དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-19

    ཚེས་17ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་གྲོང་ཁྱེར(ས་ཁུལ)ཁག་གི་ཉེ་དུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གི་གནས་ཚུལ་ཉན་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་སྐབས་བསྟུན་ཐག་གཅོད་དང་འགན་འཁུར་ཕོད་ལ་ནུས་ལྡན་གྱི་བྱ་སྤྱོད་ཐོག་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་བྱུང་ལ་ཚོད་འཛིན་ཡང་ཐུབ་ནས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་མོད། འོན་ཀྱང་ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་གསལ་པོ་ཤེས་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་བཏང་སྟེ་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགངས་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་ལེགས་པར་སྒྲུབ་པ་དང་། རིག་པ་དྭངས་གསལ་ངང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ནན་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་རིང་གི་ལྗོངས་ཡོངས་ཀྱི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་སྒྲིག་ཁག་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། གཅིག་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་གིས་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་བཀོད་སྒྲིག ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས། དོགས་ཟོན་དང་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁུག་གསང་སྟོང་གསུམ་མ་ལུས་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བར་དམ་འཛིན་ནན་པོ་བྱས་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཏོན་གནང་བའི་གནད་དོན་གཙོ་བོ་འགོག་པ་དང་། དཀའ་གནད་ཀྱི་གནད་དོན་ལ་དམིགས་པ། གླེང་མང་བའི་གནད་དོན་གསེད་བཀྲོལ། སྤྱིར་བཏང་གི་གནད་དོན་ལ་ལན་སློག་པ་བཅས་ཀྱི་བླང་བྱ་གཞིར་བཟུང་ཕྱོགས་ཡོངས་ནས་གྲལ་བཤེར་གསེད་བཀྲོལ་བྱས་ཏེ་མི་མངོན་པའི་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་རང་འགུལ་ངང་བསལ་ནས། འགལ་ཟླ་དང་གནད་དོན་སྣ་ཚོགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཞི་རིམ་ནས་ཐག་གཅོད་དང་འབྱུང་རྩ་ནས་ཐག་གཅོད་བྱེད་དགོས་པ། གསུམ་ནས་དྲ་དམངས་ཀྱི་གླེང་ཕྱོགས་ལ་དོ་དམ་ཡག་པོ་བྱས་ནས་མང་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་གནོད་ཡོད་ཆ་འཕྲིན་བརྒྱུད་བསྒྲགས་དང་། དཀྲོག་གཏམ་བཟོ་བ་དང་ཤོད་པ། དཀྲུག་ཤིང་རྒྱག་པ་དང་ཟིང་ཆ་སློང་བ་བཅས་ཀྱི་རིགས་ཡོད་མཁན་བཙལ་འཚོལ་ཧུར་ཐག་བྱས་ཏེ་ཁྲིམས་ལྟར་མཐའ་གཅིག་ཏུ་རྡུང་རྡེག་ནན་པོ་གཏོང་དགོས་པ། བཞི་ནི་སྤྱི་པའི་བདེ་འཇགས་དོ་དམ་ལ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་གནད་དོན་ནུས་ལྡན་ངང་སྔོན་འགོག་དང་སེལ་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་བདེ་འཇགས་ཀྱི་གནད་དོན་གྲལ་བཤེར་བཅོས་སྒྲིག་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། མི་སྣ་འདུ་འཛོམས་ཆེ་སར་བདེ་འཇགས་ཞིབ་བཤེར་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེ་བའི་ལས་འཛོལ་ཐོན་རྒྱུ་གཏན་འགོག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།