སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ལོ་རྒྱུས་མདོར་བསྡུས།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། སྐྱེས་པ། བོད་རིགས། 1940ལོའི་ཟླ་2པར་སྐྱེས། སི་ཁྲོན་ལི་ཐང་བ། ཏང་ཤོག་གང་ལའང་མི་གཏོགས་པ། 1950ལོའི་ཟླ་9པར་ལས་ཀར་ཞུགས། སློབ་ཆེན་སློབ་རྒྱུས་ལྡན།
ད་ལྟ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་མུས།
1942ལོ་—1942ལོ། ཆབ་མདོ་བྱམས་པ་གླིང་དགོན་པའི་འཕགས་པ་ལྷ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས།
1950ལོ་—1952ལོ། ཆབ་མདོ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨང་དང་པོ་གནང་།
1952ལོ་—1956ལོ། སེ་ར་དགོན་པར་དཔེ་ཆ་སྦྱངས།
1956ལོ་—1959ལོ། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
1959ལོ—1965ལོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཆབ་མདོ་ཀྲོན་ཧྲུའི་ཀྲོན་ཡོན་བཅས་གནང་།
1965ལོ་—1979ལོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་།
1979ལོ་—1993ལོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་གནང་།
1993ལོ་—2003ལོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་མཚན་འཛིན་ཚོགས་གཙོ་བཅས་གནང་།
2003ལོ་—རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་གནང་།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པ་དང་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་གནང་།
བསྟན་ཁོ།
བསྟན་ཁོ། སྐྱེས་པ། བོད་རིགས། 1962ལོའི་ཟླ་9པར་སྐྱེས། མཚོ་སྔོན་གསེར་ཆེན་བ། 1988ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1981ལོའི་ཟླ་7པར་ལས་ཀར་ཞུགས། ཞིང་ཨུད་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་མུས།
1978.09--1981.07མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་དགེ་འོས་སློབ་གྲྭར་སློབ་སྦྱོང་བྱས།
1981.07--1982.10མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་དགེ་འོས་སློབ་གྲྭར་དགེ་རྒན་བྱས།
1982.10--1990.09མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་སློབ་གསོ་ཅུས་ཀྱི་དྲུང་ཡིག་དང་། རྫོང་ཞིབ་དཔྱོད་ཁང་གི་ལས་བྱེད་པ། རྫོང་བཟོ་ཚོང་ཅུས་ཀྱི་ཅུས་ཀྲང་གཞོན་པ། རྫོང་ཚོང་ལས་ཅུས་ཀྱི་ཅུས་ཀྲང་བཅས་བྱས(དེའི་རིང་1984.06--1985.07བར། ནུབ་བྱང་སྲིད་ཁྲིམས་སློབ་གླིང་ཁྲིམས་ལུགས་ཚན་ཁག་ཏུ་ཁྲིམས་ལུགས་ཆེད་ལས་ལག་ཁྱེར་འཛིན་གྲྭར་སློབ་སྦྱོང་བྱས)
1990.09--1992.07མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུ་སྣུམ་ཀུང་སིའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་ཅིང་ལི་གཞོན་པ། གསེར་ཆེན་རྫོང་ཚོང་ལས་ཅུས་ཀྱི་ཅུས་ཀྲང་བྱས།
1992.07--1995.10མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་བྱས(དེའི་རིང་1993.04--1994.12བར། ཀྲུང་དབྱང་མི་རིགས་སློབ་གླིང་དུ་སྲིད་འཛིན་དོ་དམ་ཆེད་ལས་སློབ་སྦྱོང་བྱས)
1995.10--1997.12མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བྱས།
1997.12--2000.04མཚོ་སྔོན་ཞིང་ཆེན་མང་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་ལས་ཚབ། རྫོང་དཔོན་བཅས་བྱས།
(1996.09--1999.11བར། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་དུ་ཁྲིམས་ལུགས་ཆེད་ལས་སློབ་སྦྱོང་བྱས)
2000.04--2000.12མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
2000.12--2001.03མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲོའུ་ཀྲང་གཞོན་པ་བྱས།
2001.03--2001.04མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲོའུ་ཀྲང་ལས་ཚབ་བྱས།
2001.04--2005.01མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲོའུ་ཀྲང་བྱས།
(2001.02--2003.07བར། མཚོ་སྔོན་ཞིང་ཨུད་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སྤྱི་ཚོགས་རིག་པའི་ཆེད་ལས་སློབ་སྦྱོང་བྱས། 2003.03--2004.02བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས)
2005.01--2007.07 མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་བྱས།
2007.07--2010.06 མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་བྱས།
2010.06--2012.05 མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་བྱས།
2012.05--2013.01 མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་བྱས།
2013.01--2016.10 མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བྱས།
2016.10--2017.01 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བྱས།
2017.01--བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བྱས།
སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བྱས།
ཀའོ་དབྱང་།
ཀའོ་དབྱང་། སྐྱེས་པ། རྒྱ་རིགས། 1957ལོའི་ཟླ་10པར་སྐྱེས། ཧྲན་ཏུང་ཚའོ་རྫོང་བ། 1983ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1976ལོའི་ཟླ་12པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་མུས།
1975.11—1976.12 ཁྲེང་ཏུའུ་གནམ་གཤིས་སློབ་གྲྭར་གནམ་གཤིས་འཕྲིན་གཏོང་ཆེད་ལས་སློབ་སྦྱོང་བྱས།
