དོད་པ་དང་། གཏིང་ཟབ་པ། ཕན་ནུས་ཐོན་པ་བཅས་བྱུང་ཡོད། ནུས་ཤུགས་ཡོད་རྒུས་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབས་པ། གྲོས་གཞིའི་ལས་དོན་གྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་བ་དང་། ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ། གཉེར་སྒྲུབ་ཀྱི་ཕན་འབྲས་ཐོན་ཤུགས་ཆེ་རུ་གཏོང་བ་བཅས་དམིགས་ཡུལ་དུ་བྱེད་པ་དང་། གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་ལམ་ལུགས་བཟོ་འབེབས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་འགན་སྲུང་དུ་བྱེད་པ། དྲིལ་བསྒྲགས་ལ་ཤུགས་སྣོན་དང་བྱ་དགའ་གཟེངས་བསྟོད་བྱེད་རྒྱུ་སྒུལ་ཤུགས་སུ་བྱེད་པ་བཅས་ཀྱི་ཐོག་ནས་གྲོས་གཞི་གནད་ལ་འཁེལ་བ་དང་། གྲོས་ཁོངས་སུ་འཇུག་རྒྱུ་ཚད་གཞི་མཐོ་བ། གྲོས་གཞི་བསྒྲུབ་རྒྱུ་དོན་ལ་འཁྱོལ་བ། འགག་རྩའི་དུས་སུ་ལྟ་སྐུལ་ཐུབ་པ་བཅས་བྱས་ཡོད། ལོ་ལྔའི་རིང་གྲོས་གཞི་ཁག་ཁྱོན་བསྡོམས་2405བདག་སྤྲོད་བྱས་པ་དང་། ཞིབ་བཤེར་བྱས་ནས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་2347ཡོད། 2017ལོའི་ལོ་མཇུག་བར་གྲོས་གཞི་གཉེར་སྒྲུབ་ལན་འདེབས་བྱེད་ཚད་100%ཟིན་པ་དང་། ཨུ་ཡོན་གྱི་བློ་མོས་དང་རྩ་བའི་ཆར་བློ་མོས་བྱུང་ཚད་98%ཡན་ཟིན་ཡོད། རིག་གནས་ལོ་རྒྱུས་དཔྱད་གཞིའི་ལས་དོན་གསར་གཏོད་བྱས་པ། སྲིད་གྲོས་ཀྱི་ཁྱད་ཆོས་ལ་གཞིགས་ནས《རིག་གནས་ལོ་རྒྱུས་དཔྱད་གཞི་བདམས་སྒྲིག》(རྒྱ་ཡིག་པར་མ)འདོན་ཐེངས་29པ་ནས་33པ་དང་བོད་ཡིག་པར་མ་འདོན་ཐེངས་2བསྡུ་སྒྲིག་དང་དཔེ་སྐྲུན་བྱས་པ་དང་། 《རིག་གནས་ལོ་རྒྱུས་དཔྱད་གཞི་བདམས་སྒྲིག》གི་ཕྱོགས་བསྒྲིགས་དེབ་བམ་པོ་1ནས་3པ་བར་བསྐྱར་པར་བྱས་པ། 《རིག་གནས་ལོ་རྒྱུས་དཔྱད་གཞི་བདམས་སྒྲིག》གི་ཕྱོགས་བསྒྲིགས་བམ་པོ་4པ་དང《བོད་ལྗོངས་སྲིད་གྲོས་ཀྱི་ལོ་ཞིབ་མེ་ལོང་》སོགས་ལོ་རྒྱུས་དང་དཔྱད་གཞིའི་དེབ་10ལྷག་ཙམ་རྩོམ་སྒྲིག་པར་འདེབས་བྱས་པར་ཡིག་འབྲུ་ཁྲི་700ལྷག་ཙམ་ཡོད། 《ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་མྱོང་བ་དངོས་བོད་ལྗོངས་བམ་པོ》ཞེས་པ་དང《ངའི་དྲན་འཆར་ངོས་ཀྱི་བོད་ལྗོངས》སོགས“མཐོང་ཐོས་མྱོང་གསུམ”མངོན་གསལ་དོད་པ་དང་། མི་སེམས་འགུག་ཤུགས་ཆེ་བ། བག་ཆགས་འཇོག་ཤུགས་ཆེ་བ་བཅས་ཀྱི་བརྩམ་བྱ་རྩེ་གྲ་མང་པོ་ཞིག་བཏོན་ཡོད། རིག་གནས་ལོ་རྒྱུས་ལས་དོན་གྱི་ཁྱབ་ཁོངས་རྒྱ་སྐྱེད་དུ་བཏང་ནས་རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་ཨུ་ལྷན་གྱི་མངག་བཅོལ་ལྟར། སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་གྱི་སྲིད་གྲོས་རིག་གནས་ལོ་རྒྱུས་ཨུ་ལྷན་གྱི་གཞོགས་འདེགས་འོག 《བོད་རིགས་ཀྱི་ལོ་བརྒྱའི་དངོས་བྱུང་དཀར་ཆག》གི་ལོ་རྒྱུས་ཡིག་ཆ་བསྡུ་སྒྲིག་ལས་དོན་སྤེལ་རྒྱུ་ལེགས་འགྲུབ་བྱུང་སྟེ། པར་འདེབས་བྱེད་རྒྱུར་སྐྱེལ་རྩིས་ཡོད། རིག་གནས་ལོ་རྒྱུས་ལས་དོན་དེ་སྲིད་ཞུགས་སྲིད་གླེང་བྱེད་རྒྱུ་དང་ཟུང་འབྲེལ་གྱིས་ལྗོངས་ཡོངས་ཀྱི་རིག་གནས་ལོ་རྒྱུས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱས་པ་དང་། “ཇ་རྟའི་གནའ་ལམ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད”བྱེད་རྒྱུ་སོགས་ལ་དམིགས་ནས་བརྟག་དཔྱད་རྟོག་ཞིབ་དང་གྲོས་མོལ་སྲིད་གླེང་བྱས་ཡོད། སྤེལ་རེས་དང་མཉམ་ལས་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་བ། རྒྱལ་ཡོངས་སྲིད་གྲོས་དང་ནང་སའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་སྲིད་གྲོས་དང་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་ལྔའི་ནང་བོད་བསྐྱོད་ཚོགས་པ(ཚོགས་ཆུང)107གྱི་མི་ཐེངས་གྲངས་1800ལྷག་ཙམ་ལ་གཞོགས་འདེགས་བྱས་ཏེ་རྟོག་ཞིབ་བརྟག་དཔྱད་དང་ཞིབ་བསྡུར་སྤེལ་རེས་བྱེད་སྒོ་སྤེལ་ཡོད། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁག་གཅིག་དང་དེའི་འབྲེལ་ཡོད་ཕྱོགས་ལ་མཐུན་སྦྱོར་བྱས་ཏེ་ས་གནས(གྲོང་ཁྱེར)7ལ་རིན་ཐང་སྒོར་ཁྲི་5490ཟིན་པའི་དངོས་ཟོག་ཞལ་འདེབས་ཕུལ་བ་དང་། གཞིས་རྩེའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་རིན་ཐང་སྒོར་ཁྲི་1800ཟིན་པའི་སྟོན་དུས་དང་དགུན་དུས་ཀྱི་གྱོན་གོས་ཞལ་འདེབས་ཕུལ་ཡོད། ཚོགས་སྒྲིག་བྱས་པའམ་ཡང་ན་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་ནང་ཞུགས་ཏེ་ཧྥུའུ་ཅན་དང་། ཉིང་ཤཱ། ཧྲང་ཧའེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཏུ་བསྐྱོད་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། དབུལ་གྲོལ་འགག་སྒྲོལ་བྱེད་རྒྱུ། གྲོང་ཁྱེར་གྱི་མི་རིགས་ལས་དོན་སྤེལ་རྒྱུ་སོགས་ལ་དམིགས་ཏེ་རྟོག་ཞིབ་བརྟག་དཔྱད་བྱས་ཡོད། ཆ་འཕྲིན་དྲིལ་བསྒྲགས་ཡག་པོ་བྱས་པ། 《བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་བྱ་ཐབས》དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན་གོང་འབུལ་དང་། བེད་སྤྱོད་བརྡ་ཁྱབ། དཔྱད་འདེམས་གཟེངས་བསྟོད་སོགས་ཀྱི་ལམ་ལུགས་བཟོ་འབེབས་ལག་བསྟར་བྱས་ཤིང་། ལོ་ལྔའི་ནང《སྲིད་གྲོས་ཀྱི་གཟའ་འཁོར་དུས་དེབ》དང་། 《སྲིད་གྲོས་ཀྱི་ཆ་འཕྲིན》《རྒྱལ་ཇུས་དམངས་འདུན》བཅས་འདོན་ཐེངས་700ལྷག་ཙམ་རྩོམ་སྒྲིག་བྱས་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པའི་སྐོར་གྱི་གནས་ཚུལ་འདོན་ཐེངས་360ལྷག་ཙམ་བསྡུ་སྒྲིག་གོང་འབུལ་ཞུས་ཡོད། 《མི་དམངས་སྲིད་གྲོས་ཀྱི་དུས་དེབ》དང་། 《ཀྲུང་གོའི་སྲིད་གྲོས》《བོད་ལྗོངས་ཉིན་རེའི་ཚགས་པར》《བོད་ལྗོངས་གསར་པ》སོགས་ཀྱི་དུས་དེབ་ཐོག་སྲིད་གྲོས་ཀྱི་འགན་སྒྲུབ་གནས་ཚུལ་དང་གསར་འགྱུར་ཆ་འཕྲིན་སྟོང་ཕྲག་ལྷག་ཙམ་བཀོད་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཞིབ་བསྡུར་དང་མིང་བཀོད་རྩོམ་ཡིག་ཁག་30ལྷག་ཙམ་སྤེལ་བ། 《བོད་ལྗོངས་སྲིད་གྲོས》(རྒྱ་བོད་སྐད་གཉིས)འདོན་ཐེངས་40རྩོམ་སྒྲིག་པར་འགྲེམས་བྱས་ཡོད། བོད་ལྗོངས་སྲིད་གྲོས་ཀྱི་གཙོ་ཆེའི་དྲ་ཚིགས་བཙུགས་ཏེ་དྲ་ཐོག་གི་སྲིད་གླེང་ནུས་པ་ཆེ་རུ་བཏང་བས་སྲིད་གྲོས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་སོང་ཡོད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ། ལོ་ལྔའི་རིང་ལས་ཁུངས་ཀྱི་ལས་དོན་རུ་མི་མི་ཐེངས་གྲངས་240མངགས་གཏོང་བྱས་ནས་ནག་ཆུ་རྫོང་གི་སྲིད་འཛིན་གྲོང་ཚོ་6ལ་བཅའ་སྡོད་ཀྱིས“5+2+1”གི་ལས་འགན་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཞིང་། རྣམ་གྲངས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་རག་ཐུབ་པ་བྱས་པ་དང་སྒོར་ཁྲི་2000ལྷག་ཙམ་ཟིན་པའི་དངོས་ཟོག་ཞལ་འདེབས་ཕུལ་ཡོད། གཞི་རིམ་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་གསར་གཏོང་བྱས་པ། སྐབས་བརྗེ་དང་ས་གནས་ནས་གྲོང་ཁྱེར་དུ་སྒྱུར་བའི་ལས་དོན་ལ་བརྟེན་ནས་གཞིས་རྩེ་དང་། ལྷོ་ཁ། ཆབ་མདོ། ཉིང་ཁྲི་བཅས་ཀྱི་གྲོང་ཁྱེར་སྲིད་གྲོས་ལ་ཆེད་དོན་ཨུ་ལྷན་དངོས་སུ་འཛུགས་རྒྱུ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་། ས་གནས(གྲོང་ཁྱེར)ཁག་ཏུ་རྫོང(ཆུད)སྲིད་གྲོས་ལས་ཁུངས་44གསར་པ་བཙུགས་པས་ལྗོངས་ཡོངས་སུ་རྫོང་ཡན་གྱི་སྲིད་གྲོས་རྩ་འཛུགས་ཡོངས་སུ་ཁེབས་ཐུབ་པ་བྱུང་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ་ཤང་གྲོང(ཁྲོམ་གཞུང་དོན་གཅོད་ཁང)204ལ་སྲིད་གྲོས་ཨུ་ཡོན་མཉམ་འགུལ་གཞུང་ལས་ཁང་གསར་པ་བཙུགས་པ་དང་། འགན་འཁྲི་དང་ལས་ཀའི་རྩིས་ཁྲ་745བཟོས་ཏེ“གཞུང་ལས་ཁང་ཡོད་པ་དང་། བྱ་བ་སྒྲུབ་མཁན་ཡོད་པ། བྱ་བ་སྒྲུབ་པའི་དངུལ་ཡོད་པ། ལས་ཀ་དོ་དམ་བྱེད་པར་ལམ་ལུགས་ཡོད་པ། བྱེད་སྒོའི་གཞི་རྟེན་ཡོད་པ། ལས་ཀའི་རྩིས་ཁྲ་གསལ་པོ་ཡོད་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ཨུ་ཡོན་རྣམ་པ། སྐབས་བཅུ་པའི་སྲིད་གྲོས་ཀྱིས་དུས་རབས་གོང་འཕེལ་འགྲོ་བའི་གོམ་བགྲོད་ཀྱི་རྗེས་སུ་སྙེགས་པ་དང་བོད་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་མཐོ་ཚད་ཐོག་ནས་འགན་འཁྲི་སྒྲུབ་རྒྱུར་ཤུགས་གང་ཐུབ་བརྒྱབ་པ་དང་། ལམ་ལུགས་ཐད་གནས་མང་འགག་སྒྲོལ་ཐུབ་པ། ལས་དོན་གཏིང་ཟབ་ཏུ་སྤེལ་བ། ལེགས་ཆའི་རིན་ཐང་འབུར་དུ་ཐོན་པ་བཅས་བྱས་ཡོད། སྐབས་བཅུ་པའི་སྲིད་གྲོས་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་དང་མཛའ་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཞིག་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཞིབ་ཚགས་གནང་བའི་འབྲས་བུ་ཞིག ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དེ་བཞིན་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བའི་འབྲས་བུ་ཞིག ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གིས་ཐད་ཀའི་སྣེ་ཁྲིད་གནང་བའི་འབྲས་བུ་ཞིག རིམ་ཁག་སྡེ་ཚན་ཁག་གིས་གཞོག་འདེགས་ཧུར་ཐག་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་ཐེ་ཞུགས་བྱས་པའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཐེ་ཞུགས་ཚན་པ། སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་བྱེད་པ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་བཅས་ཡིན། འདིར་ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལོ་ལྔའི་རིང་། བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་འགན་འཁྲི་འཁུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཐོག་ནས་མི་དམངས་སྲིད་གྲོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཞིག་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ཆེས་བདེན་པ་དང་ཆེས་གོ་ཆོད་ཤོས་ཀྱི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་སྲོལ་ཞིག་ཡིན་པས་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་ཡོད་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་གི་གཙོ་འཛིན་དང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། བློ་དཀར། སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱེད་རྒྱུ་དེ་ནི་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུ་དེ་ནི་བོད་ལྗོངས་སྲིད་གྲོས་ཀྱིས་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པའི་སྔོན་འགྲོ་དང་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པའི་རྨང་རྡོ་གལ་ཆེན་ཞིག་ཡིན། ངེས་པར་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དོན་ལ་ཇུས་འགོད་བྱེད་རྒྱུ་དེ་སྤྱི་ཡོངས་ལ་དམིགས་ནས་བསམ་གཞིགས་བྱེད་རྒྱུ་དང་། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཡོངས་ལ་དམིགས་ནས་བྱ་སྤྱོད་སྤེལ་རྒྱུ། ལས་དོན་ལ་ཞིབ་དཔྱད་བྱེད་རྒྱུ་དེ་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཕན་འབྲས་ཀྱི་ཐོག་ནས་བསྡུར་ཞིབ་བྱེད་རྒྱུ་བཅས་ནི་བོད་ལྗོངས་སྲིད་གྲོས་ཀྱི་གཙོ་བོའི་འགན་སྒྲུབ་རྩ་དོན་དང་ནུས་པ་འདོན་སྤེལ་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་ཡིན། ངེས་པར་དུ་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་ཡོང་བ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་ཆ་ཆེ་ཤོས་ཀྱི་ཐོག་ནས་ཀུན་སེམས་གཅིག་ཏུ་སྒྲིལ་རྒྱུ་དང་། དྲང་ནུས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་ཐུབ་པ་བཅས་བྱེད་རྒྱུ་ནི་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། ངེས་པར་དུ་ཁྲིམས་ལུགས་དང་སྒྲིག་ཡིག་ལྟར་འགན་འཁྲི་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་དེ་བཞིན་སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་གཞིར་བཟུང་སྲིད་གྲོས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་བསྒྱུར་བཅོས་གསར་གཏོད་ནང་ཞུགས་རྒྱུ་དེ་ནི་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་སྲུང་བྱ་གལ་ཆེན་ཞིག་ཡིན། ངེས་པར་དུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཨུ་ཡོན་གྱི་གཙོ་རྐང་ནུས་པ་དང་ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ། ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་ནི་བོད་ལྗོངས་སྲིད་གྲོས་ཀྱིས་ངེས་པར་དུ་སྲ་བརྟན་གཏོང་དགོས་པའི་རྨང་གཞིའི་ལས་གཞི་ཞིག་ཡིན། ཉམས་མྱོང་དང་མྱོང་ཚོར་དེ་དག་ནི་སྔ་འཛིན་ཕྱི་གཏོད་དང་གསར་གཏོད་ལག་ལེན་གྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ལ་ཕྱིས་འབྱུང་སྲིད་གྲོས་ལས་དོན་གྱི་གཞི་རྩའི་རྩ་དོན་ཞིག་ཀྱང་ཡིན་པས་ངེས་པར་དུ་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་དང་གཅེས་འཛིན་སྔར་ལས་ལྷག་པ་བྱེད་དགོས།
དུས་རབས་གསར་པ་དང་འགྲོགས་པ་དང་། དགོངས་པ་གསར་པ་ལག་ལེན་བྱེད་པ། རྣམ་པ་གསར་པ་མངོན་པར་བྱེད་པ། བྱས་རྗེས་གསར་པ་གསལ་སྟོན་བྱེད་པ་བཅས་ལ་དམིགས་ནས་ངེས་པར་དུ་གནད་དོན་གྱི་འཛིན་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྲིད་གྲོས་ལས་དོན་ཁྲོད་ཀྱི་མི་འདེང་བའི་ཆ་དང་ཧེ་བག་ལ་ངོས་འཛིན་གསལ་པོ་བྱེད་དགོས། དེ་ཡང་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་སྲིད་གླེང་ཇུས་འདོན་བྱེད་པར་སྐད་ཆ་བདེན་པ་དང་། ཡག་པོ། གནད་སྨིན་བཅས་ཤོད་པར་ཤུགས་རྒྱག་དགོས། གྲོས་མོལ་སྲིད་གླེང་བྱེད་སྟངས་དང་བྱེད་ཐབས་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཏང་སྲིད་ལ་མཁོ་བའི་འགན་སྒྲུབ་ཀྱི་ནུས་པ་དང་འགན་སྒྲུབ་ཀྱི་དངོས་ཕན་ཆེ་རུ་གཏོང་རྒྱུའི་ཐོག་གཅིག་བསྡུས་ཡོང་བ་བྱེད་དགོས་པ། འགན་སྒྲུབ་ཀྱི་འབྲས་བུ་དངོས་སྒྱུར་ཡོང་བའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་སྲིད་གྲོས་ཀྱི“ཤོག་ཐོག་རྩོམ་ཡིག”དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཕན་སྐུལ་གཏོང་བའི“ཐོན་རྫས་དངོས”ལ་འགྱུར་ཐུབ་པ་བྱེད་དགོས་པ། ཨུ་ཡོན་གྱི་འབྲེལ་གཏུག་དང་། ཞབས་ཞུ། སློབ་སྦྱོང་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས་པ། ཆེད་དོན་ཨུ་ལྷན་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས་པ། རིགས་ཁོངས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་རིགས་ཁོངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས་པ། ལས་ཁུངས་ཀྱི་ཞབས་ཞུར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སྲིད་གྲོས་ལས་ཁུངས་ཀྱི“ཞབས་ཞུ་ལྔ”ཡི་འགན་ནུས་དང་“ཐུབ་པ་གསུམ”གྱི་བླང་བྱ་གཞིར་བཟུང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་སྤྱོད་ཚུལ་ལེགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་དགོས།
སླད་ཕྱིན་ལོ་ལྔའི་ལས་དོན་གྱི་གྲོས་འགོ།
བསམ་བློ་གསར་པར་བརྟེན་ནས་དུས་རབས་གསར་པའི་སྣེ་ཁྲིད་པ་དང་འགན་འཁྲི་གསར་པར་བརྟེན་ནས་ལམ་བུ་གསར་པ་གཏོད་དགོས། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་དང་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་། དེ་བཞིན་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་དང་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བཅས་བྱས་ཏེ། རང་ལྗོངས་ལ་འཕྲད་པའི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བར་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཐོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་ལ་དམིགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་དང་། གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་དང་“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་བརྩམ་རྒྱུ་བཅས་ལ་ལེགས་སྐྱེས་གསར་པ་འབུལ་དགོས།
