དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-07

    ཚེས་5ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏང་ཙུའི་ཧྲུའུ་ཅི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གནས་ཚུལ་གྱི་སྙན་ཞུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་མ་ཟིན་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུའི་མ་ཟིན་ལ་གྲོས་བསྡུར་བྱས་ནས་མིག་སྔའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཁྲོད་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་སྐར་མ་རྣམ་གཉིས་དང་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་ཞུས་ཞུའེ་ཀོང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། 

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་དང་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་པ་རེད། 

    ཚོགས་འདུའི་ཐོག་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མི་དམངས་རང་ཐག་རང་གཅོད་ཀྱི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ་དང་། མི་དམངས་རང་ཐག་རང་གཅོད་ཀྱི་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཁ་གསལ་འདོན་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་ལྟེ་བའི་ནང་དོན་དང་། གཞི་རྩའི་ཁྱད་ཆོས། ངོ་བོའི་བླང་བྱ་བཅས་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲོག་ཤིང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ནི་ང་ཚོས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་དང་། ཚན་རིག་དང་མཐུན་པའི་ཕྱོགས་སྟོན། བྱ་སྤྱོད་ཀྱི་རྩ་འཛིན་བཅས་རེད། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས་ངེས་པར་དུ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་པ་བྱེད་དགོས། འདས་ཟིན་པའི་ལོ་ལྔ་ཡི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་ཡག་པོ་བྱས་ཏེ་སྐབས་རྗེས་མའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ལ་ཞིབ་འཇུག་ནན་ཏན་བྱས་ནས་མི་དམངས་འཐུས་ཚོགས་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་པོ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་པའི་ནན་བཤད་བྱས་ཡོད། 

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་འདེམས་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ནས་འཐུས་མི་གདམ་རྒྱུ་དེ་ཁྲིམས་ལྟར་གོ་རིམ་ལྡན་པ་དང་། སྤྱོད་གཙང་གཞུང་དྲང་། ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བཅས་ཡོང་བ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་སྟེ་ལས་དོན་ཁག་ནུས་པ་ལྡན་པ་དང་། གོ་རིམ་ལྡན་པ། ཕན་འབྲས་ལྡན་པ་བཅས་ཡོང་བ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཚན་ཁག་གི་ཁོངས་མིས་སློབ་སྦྱོང་དང་ལས་དོན་གཉིས་ཀ་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་གཏོང་ཐུབ་པ་བྱས་ཏེ་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཚང་མར་ཞུགས་པ་དང་དབུལ་སྐྱོར་འབྲེལ་གཏུག་བྱ་ཡུལ་དུ་བསྐྱོད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།