1976.12—1983.08 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གཏོང་མཁན་བྱས།
1983.08—1985.12 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱི་དྲུང་ཡིག་བྱས།
1985.12—1988.05 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གནམ་གཤིས་ལས་ཁུངས་ཆབ་སྲིད་ཁྲུའུ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བྱས།
1988.05—1989.12 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གནམ་གཤིས་ལས་ཁུངས་གཞུང་ལས་ཁང་གི་ཀྲུའུ་རེན་བྱས།
1989.12—1990.06 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གནམ་གཤིས་ལས་ཁུངས་ཏང་ཨུད་ཀྱི་ཨུ་ཡོན་དང་། གཞུང་ལས་ཁང་གི་ཀྲུའུ་རེན། ཐའེ་ཀྲང་ལས་རོགས་པ་བཅས་བྱས།
1990.06—1993.05 བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་མི་དོན་སློབ་གསོ་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་ཁྲུའུ་ཀྲང་བྱས།
1993.05—1997.11 བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཅུས་ཀྲང་ལས་རོགས་པ་བྱས།
1997.11—2006.12 བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའི་ཁོངས་མི་དང་། ཅུས་ཀྲང་གཞོན་པ། སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གཅིག་ལྕོགས་བྱས(དེའི་རིང་1995.08—1998.06བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་ཆེད་ཚན་སློབ་ཆེན་འཛིན་གྲྭར་སློབ་སྦྱོང་བྱས། 1999.08—2001.12བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དངོས་ཚན་འཛིན་གྲྭར་ཁྲིམས་ལུགས་ཆེད་ལས་སློབ་སྦྱོང་བྱས། 2002.08—2003.02བར། ཀྲུང་གོ་གནམ་གཤིས་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པར་གནས་སྦྱར་བྱས། 2003.09—2006.07བར། སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས)
2006.12—2007.03 བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་བྱས།
2007.03—2011.01 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ(ཐིང་རིམ་པ་རྒན་པ)བྱས།
2011.01—2013.01 བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཁོངས་མི་དང་དྲུང་ཡིག་ཆེ་མོ་བ་བྱས།
2013.01—2013.06 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།
2013.06—2014.02 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཧྲུའི་ཀྲོན་ཡོན་བྱས།
2014.02—2016.02 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་བྱས།
2016.02—2016.04 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།
2016.04—བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་བཅས་བྱས(དེའི་རིང་2016.09—2016.11བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་རིམ་པའི་ལས་བྱེད་པའི“དམངས་གཙོ་དང་སྤྱི་ཚོགས་འཛུགས་སྐྲུན”ཞིབ་འཇུག་བརྗོད་དོན་གཙོ་བོའི་སློབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)
སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།
སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། སྐྱེས་པ། བོད་རིགས། 1955ལོའི་ཟླ་12པར་སྐྱེས། བོད་ལྗོངས་ནག་ཆུ་བ། ཏང་ཤོག་གང་ལའང་མི་གཏོགས་པ། 1980ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཆེད་ཚན་སློབ་ཆེན་གྱི་སློབ་རྒྱུས་ལྡན།
ད་ལྟ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་བཞེས་མུས།
1958.06—1967.03 བོད་ལྗོངས་ནག་ཆུ་རྫོང་ཞབས་རྟེན་དགོན་པའི་སྐུ་ཕྲེང་བདུན་པའི་སྒྲུབ་ཁང་སྤྲུལ་སྐུར་ངོས་འཛིན་བྱས་ནས་གསེར་ཁྲིར་འཁོད་རྗེས་ནག་ཆུ་རྫོང་ཞབས་རྟེན་དགོན་པར་དཔེ་ཆ་སློབ་སྦྱོང་བྱས།
1967.03—1970.06 བོད་རང་སྐྱོང་ལྗོངས་ནག་ཆུ་རྫོང་པར་མདའ་ཤང་དུ་ངལ་རྩོལ་བྱེད་པར་བཏང་།
1970.06—1974.10 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་བཙོན་ཁང་དུ་ངལ་རྩོལ་སྒྱུར་བཀོད་བྱས།
1974.10—1979.05 བོད་རང་སྐྱོང་ལྗོངས་བཙོན་ཁང་དང་པོར་ངལ་རྩོལ་སྒྱུར་བཀོད་བྱས།
1979.05—1980.07 དག་སེལ་གློད་དཀྲོལ་བྱུང་རྗེས་ཁྱིམ་དུ་བསྡད།
1980.07—1982.05 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་བྱས།
1982.05—1985.08 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བྱས(དེའི་རིང་1983.09—1985.07བར། བོད་ལྗོངས་མི་རིགས་སློབ་གླིང་གི་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས)
1985.08—1998.05 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་བཅས་བྱས(དེའི་རིང་1987.09—1988.06བར། ཀྲུང་གོའི་བོད་སྐད་ཡིག་ཚན་ཁག་མཐོ་རིམ་ནང་བསྟན་སློབ་གླིང་དུ་ནང་བསྟན་རིག་པའི་ཆེད་ལས་སློབ་སྦྱོང་བྱས)
1998.05—2003.10 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བྱས།
2003.10—2011.06 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་ལས་འཛིན་པ(2004ལོར་བསྐོས) ནག་ཆུ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ(2004ལོར་བསྐོས) ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ(2005ལོར་བསྐོས) བོད་བརྒྱུད་ནང་བསྟན་སློབ་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(2008ལོར་བསྐོས)བཅས་བྱས།
