དབུ་ཤོག>སྲིད་དོན།
  • གཞི་རིམ་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-15

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཕུགས་ཀྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་ཏང་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ལེགས་སུ་བཏང་བ་དང་། གཞི་རིམ་སྲིད་དབང་གི་འཐབ་འཛིང་མཁར་རྫོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཉམས་སད་ཐེག་པའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བཏོད་པས་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་། འཕེལ་རྒྱས་ཀྱི་རྨང་གཞི། བརྟན་ལྷིང་གི་རྨང་གཞི་བཅས་སྔར་བས་བརྟན་དུ་ཕྱིན་པ་རེད། 

    ཏང་གཤིས་ཞུན་བརྡར།

    བསམ་བློའི་བྱང་ཚད་ལ་དམ་འཛིན་བྱས་ནས་མཆོང་སྐྱོད་ཡོང་བར་བྱས་པ།

    “དེབ་ཡག་པོ་འགའ་ཞིག་ཀློག་པ་དང་གློག་བརྙན་ཡག་པོ་འགའ་ཞིག་ལྟ་བ”ནི་སྟེང་ཆེན་རྫོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྒྲིག་འཛུགས་བྱས་པའི་ཁྱད་ལྡན་བྱེད་སྒོ་ཞིག་རེད། “བྱེད་སྒོ་འདི་བརྒྱུད། རྒྱ་ཆེའི་ཏང་ཡོན་ཚོར་སློབ་གསོ་ཐེབས་པ་མ་ཟད། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད”ཅེས་ཏི་མིང་མིང་གིས་གསར་འགོད་པར་བཤད།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་གི“ཕ་ནོར”དང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་བཅས་གཙང་གསུམ་གྱི་ས་གཞི་ཆེ་མོར་རྒྱུན་མཐུད་སྐུལ་འདེད་བཏང་བས་མཐོ་རླབས་ཡང་ཡང་འཕྱུར་ཡོད། “སྤྱོད་ཚུལ་བཞིའི”གནད་དོན་འཚོལ་བ་དང་དག་ཐེར་གཏིང་ཟབ་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་སྤུས་ཚད་མཐོ་བའི་ཏང་གི་སློབ་ཚན་ཁྲིད་པ་དང་ཚད་གཞི་མཐོ་བའི་ཆེད་དོན་བགྲོ་གླེང་བྱས་པ། ཏང་ཡོན་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་པ་རེད།

    རྨང་གཞི་བརྟན་གཏོང་།

    གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་རྨང་གཞི་བརྟན་དུ་བཏང་བ།

    2009ལོའི་གོང་མདའ་རོ་གྲོང་ཚོ་ནི་སྟག་མ་ལའི་གཤམ་དུ་ཆགས་པའི་རི་གྲོང་དབུལ་པོ་ཞིག་རེད། “བཙོག་ཟིང་ཞན་གསུམ”ནི་གནས་སྤོ་མ་བྱས་གོང་གི་མདའ་རོ་གྲོང་ཚོའི་མངོན་ཚུལ་ངོ་མ་རེད།

    ད་ཆ་མདའ་རོ་གྲོང་ཚོར་སྐྱོད་སྐབས་གང་སར་གསོན་ཤུགས་འཕེལ་བའི་རྣམ་པ་ཞིག་མངོན་ཞིང་། རི་བོའི་འདབས་དང་གཙང་པོའི་ངོགས་སུ་དེང་རབས་ཅན་གྱི་ཐོག་བརྩེགས་ཁང་པ་སྟར་པ་རེ་རེ་བཞིན་ཆགས་པ་དང་། བོད་བཟོའི་སྡོད་ཁང་གྲལ་སྟར་སྒྲིག་པ། བོད་ཁྱིམ་སྒོ་ར་ཚང་མའི་ཐོག་ཁར་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ། གྲོང་གསེབ་ཀྱི་གཞུང་ལམ་ཕྲ་མོ་གཙང་ལ་འདྲོང་བ་བཅས་རི་ཁུལ་གྱི“གྲོང་ཁྱེར་ཁུལ་ཆུང”ཞིག་དང་གཉིས་སུ་མ་མཆིས།