གཅིག གཙོ་འཛིན་ལ་གོང་བཀུར་དང་སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱས་ཏེ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འཛིན་པའི་རང་རྟོགས་བྱེད་སེམས་བརྟན་དུ་གཏོང་དགོས།
གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་དུས་ཡུན་རིང་པོའི་ནང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་མི་དམངས་ཀྱིས་གུས་བཀུར་བྱེད་པ། ངོ་གནོང་མི་དགོས་པའི་ཏང་གི་གཙོ་འཛིན་ཡིན་པ་བཅས་ལ་དམིགས་ནས་ཤུགས་རྒྱག་དགོས་པ་དང་། “འདུ་ཤེས་བཞི”བརྟན་པོ་བཅངས་པ་དང་། “གདེང་ཚོད་བཞི”བརྟན་པོ་བཙུགས་ཐོག་བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་ལ་བརྩི་བཀུར་དང་། ཡིད་ཆེས། བློ་དཀར། སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས་ཤིང་། བསམ་བློའི་ཐོག་ཚད་མཐོའི་མོས་སེམས་དང་། ཆབ་སྲིད་ཐོག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྩ་འཛུགས་ཐོག་རང་རྟོགས་ངང་དང་ལེན་བྱེད་པ། བྱ་སྤྱོད་ཐོག་རྗེས་སུ་དམ་པོར་འབྲང་བ་བཅས་བྱེད་རྒྱུ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་ལས་དོན་ཁག་ལ་བཀོད་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩི་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ལྟེ་བར་བརྩི་བ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་གཙོ་རྐང་དུ་བརྩི་བ་བཅས་དེ་དག་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས། དེ་བཞིན་ཐབས་ཇུས་བཀོད་སྒྲིག་བཅས་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་རང་རྟོགས་བྱེད་སེམས་ཆེ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། ཁ་ཕྱོགས་གཅིག་མཐུན། བྱ་སྤྱོད་གཅིག་མཐུན་བཅས་ཡོང་བ་བྱེད་དགོས།
གཉིས། ཐོག་མཐའ་བར་གསུམ་དུ་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་ཏེ་བསྒྱུར་འཕེལ་བརྟན་གསུམ་ལ་ཕན་སྐུལ་གཏོང་རྒྱུའི་ཐད་ལས་རྗེས་གསར་པ་མངོན་ཐུབ་པ་བྱེད་དགོས།
སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་ཇུས་ཤུགས་མཉམ་འདོན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ཏེ་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུར་བསམ་ཇུས་འདིང་བ་དང་། ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ། མང་ཚོགས་ལ་ཕན་པ་འདོགས་རྒྱུར་འབོད་སྐུལ་བྱེད་པ། ཀུན་སེམས་གཅིག་ཏུ་སྒྲིལ་རྒྱུར་ལག་ལེན་བསྟར་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་སྒྲུབ་ཀྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་རྒྱུ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། བསྒྱུར་བཅོས་དང་གོང་འཕེལ་ལ་ཕན་སྐུལ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་ལེན་བསྟར་རྒྱུ་དང་། “ཆ་བཅུ་གསུམ་གྱི་འབྲེལ་བར་ཐག་གཅོད་ཡང་དག” “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་རྒྱུར་ཕན་སྐུལ་བཏང་ནས་གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་རོགས་འདེགས་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ལ་བརྩིས་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་བཅད་འཛུགས་རྒྱུར་བློ་རིག་དང་ནུས་ཤུགས་གང་ཡོད་འདོན་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་འགན་སྒྲུབ་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་དོན་གཉེར་བྱེད་རྒྱུར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་དང་བློ་འདྲི་ཇུས་འདོན་ཧུར་ཐག་བྱེད་དགོས། དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་བསྒྲུབ་རྒྱུར་རོགས་འདེགས་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་ཕན་སྐུལ་གཏོང་བའི་འགན་འཁྲི་ཆེན་པོ་ཞིག་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩིས་ནས་ཕར་ཆིན་རྒྱག་པ་ལྟ་བུའི་སྙིང་རུས་ཐོག་ནས་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་ཡོང་བར་ཕན་སྐུལ་གང་ཐུབ་གཏོང་དགོས།