2011.06— བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་། ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་ལས་འཛིན་པ། ནག་ཆུ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་ཞབས་རྟེན་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། བོད་བརྒྱུད་ནང་བསྟན་སློབ་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་བྱས།
སྐབས་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པ་དང་། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་བྱས།
ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས།
ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། སྐྱེས་པ། བོད་རིགས། 1950ལོའི་ཟླ་9པར་སྐྱེས། བོད་ལྗོངས་ལྷ་ས་བ། ཏང་ཤོག་གང་ལའང་མི་གཏོགས་པ། 1956ལོའི་ཟླ་10པར་ལས་ཀར་ཞུགས། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་འཁུར་མུས།
1955ལོར་ཚེ་སྨོན་གླིང་སྐུ་ཕྲེང་ལྔ་པའི་སྤྲུལ་སྐུར་ངོས་འཛིན་བྱས།
1956.10—1958.08 ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་པ་བྱས།
1958.08—1959.03 སེ་ར་དགོན་པར་དཔེ་ཆ་སློབ་སྦྱོང་བྱས།
1959.03—1959.08 ཁྱིམ་དུ་བསྡད།
1959.08—1964.03 བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པར་སློབ་སྦྱོང་བྱས།
1964.03—1966.04 བོད་རང་སྐྱོང་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭར་སློབ་སྦྱོང་བྱས(སྐབས་བཞི་པའི་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ཚོགས་འདུར་ཞུགས་པ་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ་བྱས)
1966.04—1977.03 བོད་ལྗོངས་དམག་ཁུལ་ཁང་ཐོན་སྐྱེད་འཛུགས་སྐྲུན་ཁྲི་ཤོག་ལྷོ་ཁའི་ཞིང་རར་ངལ་རྩོལ་བྱས།
1977.03—1977.12 བོད་རང་སྐྱོང་ལྗོངས་རྒྱལ་གཅེས་མི་སྣའི་སློབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།
1977.12—1982.10 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བྱས(1980ལོའི་རྗེས་སུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བྱས) 1982.10—1999.10 ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་བྱས(1990ལོའི་རྗེས་སུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་འཁུར་བ་དང་། 1990ལོའི་ཟླ་8པར་སྐབས་བདུན་པའི་རྒྱལ་ཡོངས་གཞོན་ནུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས)
1999.10—2003.01 ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ(ཐིང་རིམ་པ་རྒན་པ)བྱས།
2003.01— བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བྱས།
རྒྱལ་ཡོངས་སྲིད་གྲོས་སྐབས་བདུན་པ་དང་། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག བཅུ་གཉིས་བཅས་ཀྱི་ཨུ་ཡོན་བྱས།
བློ་བཟང་འགྱུར་མེད།
བློ་བཟང་འགྱུར་མེད། སྐྱེས་པ། བོད་རིགས། 1957ལོའི་ཟླ་9པར་སྐྱེས། བོད་ལྗོངས་སྒར་རྫོང་བ། 1981ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1974ལོའི་ཟླ་9པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མུས།
1974.09—1976.09 བོད་རང་སྐྱོང་ལྗོངས་སྒར་རྫོང་སོག་སྨད་ཤང་དུ་གཞོན་ནུ་ཤེས་ཡོན་ཅན་བྱས།
1976.09—1979.08 ནུབ་བྱང་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཚན་ཁག་ཏུ་བོད་ཡིག་ཆེད་ལས་སློབ་སྦྱོང་བྱས།
1979.08—1980.10 བོད་རང་སྐྱོང་ལྗོངས་རྩྭ་མདའ་རྫོང་བྱང་རྩེ་ཆུས་ཀྱི་སྤྱི་བདེའི་ཆེད་མངགས་པ་བྱས།
1980.10—1983.10 བོད་རང་སྐྱོང་ལྗོངས་རྩྭ་མདའ་རྫོང་ཨུད་རྩ་འཛུགས་དྲིལ་བསྒྲགས་པུའི་ལས་བྱ་བྱས།
1983.10—1984.10 བོད་རང་སྐྱོང་ལྗོངས་རྩྭ་མདའ་རྫོང་ཨུད་རྩ་འཛུགས་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བྱས།
1984.10—1987.05 བོད་རང་སྐྱོང་ལྗོངས་རྩྭ་མདའ་རྫོང་ཨུད་རྩ་འཛུགས་དྲིལ་བསྒྲགས་པུའི་པུའུ་ཀྲང་བྱས།
1987.05—1990.01 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་རྩ་འཛུགས་པུའུ་མི་དོན་ཁོའི་ཁོའོ་ཀྲང་བྱས(དེའི་རིང་1988.08—1989.07བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་སློབ་སྦྱོང་བྱས)
1990.01—1994.01 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བྱས།
1994.01—1994.12 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་མི་དོན་ཅུད་ཀྱི་ཅུད་ཀྲང་བྱས།
1994.12—1998.07 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་བྱས།
1998.07—2001.12 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱས།
2001.12—2002.12 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
2002.12—2007.04 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱས(དེའི་རིང་2003.03—2003.06བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་པུའུ་རུ་སློབ་སྦྱོང་བྱས། 2004.03—2006.01བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཁྲིམས་ལུགས་རིག་པའི་རིགས་གཞུང་ཆེད་ལས་སློབ་སྦྱོང་བྱས)
2007.04—2008.01 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས།
2008.01—2008.03 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།
2008.03—2011.06 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས། 2011.06—2012.01 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བྱས།
2012.01—2013.01 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས། 2013.01— བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱས།
རྫོང་ལོ་བྱམས་པ་མཁས་གྲུབ།
རྫོང་ལོ་བྱམས་པ་མཁས་གྲུབ། སྐྱེས་པ། བོད་རིགས། 1940ལོའི་ཟླ་པར་སྐྱེས། བོད་ལྗོངས་ཆབ་མདོ་བ། ཏང་ཤོག་གང་ལའང་མི་གཏོགས་པ། 1997ལོའི་ཟླ་11པར་ལས་ཀར་ཞུགས། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བྱམས་པ་གླིང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་པོའི་འགན་འཁུར་མུས། 1943.11—1951.04 བོད་ལྗོངས་རི་བོ་ཆེ་རྫོང་རྫོང་ལོ་དགོན་པའི་སྤྲུལ་སྐུར་ངོས་འཛིན་བྱས་པ་དང་བོད་ལྗོངས་རི་བོ་ཆེ་རྫོང་རྫོང་ལོ་དགོན་པར་དཔེ་ཆ་སྦྱངས།
1951.04—1960.03 བོད་ལྗོངས་ཆབ་མདོ་རྫོང་བྱམས་པ་གླིང་དགོན་དུ་དཔེ་ཆ་སྦྱངས།
1960.03—1983.07 བོད་རང་སྐྱོང་ལྗོངས་ཆབ་མདོ་རྫོང་དང་སྤོ་བོ་རྫོང་དུ་ངལ་རྩོལ་བསྒྱུར་བཀོད་བྱས།
1983.07—1986.06 བོད་རང་སྐྱོང་ལྗོངས་ཆབ་མདོ་རྫོང་བྱམས་པ་གླིང་དགོན་དུ་དཔེ་ཆ་སྦྱངས།
1986.06—1988.09 བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བྱས(1987ལོའི་ཟླ་7པར་དགེ་བཤེས་ཀྱི་མཚན་གནས་ཐོབ)
1988.09—1992.01 བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། བྱམས་པ་གླིང་དགོན་པའི་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་བྱས།
1992.01—2003.09 བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། ཆབ་མདོ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བྱམས་པ་གླིང་དགོན་པའི་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས།
2003.09—2005.11 བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། བྱམས་པ་གླིང་དགོན་པའི་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས།
2005.11—2006.09 བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། བྱམས་པ་གླིང་དགོན་པའི་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས།
2006.09—2008.01 བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ(ས་གནས་རིམ་པ་རྒན་པ)དང་། ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། བྱམས་པ་གླིང་དགོན་པའི་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས།
2008.01—2011.11 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། བྱམས་པ་གླིང་དགོན་པའི་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས།
2011.11—2014.12 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། བྱམས་པ་གླིང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་པོ་བྱས།
2014.12— བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཆབ་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། བྱམས་པ་གླིང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་པོ་བྱས།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་ཨུ་ཡོན་བྱས།
ས་ལུང་ཕུན་ལགས།
ས་ལུང་ཕུན་ལགས། སྐྱེས་པ། བོད་རིགས། 1943ལོའི་ཟླ་3པར་སྐྱེས། བོད་ལྗོངས་ལྷ་རྩེ་བ། ཏང་ཤོག་གང་ལའང་མི་གཏོགས་པ། 1982ལོའི་ཟླ་4པར་ལས་ཀར་ཞུགས། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་པོའི་འགན་འཁུར་མུས། 1952.01པོར་བོད་ལྗོངས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་ཞུགས།
1966.01—1982.04 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་བཀྲ་ཤིས་ལྷུན་པོ་དགོན་པའི་ཞིང་རར་ངལ་རྩོལ་བྱས།
1982.04—1994.01 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་བཀྲ་ཤིས་ལྷུན་པོ་དགོན་བདེ་འཇགས་ཚོགས་ཆུང་གི་དྲུང་ཡིག་དང་། དམངས་བདག་ཨུ་ལྷན་གྱི་ཁོངས་མི། ཀྲུའུ་རེན་གཞོན་པ་བྱས།
1994.01—1998.07 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་བཀྲ་ཤིས་ལྷུན་པོ་དགོན་དམངས་བདག་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བྱས། 1998.07—2007.03 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་བདག་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བྱས།
2007.03—2008.01 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ(ས་གནས་རིམ་པ་རྒན་པ)དང་བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་བདག་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བྱས།
2008.01—2011.11 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། གཞིས་རྩེ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་བདག་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་བྱས།
2011.11—2014.12 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། གཞིས་རྩེ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་པོ་བྱས།
2014.12— བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་པོ་བྱས།
རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པ་དང་། སྐབས་བཅུ་པ། སྐབས་བཅུ་གཅིག་པ། སྐབས་བཅུ་གཉིས་པ་བཅས་ཀྱི་ཨུ་ཡོན་བྱས།
བསོད་ནམས་རིག་འཛིན།
