དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-30

    ཚེས་27ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག ལྷོ་ཁ་གྲོང་ཁྱེར་དང་། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་སྡེ་ཚན་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་སྟེ་ཡུལ་སྨད་ཤང་གི་འཛུགས་སྐྲུན་གནས་ཚུལ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་མཛུབ་སྟོན་གནང་དོན། ཟླ་11ཚེས་7ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཡུལ་སྨད་ཤང་གི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་འཇུག་བྱས་ཚུན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ངོས་འཛིན་གཅིག་གྱུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་ལག་བསྟར་ནན་ཏན། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར། འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ཡུལ་སྨད་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བར་འགོ་ཡག་པོ་བཙུགས་པ།

    ཅང་ཅེས་ནན་བཤད་གནང་དོན། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་སྟེ་ཡུལ་སྨད་ཤང་འཛུགས་སྐྲུན་བྱེད་པའི་ལས་དོན་གྱི་དུས་ཚོད་ཛ་དྲག་ཆེ་ལ་ལས་འགན་ལྕི་པོ་ཡོད། དེར་བརྟེན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་གྱིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་སྟེ་ཡུལ་སྨད་ཤང་འཛུགས་སྐྲུན་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་མཐའ་སྲུང་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པའི་ལས་དོན་ཞིག་ལ་བརྩིས་ནས་དམ་འཛིན་ལྷོད་མེད་དང་དམ་འཛིན་ཏན་ཏིག་གིས་ཁ་བཤད་ལག་བསྟར་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ་དང་། རིགས་གཅིག་མཁས་ཅན་གང་མགྱོགས་སྒྲིག་འཛུགས་བྱས་ནས་དཔེ་སྟོན་ཤང་འཛུགས་སྐྲུན་གྱི་འཆར་འགོད་ལ་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་དང་། ཕྱོགས་མང་པོའི་གྲོས་འགོ་བསྡུ་རུབ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་དོན་དངོས་དང་འཚམ་པའི་འཆར་འགོད་བཟོ་བ། ལམ་དྲ་དང་། གློག་དྲ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་ནས་རང་བྱུང་གི་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་འཆར་འགོད་དང་ཇུས་གཞི་ཞིབ་ཚགས་བཟོ་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆེད་མི་སྐོང་འཐེན་གྱིས་ས་གནས་ས་ཐོག་གི་བཀོད་འདོམས་པུའུ་བཙུགས་པ་དང་། རྣམ་གྲངས་འཕེལ་རིམ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམ་པ་བཞིན་སྐུལ་འདེད་གཏོང་བ་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས། དོན་དངོས་ལ་གཞི་ཚུགས་པ་དང་ངེས་གནས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཐོན་ལས་བཀོད་པ་སྔ་སྣུར་དུ་འཆར་འགོད་བྱེད་དགོས་པ། ས་གནས་ཀྱི་ལེགས་ལྡན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཡུལ་སྨད་ཤང་གི་ཡུལ་སྐོར་དང་རང་བྱུང་འཐུང་ཆུ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་གང་མགྱོགས་འཛུགས་སྐྲུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།