དབུ་ཤོག>སྲིད་དོན།
  • ཅང་ཅེ་རང་སྐྱོང་ལྗོངས་ཀྱི་ཕྱི་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-19

    ཚེས་16ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་རང་སྐྱོང་ལྗོངས་ཀྱི་ཕྱི་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ཅང་ཅེ་ཡིས་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”སྤྱི་འདོམས་སུ་བྱས་ཏེ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འཐབ་ཇུས་གལ་ཆེན་གྱི་དོན་སྙིང་ལ་ཚད་མཐོའི་མཐོང་ཆེན་དང་ངོས་འཛིན་གང་ལེགས་བྱས་ནས། སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཧུར་ཐག་གཏོད་དགོས། སྔར་བས་དགེ་མཚན་ལྡན་པའི་སྒོ་འབྱེད་སྲིད་ཇུས་ལག་ལེན་བསྟར་ཏེ། གནས་ནས་ཁྱོན་བར་དང་མཛེས་ལྗོངས་ཁུལ་གཙོ་བོ་དང་། ཡུལ་སྐོར་སྐོར་ལམ་ལམ་ཐིག རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་བྱེད་པ་བཅས་བྱས་ནས་རིམ་པ་མང་བ་དང་ཕྱོགས་ཡོངས་ལ་ཁྱབ་པའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བར་མཐོངས་ཀྱི་ཆགས་སྟངས་ཤིག་གཏོད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འགྲིམ་འགྲུལ་དྲ་རྒྱ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ། འགག་སྒོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་མཚམས་ཚོང་དོན་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། བྱེད་ཐབས་སྣ་མང་མཉམ་སྤྱོད་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་ངོས་ཀྱི་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཐའ་མཚམས་འགྲོ་འོང་གི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། མཐའ་མཚམས་འགྲོ་འོང་གི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཞིབ་མཆན་གོ་རིམ་ལེགས་སུ་གཏོང་བ། ཞིབ་མཆན་དུས་ཚོད་ཐུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་བོད་དུ་ཡོང་མཁན་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་སྔར་བས་སྟབས་བདེ་དང་། མྱུར་པོ། སྤུས་ལེགས་བཅས་ཀྱི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱེད་དགོས། ཡུལ་བབ་དང་བསྟུན་པ་དང་ཁུལ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཕྱི་ཕྱོགས་ཀྱི་དཔལ་འབྱོར་མཉམ་ལས་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། ཚད་རན་པོ་དང་གཙོ་གནད་ཁོང་དུ་ཆུད་པ་བྱེད་པ་བཅས་བྱས་ནས་སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་ནས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་གང་མགྱོགས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།