བསོད་ནམས་རིག་འཛིན། སྐྱེས་པ། བོད་རིགས། 1959ལོའི་ཟླ་9པར་སྐྱེས། བོད་ལྗོངས་རིན་སྤུངས་བ། 1981ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1981ལོའི་ཟླ་6པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཚོགས་ཚོ་གཞོན་པ་བཅས་ཀྱི་འགན་འཁུར་མུས།
1978.08—1981.06 ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་དགེ་འོས་སློབ་གྲྭར་སློབ་སྦྱོང་བྱས།
1981.06—1982.03 བོད་རང་སྐྱོང་ལྗོངས་རིན་སྤུངས་རྫོང་སློབ་འབྲིང་གི་དགེ་རྒན་བྱས།
1982.03—1983.06 བོད་རང་སྐྱོང་ལྗོངས་རིན་སྤུངས་རྫོང་རིག་སློབ་ཅུད་ཀྱི་ལས་བྱ་བྱས།
1983.06—1984.07 བོད་རང་སྐྱོང་ལྗོངས་རིན་སྤུངས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བྱས།
1984.07—1989.08 བོད་རང་སྐྱོང་ལྗོངས་རིན་སྤུངས་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བྱས(དེའི་རིང་1986.09—1988.07བར། ཀྲུང་དབྱང་མི་རིགས་སློབ་གླིང་ལས་བྱེད་ཆེད་སྦྱོང་ཚན་ཁག་ཆེད་ཚན་སློབ་ཆེན་འཛིན་གྲྭར་སློབ་སྦྱོང་བྱས)
1989.08—1991.09 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་གཞུང་ལས་ཁང་དྲུང་ཡིག་ཁོའི་དྲུང་ཡིག་དང་། ཁོའོ་ཀྲང་བྱས།
1991.09—1992.11 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སྲིད་ཧྲུའུ་གཞུང་ལས་ཁང་དྲུང་ཡིག་ཁོའི་ཁོའོ་རིམ་པ་རྒན་པའི་དྲུང་ཡིག་བྱས།
1992.11—1993.01 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སྲིད་ཧྲུའི་དྲུང་ཆེ་གཞོན་པ་བྱས།
1993.01—1996.07 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་དྲུང་ཆེ་གཞོན་པ་བྱས།
1996.07—1998.05 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་དྲུང་ཆེ་བྱས།
1998.05—2005.07 བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་བྱས(དེའི་རིང་1999.09—2002.07བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་ལས་སློབ་སྦྱོང་བྱས)
2005.07—2006.12 བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ(ཐིང་རིམ་རྒན་པ)དང་། བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་བྱས།
2006.12—2012.12 བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ(ཐིང་རིམ་རྒན་པ)དང་། བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་བྱས།
2012.12—2013.01 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ(ཐིང་རིམ་རྒན་པ) བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་བྱས།
2013.01—2014.01 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་བྱས།
2014.01—2014.03 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་བྱས།
2014.03—2015.12 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་བྱས།
2015.12— བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་བྱས།
ངག་དབང་།
ངག་དབང་། སྐྱེས་པ། བོད་རིགས། 1963ལོའི་ཟླ་9པར་སྐྱེས། སི་ཁྲོན་འབའ་ཐང་བ། 1989ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1984ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་ལུགས་རིག་པའི་ཤེས་རམས་པ།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མུས།
1980.09—1984.07 ཁྲེང་ཏུའུ་ལུས་རྩལ་སློབ་གླིང་གི་ལུས་རྩལ་ཚན་ཁག་ཏུ་ལུས་རྩལ་ཆེད་ལས་སློབ་སྦྱོང་བྱས།
1984.07—1985.09 བོད་རང་སྐྱོང་ལྗོངས་ལུས་རྩལ་ཨུ་ལྷན་རིག་གནས་ལོ་རྒྱུས་གཞུང་ལས་ཁང་དུ་ལས་ཀ་བྱས།
1985.09—1991.08 བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཅུད་དུ་དངོས་སྦྱོང་ཁྲིམས་རྩོད་པ་དང་། ཁྲིམས་ལུགས་དྲིལ་བསྒྲགས་ཁོའི་ཁོའོ་ཀྲང་གཞོན་པ་བྱས(དེའི་རིང་1986.09—1989.09བར། ཀྲུང་དབྱང་མི་རིགས་སློབ་གླིང་ཞིབ་འཇུག་སློབ་མའི་པུའུ་རུ་བོད་རིག་པའི་ཁྲིམས་ལུགས་ལམ་ལུགས་ལོ་རྒྱུས་ཆེད་ལས་སློབ་སྦྱོང་བྱས་ནས། ཁྲིམས་ལུགས་རིག་པའི་ཤེས་རམས་པའི་མཚན་གནས་ཐོབ)
1991.08—1992.12བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཁྲིམས་ལུགས་སྒྲིག་བཤེར་ཁྲུའི་ཁྲུའུ་རིམ་པ་གཞོན་པའི་ལས་རོགས་ཞིབ་དཔྱོད་པ(ཁོའོ་རིམ་པ་རྒན་པ)བྱས།
1992.12—1993.12 བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཁྲིམས་ལུགས་སྒྲིག་བཤེར་ཁྲུའི་ཁྲུའུ་རིམ་པ་གཞོན་པའི་ཞིབ་དཔྱོད་པ་བྱས།
1993.12—1995.12 བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལྐོག་བཟའ་ངོ་རྒོལ་ཅུད་ཀྱི་ཅུད་ཀྲང་གཞོན་པ་བྱས།
1995.12—1998.05 གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞོན་ནུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་འབྲེལ་གཏུག་པུའི་པུའུ་ཀྲང་དང་ལྗོངས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བྱས།
1998.05—2001.08 གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ལྗོངས་གཞོན་ནུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།
2001.08—2006.12 གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ལྗོངས་གཞོན་ནུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བྱས(དེའི་རིང་2004.03—2005.01བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྱོང་བརྡར་པུའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་འཛིན་གྲྭར་སློབ་སྦྱོང་བྱས། 2004.09—2006.07བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་རིག་པའི་ཆེད་ལས་སློབ་སྦྱོང་བྱས)
