དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-27

    477027_yis_1516984870618.jpg

    ཟླ་1ཚེས་25ཉིན། རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བློ་བཟང་རྒྱལ་མཚན་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

    ཚེས་25ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བློ་བཟང་རྒྱལ་མཚན་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གཅིག་ནས་ས་སྲུང་མཐའ་བརྟན་གྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་མཐའ་མཚམས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་བརྟན་པོ་དང་མཐའ་མཚམས་བདེ་འཇགས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་དང་ལྗོངས་ཏང་ཨུད་ཀྱི“དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་སྤེལ་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན”གྱི་འཐབ་ཇུས་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱལ་ཁབ་མངའ་ཁོངས་ས་ཆའི་བདག་དབང་གི་བདེ་འཇགས་འགན་ལེན་དང་མཐའ་མཚམས་ཚོད་འཛིན་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་དགོས།

    གཉིས་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་རྨང་གཞི་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས། ཞིང་འབྲོག་ལས་ལ་དེ་བས་མཐོང་ཆེན་དང་། ཞིང་འབྲོག་ཁུལ་ལ་དེ་བས་དགའ་ཞེན། ཞིང་འབྲོག་པར་དེ་བས་དོ་ཁུར་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ལག་ལེན་དང་འཚོལ་ཞིབ་བྱེད་རིང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས། ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་འདུ་འགོད་ཨང་དང་པོ་ཡིན་པའི་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་རྒྱག་དགོས།

    གསུམ་ནས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་མཛེས་སྡུག་ལྡན་པའི་བོད་འཛུགས་སྐྲུན་བྱེད་དགོས། མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབུལ་བའི་ལེགས་སྐྱེས་ཆེ་ཤོས་རེད་ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྩི་སྲུང་ཞུས་ཏེ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོ་འཆང་བ་དང་སྔོན་ལ་སྲུང་སྐྱོང་དང་འཛུགས་སྐྲུན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས།

    བཞི་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་གཏོང་རིང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས་དང་། ལས་དོན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རིང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས། འགན་འཁྲི་འཁུར་ཕོད་པ་དང་དཀའ་གནད་འགག་སྒྲོལ་བྱེད་རིང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས། དམ་པ་དོན་གཉེར་དང་དཀའ་སྤྱད་སྡུག་རུས་བྱེད་རིང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས། རྒྱུན་སྲིང་ལྷོད་མེད་དང་མགོ་ནས་མཇུག་བར་མཐའ་འཁྱོངས་བྱེད་རིང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལག་ལེན་དངོས་ལ་སེམས་ནུས་ཡོད་རྒྱུ་འདོན་པ་དང་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་དང་རྒྱ་ཆེར་བཏང་ནས་རྒྱལ་ཁ་ནས་རྒྱལ་ཁ་དེ་བས་ཆེ་བ་ལེན་པའི་ཕྱོགས་སུ་སྐྱོད་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།