དབུ་ཤོག>སྲིད་དོན།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་ཚོགས་ཆུང་གིས་བོད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དཔྱད་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-20

    ཉེ་ཆར་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏང་ཙུའི་ཁོངས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་དཔྱད་ཞིབ་ཚོགས་ཆུང་དགུ་པའི་ཙུའུ་ཀྲང་ཁྲེན་ཀང་གིས་སྣེ་ཁྲིད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་ཚོགས་ཆུང་སྔ་རྗེས་སུ་ཉིང་ཁྲི་དང་ལྷོ་ཁ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་སུ་བསྐྱོད་དེ་ལས་ཁུངས་དང་ཁེ་ལས་སུ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་དཔྱད་ཞིབ་ཚོགས་ཆུང་ལ་2017ལོའི་ལོ་འཁོར་གྱི་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་སྙན་སེང་ཞུས་པ་རེད།

    ཁྲེན་ཀང་གིས་ད་ཐེངས་དཔྱད་ཞིབ་ཀྱི་དམིགས་ཡུལ་ནི་བདེ་འཇགས་ཐོན་སྐྱེད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་ནུས་ལྡན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ཕྱོགས་ཡོངས་དང་རྩ་བའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བཤད།

    ཁོང་གིས་བོད་རང་སྐྱོང་ལྗོངས་འདི་ཉིད་ས་བབ་མཐོ་བ་དང་། རང་བྱུང་ཁོར་ཡུག་བལྟོས་བཅས་ཀྱིས་ཞན་པ། དུས་ཆེན་རིང་མི་སྣ་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་གཅིག་སྡུད་ཡིན་པ། འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་གནོན་ཤུགས་ཆེ་བ། འགན་ལེན་བྱེད་པའི་ལས་འགན་ལྕི་བ་བཅས་ཡིན་པས་རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་མུ་མཐུད་དམ་པོར་འཛིན་པ། དམིགས་སའི་རང་བཞིན་གྱི་བྱ་ཐབས་སྤྱད་པ། བདེ་འཇགས་འགོག་ཟོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མི་སྣ་འདུ་འཛོམས་ཁུལ་གྱི་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ། དོན་རྐྱེན་ཁག་ཐོན་རྒྱུ་གཏན་འགོག་ནན་པོ་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་རྣམས་བདེ་འཇགས་ཞི་མཐུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཞིག་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་བདེ་འཇགས་ཐོན་སྐྱེད་ཀྱི་སྤྱི་ཚོགས་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་དཔྱད་ཞིབ་ཚོགས་ཆུང་དགུ་པ་བོད་དུ་ཡོང་ནས་2017ལོའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ས་གནས་ས་ཐོག་ཏུ་དཔྱད་ཞིབ་བྱས་པ་དེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་བོད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམིགས་བསལ་དོ་ཁུར་གནང་བ་གང་ལེགས་མཚོན་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ཏེ་དཔྱད་ཞིབ་ཚོགས་ཆུང་གི་འགོ་ཁྲིད་དང་ཁོངས་མི་ཡོངས་ལ་དགའ་བསུ་ཞུ་རྒྱུ་དང་ཡུན་རིང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་དང་དེ་བཞིན་འབྲེལ་ཡོད་པུའུ་ཨུད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་གོམ་སྟབས་རྗེས་མར་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱར་དམིགས་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་འཕེལ་ལས་དོན་དེ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་དང་དམངས་ཆེད་སྲིད་འཛིན་ལག་བསྟར་བྱེད་པའི་མཐོ་ཚད་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱེད་པ་དང་རྣམ་འགྱུར་དེ་བས་བརྟན་པོ་དང་། བྱ་སྤྱོད་དེ་བས་རང་འགུལ། བྱ་ཐབས་དེ་བས་ནུས་ལྡན། ལམ་ལུགས་དེ་བས་འཐུས་ཚང་། ལས་དོན་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་མུ་མཐུད་བརྟན་ལྷིང་དང་ཡག་པོའི་ཕྱོགས་སུ་འགྲོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བོད་དུ་སྡོད་རིང་དཔྱད་ཞིབ་ཚོགས་ཆུང་གིས་སྙན་ཞུ་ཉན་པ་དང་། དཔྱད་ཡིག་ལྟ་བ། ས་གནས་ས་ཐོག་ཏུ་འཐེན་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་དང་། ཁྲིམས་ལྟར་བཅོས་སྐྱོང་། སྒྲིག་སྲོལ་ལམ་སྲོལ། བདེ་འཇགས་སྔོན་འགོག རྨང་གཞི་འཛུགས་སྐྲུན། དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་འགོག་པ་བཅས་ཁག་དྲུག་ཐད་ནས་དཔྱད་ཞིབ་གཏིང་ཟབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།