2006.12—2011.01 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཧྲུའི་རྒྱུན་ལས་ཀྲོན་ཡོན་གཞོན་པ(ས་གནས་རིམ་པ་རྒན་པ)བྱས།
2011.01—2012.12 བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཁམས་ཐོན་ཁུངས་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བྱས། (དེའི་རིང་2011.03—2011.07བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྱོང་བརྡར་པུའུ་གཞོན་དར་ལས་བྱེད་པ་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས)
2012.12—2013.01 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་བྱས།
2013.01—བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།
ང་ཕོད་འཇིགས་ཡོན།
ང་ཕོད་འཇིགས་ཡོན། སྐྱེས་པ། བོད་རིགས། 1957ལོའི་ཟླ་2པར་སྐྱེས། བོད་ལྗོངས་ལྷ་ས་བ། ཏང་ཤོག་གང་ལའང་མི་གཏོགས་པ། 1976ལོའི་ཟླ་2པར་ལས་ཀར་ཞུགས། སློབ་ཆེན་གྱི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་ཚོགས་ཀྱི་རྒྱུན་ཨུ། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་ཚོགས་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་འཁུར་མུས།
1976.02—1978.02བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་ཀུང་ཧྲེར་གཞོན་ནུ་ཤེས་ཡོན་ཅན་བྱས། 1978.02—1982.02ཧྥུ་ཏན་སློབ་ཆེན་གྱི་གསར་འགྱུར་རིག་པའི་ཚན་ཁག་ཏུ་གསར་འགྱུར་ཆེད་ལས་སློབ་སྦྱོང་བྱས། 1982.02—1982.09ཀྲུང་གོ་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྒྱལ་ནང་པུའི་རྩོམ་སྒྲིག་པ་བྱས།
1982.09—1987.04ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མི་རིགས་པུའི་རྩོམ་སྒྲིག་པ་བྱས།
1987.04—1990.09བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་པེ་ཅིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བྱས།
(1987.02—1989.02བར། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གཉིས་པར་ཟབ་སྦྱོང་བྱས)
1990.09—1994.10བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་པེ་ཅིང་གཞུང་ལས་ཁང་གི་ཀྲུའུ་རེན(ཁྲུའུ་རིམ་རྒན་པ)བྱས།
1994.10—2008.01བོད་སྐྱོར་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ(ཐིང་རིམ་གཞོན་པ)བྱས། 2008.01—2009.11བོད་རང་སྐྱོང་ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ(ཐིང་རིམ་རྒན་པ)བྱས།
2009.11—2010.01བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་ཚོགས་ཀྱི་ཀྲུའུ་ཞི་བྱས།
2010.01—2012.12བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་ཚོགས་ཀྱི་ཀྲུའུ་ཞི་དང་། ལྗོངས་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བྱས།
2012.12—2013.01རྒྱལ་ཡོངས་བཟོ་ཚོང་མཉམ་ཚོགས་ཀྱི་རྒྱུན་ཨུ་དང་། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་ཚོགས་ཀྱི་ཀྲུའུ་ཞི། ལྗོངས་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་བྱས།
2013.01—བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་ཚོགས་ཀྱི་རྒྱུན་ཨུ། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་ཚོགས་ཀྱི་ཀྲུའུ་ཞི། ལྗོངས་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་བྱས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པའི་ཨུ་ཡོན་བྱས།
ཝང་ཡ་ལིན།
ཝང་ཡ་ལིན། སྐྱེས་པ། རྒྱ་རིགས། 1959ལོའི་ཟླ་3པར་སྐྱེས། སི་ཁྲོན་ཀུའུ་ལིན་བ། 1984ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1975ལོའི་ཟླ་8པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་སློབ་ཀྱི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པའི་འགན་འཁུར་མུས།
1975.08—1982.06བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་གནས་ཚོང་ཟོག་སྣ་མང་ཀུང་སིར་ལས་ཀ་བྱས།
1982.06—1984.07བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་གནས་ཚོང་ལས་ཅུད་དུ་ལས་ཀ་བྱས།
1984.07—1987.04གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་གནས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བྱས།
1987.04—1990.06བོད་རང་སྐྱོང་ལྗོངས་ས་སྐྱ་རྫོང་གི་རྫོང་དཔོན་གཞོན་པ་བྱས(དེའི་རིང་1987.10—1988.01བར། ཀྲུང་དབྱང་ཞིང་ལས་དོ་དམ་ལས་བྱེད་སློབ་གླིང་ལྷོ་ནུབ་ཞིང་ལས་སློབ་ཆེན་ཡན་ལག་སློབ་གླིང་དེང་རབས་ཞིང་ལས་དཔལ་འབྱོར་དོ་དམ་སྦྱོང་བརྡར་འཛིན་གྲྭའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱས)
1990.06—1990.12གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་གནས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བྱས།
1990.12—1992.11གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་གནས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བྱས།
1992.11—2000.04གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བྱས(དེའི་རིང་1995.08—1998.06བར། ཀྲུང་དབྱང་ཏང་སློབ་འཕྲིན་བརྒྱུད་སློབ་གླིང་དུ་ཏང་སྲིད་དོ་དམ་ཆེད་ལས་སློབ་སྦྱོང་བྱས)
