དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་པེར་ཀྲེམ་དང་། ཧྥིན་ལན། ཨུ་རུ་སུ་བཅས་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-25

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ་11ཚེས་13ཉིན་ནས་ཚེས་22ཉིན་བར་པེར་ཀྲེམ་དང་། ཧྥིན་ལན། ཨུ་རུ་སུ་བཅས་ལ་འཚམས་འདྲི་གནང་བ་རེད།

    པེར་ཀྲེམ་དང་ཧྥིན་ལན་གྱི་གྲོས་ཚོགས་དང་ཨུ་རུ་སུའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་འབྲེལ་ཡོད་མི་སྣ་དང་མཇལ་འཛོམས་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་སོགས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་བ་དང་འབྲེལ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་དེའི་དོན་སྙིང་གལ་ཆེན་དང་ནང་དོན་གལ་ཆེན་དྲིལ་བསྒྲགས་དང་ངོ་སྤྲོད་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཉིན་འགའི་སྔོན་དུ་འཚོགས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྔར་བས་གཏན་འཁེལ་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱས་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཚུད་པའི་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཐད་བརྗིད་ཆེའི་འཆར་གཞི་བཏིང་བ་དང་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད་ཅེས་གསུངས་པ་རེད། ཁོང་གིས་བོད་ཀྱི་འབྱུང་འགྱུར་ཐད་ཡིད་ཆེས་ཀྱིས་ཁེངས་པ་དང་བོད་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།

    ཕྱི་རྒྱལ་ཕྱོགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པ་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་ཀྲུང་གོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་དང་དུས་མཚུངས་སླད་ཕྱིན་བོད་རང་སྐྱོང་ལྗོངས་དང་ཁྱབ་ཁོངས་ཁག་དབར་སྤེལ་རེས་དང་མཉམ་ལས་སྔར་བས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་དང་འགྲོ་འོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བའང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།