དབུ་ཤོག>སྲིད་དོན།
  • ཞིང་ཆེན་རིམ་པའི་ཏང་ཨུད་སྲིད་གཞུང་གི་དབུལ་སྐྱོར་ཕན་འབྲས་ཞིང་ཆེན་ཕན་ཚུན་དཔྱད་ཞིབ་ཚོགས་ཆུང་གི་བོད་ཀྱི་དཔྱད་ཞིབ་ཐུགས་གྲ་ལེགས་འགྲིག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-22

     ཟླ་1ཚེས་7ཉིན་ནས་ཚེས་17ཉིན་བར། ཞིང་ཆེན་རིམ་པའི་ཏང་ཨུད་སྲིད་གཞུང་གི་དབུལ་སྐྱོར་ཕན་འབྲས་ཕན་ཚུན་དཔྱད་ཞིབ་ཚོགས་ཆུང་གིས་རང་ལྗོངས་ལ་དུས་ཡུན་ཉིན་10ཡི་དཔྱད་ཞིབ་ལས་དོན་སྤེལ་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་2017ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་བའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཕན་ཚུན་དཔྱད་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དབྱང་ཁྲོན་ལུའུ་ཡིས་དཔྱད་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་བཅས་ཡིན་པའི་ཅིས་གོ་ཀང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཆི་མེད་རིག་འཛིན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཕན་ཚུན་དཔྱད་ཞིབ་ཚོགས་ཆུང་དང་བཅས་པར་དགའ་བསུ་ཞུས་གནང་ཞིང་། བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ནས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་པ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་གསུངས་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་མང་ཚོགས་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་རྒྱུ་ནི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཡང་འབྲེལ་བ་ཡོད་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཕྲག་ཐོག་ཏུ་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྔར་བས་གནད་སྨིན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ང་ཚོས་རྒྱབ་རྟེན་བརྟན་པོ་ཡིན་པའི་རླབས་ཆེའི་མེས་རྒྱལ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཡོད་པ་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྒྲུབ་ཐུབ་ངེས་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་རྒྱལ་ཡོངས་ཀྱི་རྐང་པ་ནས་མི་འཐེན་པ་དང་། དུས་རབས་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ། ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 

    ཀྲོང་ཡན་གྱིས་ལས་དོན་གནས་ཚུལ་སྙན་ཞུ་གནང་སྐབས། འདས་པའི་ལོ་གཅིག་རིང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། མ་དངུལ་གཏོང་རྒྱུར་འགན་ལེན་ནུས་ལྡན་ཡོད་པ། མི་འབོར་དབུལ་པོའི་ཆ་འཕྲིན་ལ་བབ་བསྟུན་དོ་དམ་བྱུང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཐོན་ལས་དབུལ་སྐྱོར་ལ་སྐུལ་སྤེལ་མྱུར་པོ་བཏང་བ། མཐའ་སྐྱོང་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་ནུས་ལྡན་ཕྱིན་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། ཏང་འཛུགས་སྐྱོང་གི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་སྔར་བས་ནན་དུ་སོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་པ་ཉིན་བཞིན་ཟབ་ཏུ་སོང་བ་བཅས་ལས“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་གཞི་ལག་ལེན་བསྟར་བའི་དུས་དཀྱིལ་གྱི་ལོ་ཞིག ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་འགོ་ཚུགས་པའི་ལོ་ཞིག་བཅས་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་དང་། འགག་སྒྲོལ་ནུས་པ་ཆེ་རུ་གཏོང་བ། མཁྲེགས་སར་གཏུག་ཕོད་པའི་སྙིང་རུས་དང་བཙན་རྫོང་གཏོར་མཁས་པའི་ངར་ཤུགས་ཐོག་ནས་དབུལ་སྒྲོལ་ལ་སྤུས་ཕན་གཉིས་ཀ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།