    མདའ་རོ་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དེ་ཏང་གི་དམངས་ཕན་དམངས་བདེའི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས་པན་ཀྲང་བྱས་པའི་འགྱུར་མེད་སྟོབས་ལྡན་གྱི་ཀྲི་པུའུ་ཚན་ཁག་དང་ཁ་འབྲལ་ཐབས་མེད།

    འདས་ཟིན་པའི་ལོ་ལྔའི་རིང་ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། ལས་བྱེད་པ་འདེམས་པ། ཚན་ཁག་ཧྲག་སྒྲུག དཔུང་ཁག་འཛུགས་སྐྱོང་། ཤེས་ལྡན་མི་སྣ་གཅིག་སྡུད་བཅས་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་བཅས་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་རོགས་སྐུལ་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་པར་བྱས་པ་རེད།

    ཀུན་སྤྱོད་དག་ཐེར་དང་སྒྲིག་ལམ་ནན་པོ།

    སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དམངས་སེམས་གཅིག་ཏུ་བསྒྲིལ་བ།

    ད་ཕན་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པའི་ཁྲོད་སྤྱོད་ཚུལ་འགྱུར་བ་དང་ཏང་སྲོལ་ཡོ་བསྲང་བྱེད་པའི་རིམ་སྤེལ་བྱེད་སྒོ་སྤེལ་བ་དཔེར་ན། “གཅིག་རེ་གསུམ”གྱི་ལས་ཀའི་བཅའ་ཁྲིམས་དང་། “བློ་བརྟན་གཅིག་དང་བསམ་པ་རྣམ་དག་གསུམ” “དགའ་ཞེན་གསུམ་དང་གསར་གཏོད་གསུམ” “དཔེ་བཟང་གཉིས་དང་འཛུགས་སྐྲུན་གཉིས” “དོ་དམ་གཅིག་དང་། མཉམ་འབྲེལ་བཞི། ཟུང་འབྲེལ་གསུམ” སེམས་ཤུགས་ཆེ་བའི་གཞོན་ནུ་རྒྱལ་གཅེས་འཇོན་ཐང་ཅན་གྱི་ལས་གཏོད་འདུ་འགོད། ལས་བྱེད་པའི་སྤྱོད་ཚུལ་ལ་ཞིབ་བཤེར་དང་དཔྱད་དཔོག་ཆེན་པོ་བྱེད་པ་སོགས་ལྟ་བུའོ།

    ལག་ལེན་ལས་ར་འཕྲོད་བྱས་པར། “ནན་པའི”རྣམ་འགྱུར་གྱིས་སྤྱོད་ཚུལ་ལ་དམ་འཛིན་བྱེད་པ་དང་། “དྲང་བའི”སྙིང་སྟོབས་ཀྱིས་སྤྱོད་ཚུལ་ལག་ལེན་བསྟར་ཚེ། སྤྱོད་ཚུལ་ལ་ཤུགས་སྣོན་དང་འགྱུར་ལྡོག་གཏོང་བའི་ལམ་དུ་གཞི་ནས་མཆོང་སྐྱོད་གསར་པ་ཡོང་ཐུབ།

    སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་རྫོགས་མཐའ་མེད། ཆབ་མདོ་གྲོང་ཁྱེར་གྱིས་སྤྱོད་ཚུལ་འཛུགས་སྐྱོང་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་རིམ་པ་བཞིན་དམ་འཛིན་བྱས་པས་སྤྱོད་ཚུལ་གྱིས་ཏང་སྲོལ་ཡོ་བསྲང་དང་ཏང་སྲོལ་གྱིས་དམངས་སེམས་གཅིག་ཏུ་འདུས་པའི་ཁ་ཕྱོགས་བརྟན་པོ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།