2000.04—2003.01བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་དོན་གཅོད་ཐིང་ཏང་ཙུའི་ཁོངས་མི་བྱས(དེའི་རིང་2000.08—2002.12བར། ཀྲུང་དབྱང་ཏང་སློབ་འཕྲིན་བརྒྱུད་སློབ་གླིང་དངོས་ཚན་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་བྱས)
2003.01—2009.11བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བྱས(དེའི་རིང་2007.09—2008.01བར། ཀྲུང་དབྱང་ཏང་སློབ་ཟབ་སྦྱོང་པུའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)
2009.11—2012.12བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བྱས(2008.01—2010.01བར། ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཏང་སྐྱོང་ཆེད་ལས་སློབ་སྦྱོང་བྱས)
2012.12—2015.09བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བྱས།
2015.09—བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བྱས།
སངས་རྒྱས་གྲགས་པ།
སངས་རྒྱས་གྲགས་པ། སྐྱེས་པ། མོན་པ་རིགས། 1960ལོའི་ཟླ་4པར་སྐྱེས། བོད་ལྗོངས་མེ་ཏོག་བ། 1980ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1981ལོའི་ཟླ་8པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་འཁུར་མུས།
1974.10—1977.12བོད་ལྗོངས་མི་རིགས་སློབ་གླིང་གི་གྲ་སྒྲིག་ཚན་ཁག་འཛིན་གྲྭར་སློབ་སྦྱོང་བྱས།
1977.12—1981.08བོད་ལྗོངས་ཞིང་འབྲོག་སློབ་གླིང་ནགས་ལས་རིག་པ་ཚན་ཁག་ཏུ་ཤིང་འབྲས་ཆེད་ལས་སློབ་སྦྱོང་བྱས།
1981.08—1985.11བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་བྱས། (དེའི་རིང་1981.09—1982.07བར། ཧུའུ་ནན་ཞིང་ལས་རིག་པའི་སློབ་གླིང་གི་ལྡུམ་རའི་ལག་རྩལ་ཚན་ཁག་ཏུ་ཟབ་སྦྱོང་བྱས།
1983.09—1985.07བར། ཀྲུང་དབྱང་སྡེ་ཚོགས་སློབ་གྲྭའི་ཆེད་ཚན་སློབ་ཆེན་གྱི་སྦྱོང་བརྡར་འཛིན་གྲྭར་ཆབ་སྲིད་སློབ་གསོའི་ཆེད་ལས་སློབ་སྦྱོང་བྱས)
1985.11—1986.12བོད་ལྗོངས་ཞིང་འབྲོག་སློབ་གླིང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བྱས།
1986.12—1988.03བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
1988.03—1993.01བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བྱས།
1993.01—1995.05བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས།
1995.05—1996.07བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་གནས་འཆར་དཔལ་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་བྱས།
1996.07—2005.07བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་གནས་སྲིད་ཧྲུའི་ཀྲོན་ཡོན་གཞོན་པ་བྱས(དེའི་རིང་2001.09—2003.07བར། སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས། 2002.09—2003.01བར། ཀྲུང་དབྱང་ཏང་སློབ་སྦྱོང་བརྡར་པུའི་ནུབ་རྒྱུད་འཛིན་གྲྭར་སློབ་སྦྱོང་བྱས། 2004.04—2004.09བར། རྒྱལ་སྲིད་སྤྱི་ཁྱབ་ཁང་དོན་གཅོད་ཐིང་དྲུང་ཡིག་ཅུད་གཉིས་པའི་ཅུད་ཀྲང་གཞོན་པར་གནས་སྦྱར་བྱས)
2005.07—2006.12བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བྱས།
2006.12—2009.11བོད་རང་སྐྱོང་ལྗོངས་ནགས་ལས་ཅུད་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུད་ཀྲང་བྱས།
2009.11—2015.06བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་གནས་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱས(དེའི་རིང་2012.09—2013.01བར། ཀྲུང་དབྱང་ཏང་སློབ་ཀྱི་གཞོན་དར་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས)
2015.06—བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱས།
སྒྲོལ་དཀར།
སྒྲོལ་དཀར། བུད་མེད། བོད་རིགས། 1963ལོའི་ཟླ་9པར་སྐྱེས། བོད་ལྗོངས་ལྷ་ས་བ། 1984ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1980ལོའི་ཟླ་11པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཨུ་ཡོན་ལྷན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པའི་འགན་འཁུར་མུས།
1980.11—1986.01བཅིངས་འགྲོལ་དམག་སྨན་ཁང་ཨང་115པའི་འཕྲོད་བསྟེན་པ་བྱས།
1986.01—1990.01 བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ལྟ་སྐྱོང་བཀོད་སྒྲིག་ཁྲུའུ་རུ་ལས་ཀ་བྱས(དེའི་རིང་1987.09—1989.07བར། དམངས་སྲིད་པུའུ་དམངས་སྲིད་དོ་དམ་ལས་བྱེད་སློབ་གླིང་གི་དམངས་སྲིད་ཆེད་སྦྱོང་ཚན་ཁག་ཏུ་སློབ་སྦྱོང་བྱས)
1990.01—1991.01བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ལྟ་སྐྱོང་བཀོད་སྒྲིག་ཁྲུའི་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་བྱས།
1991.01—1992.11བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ལྟ་སྐྱོང་བཀོད་སྒྲིག་ཁྲུའི་ཀྲུའུ་རེན་ཁོའོ་ཡོན་བྱས།
1992.11—1997.02 བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ལྟ་སྐྱོང་བཀོད་སྒྲིག་ཁྲུའི་ཁྲུའུ་ཀྲང་གཞོན་པ་བྱས།
1997.02—2001.01བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ལྟ་སྐྱོང་ཁྲུའི་ཁྲུའུ་ཀྲང་བྱས(དེའི་རིང་1997.08—1999.12བར། ཀྲུང་དབྱང་ཏང་སློབ་འཕྲིན་བརྒྱུད་སློབ་གླིང་གི་དངོས་ཚན་འཛིན་གྲྭར་སྲིད་འཛིན་དོ་དམ་ཆེད་ལས་སློབ་སྦྱོང་བྱས། 1999.03—1999.07བར། ཀྲུང་དབྱང་ཏང་སློབ་གསོ་སྦྱོང་པུའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱས)
