(2017ལོའི་ཟླ་12ཚེས་31ཉིན)
2017ལོ་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་ཕྱོགས་བསྡུས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། བརྟན་ལྷིང་སྲུང་སྐྱོང་ལས་འགན་གལ་ཆེན་དང་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་གཙོ་རྐང་མངོན་གསལ་དོད་པོ་ཡོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱ་ཁྱབ་ངང་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་བརྟན་ལྷིང་འཕེལ་རྒྱས་ཡོང་བའི་བྱེད་ཐབས་ཟབ་ཏུ་གཏོང་བ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུར་ཤུགས་སྣོན་ཆེན་པོ་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཏང་གིས་སྲིད་ཁྲིམས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་པས། ཕྱོགས་བསྡུས་བཅོས་སྐྱོང(དུས་བདེ་འཛུགས་སྐྱོང)གི་གྲུབ་འབྲས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། མཉམ་སྐྲུན་མཉམ་སྐྱོང་དང་མཉམ་འགོག་མཉམ་བཅོས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྔར་བས་སྲ་བརྟན་དུ་ཕྱིན་པ། བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། དུས་བདེའི་བོད་ལྗོངས་སྐྲུན་པའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་ནས་སྒྱུར་བཅོས་གསར་གཏོད་དང་། དངོས་འཛིན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་ལ་ལེགས་སྐྱེས་འབུལ་འདོད་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་འབུར་དུ་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་བཏོད་དེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པར་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་སྔར་བས་ལྕག་སྐུལ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷོ་ཁ་དང་། གཞིས་རྩེ། ལྷ་ས་བཅས་གྲོང་ཁྱེར་3ལ“2017ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་ས་ཁུལ་ལམ་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ལྟ་ཞིབ་སྤྱི་ཁྱབ་རུ་ཁག་སོགས་ཚན་པ་10ལ“2017ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བློ་བཟང་དོན་གྲུབ་སོགས་བློ་མཐུན་25ལ“2017ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ལས་དོན་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་ས་ཁུལ་དང་གྲོང་ཁྱེར་དང་། སྔོན་ཐོན་མཉམ་སྡེབ། སྔོན་ཐོན་མི་སྒེར་བཅས་ཀྱིས་གཟི་བརྗིད་ལ་གཅེས་སྤྲས་དང་ང་རྒྱལ་དང་འཚབ་འཚུབ་སྤངས་ཏེ་ཡང་འབད་བསྐྱར་འབད་དང་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་སྔོན་ཐོན་མིག་དཔེར་བཟུང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱར་གཞིགས་པ་བཅས་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་འཆང་བ། བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་། རྨང་གཞི་བརྟན་གཏོང་དང་ཕུགས་ཇུས་འདིང་བ། བློ་གཅིག་སེམས་གཅིག་དང་ལས་དོན་ཏན་ཏིག་སྒྲུབ་པ། སྤྱི་ཚོགས་བཅོས་སྐྱོང་གི་འདུ་ཤེས་དང་། སྒྲིག་གཞི་དང་ལམ་སྲོལ། བྱེད་ཐབས་དང་ཐབས་ལམ་བཅས་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི“མཐོར་གཏོང་བདུན”ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་ཧུར་ཐག་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འགྲུབ་ཆེད་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་འབོད་སྐུལ་བྱས་པ་རེད།