གསུམ། ངོ་བོའི་ངེས་གནས་སྟངས་འཛིན་འཕྱུགས་མེད་བྱས་ཏེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བའི་ཐད་གོང་འཕེལ་གསར་པ་ཡོང་བ་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ངོ་བོའི་ངེས་གནས་ཁོང་དུ་ཆུད་པ་དང་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་མོལ་དང་། ལྟ་སྐུལ། ཐེ་ཞུགས། མཉམ་ལས་བཅས་གཞི་གཅིག་ཅན་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས། ཏང་སྲིད་ཀྱི་མཁོ་དགོས་དང་། མང་ཚོགས་ཀྱི་རེ་སྒུག སྲིད་གྲོས་ཀྱི་འགན་ནུས་བཅས་ཀྱི་གལ་ཆེའི་ལས་འགན་ཐོག་གནད་འཕིགས་གཅིག་བསྡུས་ཡོང་བ་བྱས་ཏེ་ལོ་འཁོར་མོའི་གྲོས་མོལ་འཆར་གཞི་བཟོ་འབེབས་དང་ལག་བསྟར་ཡག་པོ་བྱས་ཁར། འཇུག་སྒོ་ཆུང་ཞིང་བཀོལ་སྤྱོད་ཆེ་བའི་དཔྱོད་དོན་བདམས་ཏེ་རྟོག་ཞིབ་བརྟག་དཔྱད་ཀྱིས་དེ་ཉིད་སྲིད་གྲོས་ཀྱི་འགན་སྒྲུབ་གྲགས་རྟགས་དང་ཁྱད་ཆོས་ཞིག་ཏུ་འགྱུར་བ་བྱེད་དགོས། “དོན་དག་ལ་གྲོས་བསྡུར་ཡག་པོ་དང་། ཚང་མའི་དོན་དག་ལ་ཚང་མས་གྲོས་མོལ་བྱེད་རྒྱུ་ནི་མི་དམངས་དམངས་གཙོའི་དོན་དམ་ཞིག་ཡིན་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོས་མོལ་བྱེད་ཚད་མང་དུ་གཏོང་བ་དང་། གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་ལས་རིམ་ཚད་ལྡན་བཟོ་བ། གྲོས་མོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོས་མོལ་གྱི་བྱེད་ཐབས་ལེགས་བཅོས་བྱེད་པ་བཅས་ཀྱི་ཐོག་ནས་གྲོས་མོལ་དམངས་གཙོ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་གྲོས་མོལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ལས་རིམ་ཧྲིལ་པོའི་ནང་ཁྱབ་ཐུབ་པ་བྱེད་དགོས། གྲོས་མོལ་སྲིད་གླེང་གིས་ནང་དོན་དང་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱིས་སྣེ་འདྲེན་བྱེད་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུད་ཚོགས་འདུས་གཙོ་གནད་བྱེད་པ། ཆེད་དོན་གྲོས་མོལ་ཚོགས་འདུ་དང་། ཁ་གཏད་གྲོས་མོལ་ཚོགས་འདུ། རིགས་ཁོངས་གྲོས་མོལ་ཚོགས་འདུ། གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་ཚོགས་འདུ་བཅས་རྒྱུན་རྣམ་དུ་འགྱུར་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་ཚིགས་ཀྱི་གྲོས་མོལ་ཚོགས་འདུ་འཚོག་རྒྱུ་གསར་གཏོད་བྱེད་དགོས། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་དུ་ལྟ་སྐུལ་བྱས་ཏེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ཁྲོད་ཀྱི་མི་འདེང་བའི་ཞན་ཆ་སེལ་དགོས།
བཞི། སེམས་ཤུགས་གཅིག་འགྲིལ་གང་ཐུབ་བྱས་ཏེ་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོར་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས།
སྲིད་གྲོས་ཀྱིས་མཐུན་སྒྲིལ་མཛའ་འབྲེལ་ཡོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེན་མོ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་མཐུན་སྦྱོར་འབྲེལ་གཏུག་དང་། མཐུན་སྒྲིལ་དམ་ཟབ། མི་སེམས་གཅིག་སྒྲིལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རང་ལྗོངས་ཀྱི་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཁར། མི་རིགས་ཁག་དང་ལས་རིགས་ཁག་གིས་སེ་འབྲུའི་འབྲུ་གུ་ལྟ་བུའི་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“ཁྲིད་སྟོན”བྱེད་རྒྱུའི་ཐད་ཤུགས་བརྒྱབ་ཐོག