དབུ་ཤོག>སྲིད་དོན།
  • གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲེན་ཀྲི་ཆང་གིས།   |     སྤེལ་དུས།  2017-12-15

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ངེས་པར་ཏུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་འཛུགས་སྐྱོང་བྱས་ཏེ་སྔར་བས་སྲ་བརྟན་དང་ནུས་ལྡན་དུ་གཏོང་དགོས”“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད”ཅེས་ཁ་གསལ་བཏོན་ཡོད།

    ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཏང་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་་བསྟར་ནན་ཏན་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པར་ངེས་པར་དུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་གཞིཌ་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་དགོས།

    “དམ་འཛིན་བྱེད་འདོད་མེད་པའི”གནད་དོན་ཐག་གཅོད་ལ་དམིགས་ནས་ཏང་འཛུགས་སྐྱོང་གི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་སྤྱི་འགན་འཁུར་བ་དང་། ཁག་བགོས་འགན་འཁུར་གྱི་འགོ་ཁྲིད་ཀྱིས་ལས་བགོས་བརྒྱབ་ནས་འགན་འཁྲི་འཁུར་བ། ཏང་འཛུགས་སྐྱོང་གི་ཆེད་གཉེར་ལས་བྱེད་པས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི“ལས་གནས་གཅིག་དང་འགན་འཁྲི་གཉིས”ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཆབས་ཅིག ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ཁ་ཤས་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་ལ་བཏོན་པའི་སེམས་ཤུགས་དང་ནུས་ཤུགས་མི་འདང་བའི་གནད་དོན་ལ་གཞིགས་ནས། ཧྲུའུ་ཅིའི་འགན་འཁྲི་སྔར་བས་ནན་དུ་དང་འགན་འཁྲི་བརྒྱུད་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བའི་ཁར། འགན་འཁྲི་དང་དམིགས་ཚད་ཁ་གསལ་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཞིག་ཆགས་པར་བྱས་ནས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པའི་འགན་ལེན་བྱེད་དགོས།

    “དམ་འཛིན་བྱེད་མི་ཤེས་པའི”གནད་དོན་ལ་དམིགས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་སྒོ་གསོ་སྦྱོང་བྱེད་དགོས། ཏང་གི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྐང་འཛིན་སྟོབས་ཤུགས་ཤིག་རེད། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཁྲོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་གི་འཆར་གཞི་འཐུས་སྒོ་ཚང་དུ་གཏོང་བ། སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གནད་དོན་གལ་ཆེན་ལ་དམ་པོར་དམིགས་ནས་སློབ་སྦྱོང་གི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    “དམ་འཛིན་ནན་པོ་མི་ཐུབ་པའི”གནད་དོན་ལ་དམིགས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞིའི་ལས་དོན་ཚད་ལྡན་དུ་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་དོན་གཉེར་མི་འདང་བ་དང་དམ་འཛིན་ནན་པོ་མེད་པའི་གནད་དོན་ལ་དམིགས་ནས། ངེས་པར་དུ་གཞི་རྩའི་ལམ་ལུགས་དོན་འཁྱོལ་བྱེད་པ་ནས་འགོ་བརྩམས་ཏེ་ལས་ཀའི་རྨང་གཞི་བརྟན་དུ་གཏོང་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་གཏིང་ཟབ་བཅས་བྱས་ཐོག“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གཞི་རྩའི་ནང་དོན་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གཞི་རྩའི་ལམ་ལུགས། ཏང་ཀྲི་པུའུ་གཞི་རྩའི་ཚན་པ་བཅས་སུ་བཟུང་ནས། ཏང་གཤིས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་ལས་བྱེད་པར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་ལག་བསྟར་བྱས་ནས་ཚད་ལོན་པའི་ཏང་ཡོན་ཞིག་བྱ་རྒྱུའི་སྣེ་ཁྲིད་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།