དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-16

    ཚེས་14ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། དུས་འགོའི་གྲ་སྒྲིག་ལས་ཀའི་གནས་ཚུལ་གྱི་སྙན་སེང་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་དང་ལས་དོན་སྒྲིག་གཞི་བཙུགས་པ། འབྲེལ་ཡོད་དོན་ཚན་མཐུན་སྦྱོར་ཐག་གཅོད་བྱས་པ། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ཀྲང་ཞའོ་ཧྭ། ཅི་གོ་ཀང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཛུབ་སྟོན་གནང་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་མཐུན་སྒྲིལ་དང་སྐུལ་སློང་གིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། གྲ་སྒྲིག་ཚོགས་ཆུང་གི་ལས་ཀའི་སྒྲིག་གཞི་ཁག་གིས་དམིགས་ཚད་ཁ་གསལ་དང་། ལས་འགན་ཞིབ་ཕྲ། འགན་འཁྲི་མི་ཐོག་ལ་འཁྱོལ་བ་བཅས་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་གོམ་བགྲོད་མགྱོགས་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཤིང་། གཅིག་ནས་ཇུས་གཞི་དང་བྱེད་ཐབས་ལ་དམ་འཛིན་ཏན་ཏིག་བྱས་ནས་མི་སྣ་དང་། ལས་འགན། བླང་བྱ་བཅས“དོན་འཁྱོལ་གསུམ་དང་དམིགས་སར་འབྱོར་བ་གསུམ”ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་འདེམས་བསྐོའི་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལ་ནན་པོར་གཞིགས་པ། ད་བཟང་གང་ང་བྱེད་པ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་གོ་རིམ་བརྒྱུད། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་གི་དགོངས་པ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་ཡིག་ཆའི་སྤུས་ཚད་ལ་དམ་འཛིན་རྩེར་སོན་བྱས་ཏེ་རྩོམ་སྲོལ་ལེགས་སུ་གཏོང་བའི་དགོངས་དོན་ལག་བསྟར་ཏན་ཏིག་བྱས་ནས་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུའི་གཙོ་གནད་མངོན་གསལ་དོད་པ་དང་། སྐད་ཆ་མདོར་བསྡུས་པ། རྩོམ་སྲོལ་བབ་ཆགས་པ། གོ་བདེ་ཞིང་ཤེས་སླ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ། བཞི་ནས་བདེ་སྲུང་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་བདེ་སྲུང་ལས་དོན་གྱི་ཇུས་གཞི་ནན་ཏན་བཟོ་བ་དང་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་རླངས་འཁོར་ཁག་བགོས་དང་ལམ་སྟོན་བྱེད་པའི་ཇུས་གཞི་སྔ་སྣུར་དུ་བཟོས་ནས་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་དྲིལ་བསྒྲགས་ཀྱི་རྣམ་པར་དམ་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ་དང་དྲང་ནུས་ཁྱབ་སྤེལ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་གཅིག་ཏུ་འགྲིལ་དགོས་པ། དྲུག་ནས་ཚོགས་སྲོལ་དང་ཚོགས་ཁྲིམས་ལ་དམ་འཛིན་ལྷོད་མེད་བྱས་ཏེ“‘སྤྱོད་ཚུལ་བཞི’ཡོ་བསྲང་བྱེད་མཚམས་གཏན་ནས་མི་འཇོག་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”དོན་འཁྱོལ་ནན་པོ་བྱེད་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གང་ལེགས་མངོན་པ་བཅས་བྱས་ཏེ་ཧུར་བསྲི་གྲོན་ཆུང་གིས་ཚོགས་འདུ་ཡག་པོ་འཚོག་ཐུབ་པ་དང་དོན་གཉེར་ཕན་ཆེའི་སྒོ་ནས་ཚོགས་འདུ་ཡག་པོ་འཚོག་ཐུབ་པ་བྱེད་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།