མཐུན་སྒྲིལ་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་རྒྱུའི་ཐད་ཆོས་ཕྱོགས་མི་སྣའི་ཕན་ནུས་འདོན་སྤེལ་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མི་རིགས་དང་། གྲུབ་མཐའ། རིམ་གྲས། རིགས་ཁོངས། ཚོགས་པ་བཅས་ཁག་དང་། དེ་བཞིན་ལས་རིགས་ཁག་གི་མི་སྣའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ལྗོངས་ཏང་ཨུད་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས། རྒྱ་ཆེ་བའི་ཚབ་མཚོན་རང་བཞིན་དང་ཤུགས་ཆེ་བའི་བསྟུན་མཁས་རང་བཞིན་མངོན་པར་བྱས་ཏེ་ཨུ་ཡོན་གྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་རྒྱུར་བརྟེན་ནས་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དོགས་གནད་སེལ་བ། འགལ་བ་སེལ་བ། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། བློ་རྩ་བརྟན་པོའི་སྒོ་ནས་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་བར་སྐུལ་སློང་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཐོག ཐབས་ཇུས་གཉིས་འདོན་ཧུར་ཐག་བྱས་ཏེ་སྲིད་གཞུང་དང་ཚོང་དོན་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་ཟབ་ཏུ་བཏང་ནས་སྤྱི་དབང་མིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།
ལྔ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་འཇོན་ཐང་ཆེ་རུ་བཏང་ནས་ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་པའི་ཐད་རྣམ་པ་གསར་པ་ཞིག་མངོན་པ་བྱེད་དགོས།
སྲིད་གྲོས་ཀྱི་འགན་སྒྲུབ་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འགག་གནད་དེ་དམ་པོར་བཟུང་ནས་ཨུ་ཡོན་གྱིས་འབྲེལ་གཏུག་ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཤང(གྲོང་རྡལ་དང་ཁྲོམ་གཞུང)སྲིད་གྲོས་ཨུ་ཡོན་གྱི་འབྲེལ་གཏུག་ཞབས་ཞུའི་ཚན་པ་འཛུགས་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་སྟེ། ཨུ་ཡོན་གྱིས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་ཐུབ་པའི་ཁར། འཁྲི་འགན་གཙང་སྒྲུབ་བྱེད་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་དགོས། དམིགས་ས་ཡོད་པའི་སྒོ་ནས་ཨུ་ཡོན་གྱི་སློབ་སྦྱོང་དང་ཁོང་ཚོར་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཤེས་རྟོགས་དང་། བརྟག་དཔྱད་ཞིབ་འཇུག མང་ཚོགས་དང་འབྲེལ་འདྲིས། མཉམ་ལས་མཉམ་སྒྲུབ་བཅས་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཨུ་ཡོན་གྱི་གཙོ་རྐང་འདུ་ཤེས་དང་ཐེ་ཞུགས་འདུ་ཤེས་ཟབ་ཏུ་བཏང་ནས་ལེགས་སྐྱེས་འབུལ་འདོད་ཆེ་བ་དང་། རང་རྟོགས་ངང་སྐུལ་སློང་བྱེད་པ། རང་འགུལ་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཁར། “སྐད་ཆ་ཤོད་ལུགས་འགྲིག་པའི”ཐོག་ནས་ཐབས་ཇུས་ཀྱི་བརྒྱུད་རིམ་ལ་བག་ཆགས་བཟང་པོ་འཇོག་པ་དང་། ཐབས་ཇུས་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། ཐབས་ཇུས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ལ། “བྱེད་སྟངས་བྱེད་ལུགས་འགྲིག་པའི”ཐོག་ནས་འཁྲི་འགན་གཙང་སྒྲུབ་དང་། མཚན་སྙན་གཏོད་པ། བབ་ཆགས་འཇོག་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རིགས་ཁོངས་ཀྱི་འཐུས་ཚབ་རང་བཞིན་མངོན་ཆེར་བཟུང་བ་དང་། རིགས་ཁོངས་བཟོ་འཛུགས་བྱེད་རྒྱུ་ལེགས་སུ་གཏོང་བ། རིགས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་གོང་རིམ་གྱི་གནས་ཚུལ་གསལ་རྟོགས་དང་། བར་རིམ་དང་འབྲེལ་གཏུག་བྱེད་པ། མང་ཚོགས་དང་འབྲེལ་འདྲེས་ཐུབ་པ་བཅས་བྱས་ཐོག གོང་རིམ་ལ་ཏང་གི་སྲིད་དོན་ཆེ་མོའི་མཛད་ཕྱོགས་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བར་ལ་ཕྱོགས་གང་ཐད་ནས་འབྲེལ་འདྲེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། འོག་ལ་གཞི་རིམ་དུ་གཞི་ཚུགས་ནས་མང་ཚོགས་དང་འབྲེལ་འདྲེས་ཐུབ་པ་བཅས་བྱེད་དགོས། སྲིད་གྲོས་ཀྱི་འགན་སྒྲུབ་དགོས་མཁོ་དང་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་གཉིས་སྙོམས་སྒྲིག་ནུས་ལྡན་བྱས་ཐོག “དྲང་ནུས”གཅིག་ཏུ་བསྡུས་ནས“ཕན་འབྲས་དངོས”ཐོན་པ་བྱེད་དགོས།