2001.01—2001.11བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་དོན་གཅོད་ཁྲུའི་ཁྲུའུ་ཀྲང་བྱས།
2001.11—2005.07བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དང་དྲུང་ཆེ་བྱས(དེའི་རིང་ 2002.09—2004.07བར། སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་གི་བཟོ་ཚོང་དོ་དམ་ཆེད་ལས་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས། 2003.03—2003.06བར། ཀྲུང་དབྱང་ཏང་སློབ་སྦྱོང་བརྡར་པུའི་ནུབ་རྒྱུད་འཛིན་གྲྭར་སློབ་སྦྱོང་བྱས)
2005.07—2006.12བོད་རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུད་ཀྱི་ཅུད་ཀྲང་གཞོན་པ་བྱས།
2006.12—2008.01 བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་དོན་གཅོད་ཐིང་ཏང་ཙུའི་ཁོངས་མི་བྱས།
2008.01—2012.12བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཧྲུའི་ཀྲོན་ཡོན་བྱས།
2012.12—2017.05བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བྱས(དེའི་རིང་2013.03—2013.07བར། ཀྲུང་དབྱང་ཏང་སློབ་སྦྱོང་བརྡར་པུའི་གཞོན་དར་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས)
2017.05—བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཨུ་ཡོན་ལྷན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བྱས།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་བྱས།
ལེ་ཀུའེ་ལུང་།
ལེ་ཀུའེ་ལུང་། སྐྱེས་པ། རྒྱ་རིགས། 1961ལོའི་ཟླ་9པར་སྐྱེས། ཧྲན་ཤིའི་ཝུན་ཞིའི་བ། 1986ལོའི་ཟླ་2པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1983ལོའི་ཟླ་8པར་ལས་ཀར་ཞུགས། སློབ་ཆེན་སློབ་རྒྱུས་ལྡན། ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་དྲུང་ཆེ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་མུས།
1979.09—1983.08ཧྲན་ཤིའི་དགེ་འོས་སློབ་གླིང་སྐྱེ་དངོས་ཚན་ཁག་ཏུ་སྐྱེ་དངོས་ཆེད་ལས་སློབ་སྦྱོང་བྱས།
1983.08—1987.06བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པར་དགེ་རྒན་དང་སློབ་སྟོན་ཀྲུའུ་རེན་གཞོན་པ་བྱས།
1987.06—1988.12བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་སློབ་སྤྱི་གཞོན་པ་བྱས(དེའི་རིང་1987.09—1988.06བར། ཅང་སུའུ་སློབ་གསོ་སློབ་གླིང་གི་བོད་ལྗོངས་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)
1988.12—1992.04བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་ལྔ་པའི་སློབ་སྤྱི་གཞོན་པ་བྱས།
1992.04—1994.01བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཁོའོ་རིམ་གཞོན་པའི་ལས་བྱེད་པ་བྱས།
1994.01—1995.01བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཁོའོ་རིམ་པ་རྒན་པའི་ཞིབ་དཔྱོད་པ་བྱས།
1995.01—1995.06བོད་རང་སྐྱོང་ལྗོངས་སྟག་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་ཀྲང་བྱས།
1995.06—1996.10བོད་རང་སྐྱོང་ལྗོངས་སྟག་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བྱས།
1996.10—2001.11བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་དྲུང་ཆེ་གཞོན་པ(1998.01རྫོང་རིམ་པ་རྒན་པ་བྱས)(དེའི་རིང་1998.03—1998.07བར། ཀྲུང་དབྱང་ཏང་སློབ་སྦྱོང་བརྡར་པུའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱས)
2001.11—2005.07བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་དྲུང་ཆེ་བྱས།
2005.07—2007.03བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་བྱས།
2007.03—2009.11བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་དྲུང་ཆེ་བྱས།
2009.11—2012.09བོད་རང་སྐྱོང་ལྗོངས་ནགས་ལས་ཅུད་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུད་ཀྲང་བྱས།
2012.09—2016.01བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་བྱས།2016.01—བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་དྲུང་ཆེ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་བྱས།
བཀྲ་ཤིས་ཟླ་བ།
བཀྲ་ཤིས་ཟླ་བ། སྐྱེས་པ། བོད་རིགས། 1959ལོའི་ཟླ་2པར་སྐྱེས། སི་ཁྲོན་འབའ་ཐང་བ། ཏང་ཤོག་གང་ལའང་མི་གཏོགས་པ། 1974ལོའི་ཟླ་12པར་ལས་ཀར་ཞུགས། དམའ་རིམ་སློབ་འབྲིང་སློབ་རྒྱུས་ལྡན།
ད་ལྟ་བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མུས།
1974.12—1978.03བོད་ལྗོངས་ལྷ་མོ་ཚོགས་པའི་གར་སྟེགས་མཛེས་རྩལ་ཇུས་འགོད་པ་བྱས།
1978.03—1985.05བོད་ལྗོངས་ལྷ་མོ་ཚོགས་པའི་རྩོམ་རིག་རྩོམ་སྒྲིག་པ་བྱས(དེའི་རིང་1980.07—1981.06བར། ཀྲུང་དབྱང་ཟློས་གར་སློབ་གླིང་གི་ཟློས་གར་རིག་རྩལ་ཚན་ཁག་ཏུ་ཟབ་སྦྱོང་བྱས)
1985.05—1989.11 བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་བྱས།
1989.11—1994.08 བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་བྱས།
1994.08—2003.08 བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བྱས།
2003.08—2011.06བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བྱས།
2011.06—བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བྱས།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