དྲུག རྒྱུན་བསྲིང་ལྷོད་མེད་ངང་རྨང་རྩ་གཉིས་བརྟན་ཡོང་བ་བྱས་ཏེ་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་མཚན་སྙན་གསར་པ་གཏོད་དགོས།
ཏང་གིས་སྲིད་གྲོས་བྱ་གཞག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་སྲོག་ཤིང་གི་འགོ་ཁྲིད་ནུས་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་དེ་ཁྲིམས་དང་སྒྲིག་ཡིག་བཞིན་འགན་འཁྲི་བསྒྲུབ་རྒྱུ་དང་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་དགོས། སྲིད་གྲོས་ཨུ་ཡོན་ཁྲོད་ཀྱི་གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་མིག་དཔེ་སྟོན་ནས་ཏང་གི་སྒྲིག་ཡིག་ལ་སྲུང་བརྩི་ཞུ་བ་དང་། ཏང་གི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་ཁར། མིག་དཔེ་སྟོན་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྲིད་གྲོས་བྱ་གཞག་གི་སྲུང་སྐྱོབ་པ་དང་ལག་ལེན་པ་རྣམ་དག་ཅིག་བྱེད་ཐུབ་པ་དགོས། ལས་རིགས་དང་། དད་མོས། མི་རིགས། རིགས་ཁོངས་བཅས་གང་ཡིན་ལ་མི་བལྟོས་པར་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མས་ངེས་པར་དུ་མིག་དཔེ་གཞན་སྟོན་གྱིས་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་གྲོས་ཀྱི་སྒྲིག་ཡིག་བཅས་ལ་སྲུང་བརྩི་ཞུ་དགོས་ལ། ཏང་གི་གཙོ་འཛིན་དང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། བློ་དཀར། སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱས་ཐོག བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྲིད་གྲོས་ཀྱི་གྲོས་ཆོད་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དར་ཆ་མཐོན་པོར་བསྒྲེངས་པ་དང་། གཙོ་དོན་མངོན་ཆེར་བཟུང་ཐོག མིག་དཔེ་གཞན་སྟོན་གྱིས་ཨུ་ཡོན་གྱི་འགན་འཁྲི་དང་འོས་འགན་སྒྲུབ་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུ་དང“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་དགོས། རྒྱུན་ལས་ཨུ་ལྷན་དང་། སྲིད་གྲོས་ཨུ་ཡོན། ཆེད་དོན་ཨུ་ལྷན། རིགས་ཁོངས། ལས་ཁུངས་བཅས“ཕྱོགས་བཞི་གཞི་གཅིག་ཅན”འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་རྟོགས་ངང་སྤྱི་ཡོངས་ནང་མཉམ་འདྲེས་དང་། སྤྱི་ཡོངས་ལ་ཞབས་ཞུ། སྤྱི་ཡོངས་འགན་སྲུང་བཅས་བྱས་ཐོག བསམ་གཞི་གསར་གཏོད་དང་བྱེད་ཐབས་དངོས་ལ་བརྟེན་ནས་ལྷག་བསྡད་པའི་གནད་དོན་ཐག་གཅོད་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཐད་བོད་དུ་དམིགས་བསལ་གང་ཡང་མེད་པ་མ་ཟད། བོད་ལྗོངས་སྲིད་གྲོས་ལའང་དམིགས་བསལ་གང་ཡང་མེད་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི“ལག་བསྟར་བྱ་ཐབས”བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་ཞིག་གཏོད་དགོས། རང་རྟོགས་ངང་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་སྟོན་དང་ལེན་ཧུར་ཐག་ཞུས་ནས་བོད་ཀྱི་ལས་དོན་ཁག་ལ་ཞབས་ཞུ་སྒྲུབ་པ་དང་། གཞི་རིམ་སྲིད་གྲོས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
ཨུ་ཡོན་རྣམ་པ། བློ་རིག་གཅིག་ཏུ་བསྡུས་ན་ཇུས་བཟང་འདོན་ཐུབ་པ་དང་། ནུས་ཤུགས་གཅིག་ཏུ་འགྲིལ་ན་རླབས་ཆེའི་བྱ་གཞག་གཏོད་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཤིང་། མཐུན་སྒྲིལ་འབད་འབུངས་དང་བྱས་རྗེས་འཇོག་ཐུབ་པ་བྱས་ཏེ་རང་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བའི་བོད་ལྗོངས་ཀྱི་ལེའུ་བརྩམ་རྒྱུ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