དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དུ་ཕེབས་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2017-11-16

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་ཁེ་ལས་དང་། གྲོང་གསེབ། དགོན་སྡེ་བཅས་སུ་ཕེབས་ནས་གཞི་རིམ་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་ཆབས་ཅིག་གཞི་རིམ་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་གི་དཔྱད་གཞི་ཡང་སྤྲད་གནང་ཞིང་། ཁོང་གིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་འཚམ་པར་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གོ་བདེ་ཤེས་སླའི་གསོན་ཉམས་ལྡན་པའི་བཀའ་མོལ་གྱི་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་འགྲེལ་བཤད་བསྐྱོན་པ་དེ་མི་སེར་གྱི་འཚོ་བའི་གནས་ཚུལ་ཆུང་ཙག་ནས་འགོ་ཚུགས་ཏེ་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་གནང་བ་ཞིག་རེད། ས་ཆ་རེར་ཕེབས་རིམ་བཞིན་ཀྲོང་ཡན་གྱིས་གཞི་རིམ་མང་ཚོགས་དང་མཛའ་བརྩེའི་ངང་སྤེལ་རེས་གནང་སྟེ་ཐུན་མོང་ཐོག་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་མྱོང་ཚོར་མཉམ་སྤྱོད་གནང་བ་རེད།

    རྟ་ར་བའི་ནས་ཆང་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་ནང་ཀྲོང་ཡན་གྱིས་བཟོ་པ་ཚོར་མྱོང་བ་གླེང་བ་དང་། འབྱུང་འགྱུར་གླེང་བ་བཅས་གནང་བ་སྟེ“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་བཏོན་ཡོད། ངེད་ཚོའི་བཟོ་གྲྭའི་ནང་དུ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཡོད་ལ་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཡང་ཡོད་པས་དེ་ནི་རིན་སྤུངས་རྫོང་གི་བསམ་པའི་རྒྱུ་ནོར་རེད། ཁྱེད་ཚོས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་ཁེ་ལས་ཁྱིམ་དུ་བརྩིས་ནས་ཡག་ཐོག་ཡག་བརྩེགས་དང་། རྩེར་སོན་བཏོད་པ། ཁྲོམ་ར་སྒོ་འབྱེད་བཅས་བྱས་ཏེ་མང་ཚོགས་སྣེ་ཁྲིད་ཀྱིས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད”

    དེ་རྗེས་ཀྲོང་ཡན་རླངས་འཁོར་ལ་བཞུགས་ཏེ་རིན་སྤུངས་ཤང་རི་ལུང་ཕུ་གྲོང་ཚོར་ཕེབས་པ་དང་དེ་གར་སྔ་ས་ནས་ཀྲོང་ཡན་ཕེབས་སྒུག་ཞུ་བཞིན་པའི་གཞི་རིམ་མང་ཚོགས་དང་དགོན་སྡེའི་དགེ་འདུན་པས་ཁེངས་ཡོད་པ་རེད། ཀྲོང་ཡན་གྱིས་ཚང་མ་དང་མཉམ་དུ་ཐུན་མོང་ཐོག་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་བླངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་མྱོང་བ་ལྷུག་པོར་གླེང་བ། ཁྱིམ་ཚང་གི་ཡོང་འབབ་དང་སྡོད་ཁང་གི་གནས་ཚུལ་ནས་གྲོང་སྡེའི་ཁོར་ཡུག་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བཅས་གླེང་བའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད། ཀྲོང་ཡན་གྱིས་གོ་བདེ་ཤེས་སླ་དང་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་གནང་བས་སྒྲོག་འགྲེལ་ལ་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད། ཏང་ཡོན་རྒན་གྲས་ཀྱི་འཐུས་མི་དང་གྲོང་ཚོའི་ལས་བྱེད་པའི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ཏེ་མྱོང་ཚོར་གླེང་བ་རེད།

    མང་ཚོགས་དང་ཞལ་གྱེས་རྗེས་ཀྲོང་ཡན་བྱམས་ཆེན་དགོན་པར་ཕེབས་པ་དང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་གི་དཔྱད་གཞི་དགེ་འདུན་པར་སྤྲད་གནང་ཞིང་། ཁོང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད། རྒྱ་ཆེའི་གྲྭ་བཙུན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ཏེ་རྒྱལ་གཅེས་ཁྲིམས་སྲུང་དང་། ཁ་ཕྲལ་ལ་ངོ་རྒོལ། ཁྲིམས་སྲོལ་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཆོས་ལུགས་ཀྱི་བསྟན་དོན་ཁྲོད་སྤྱི་ཚོགས་ཡར་ཐོན་དང་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ནང་དོན་སྔོག་འདོན་དང་འགྲེལ་བཤད་ཧུར་ཐག་རྒྱག་པ། དད་ལྡན་མང་ཚོགས་ཀྱིས་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐོག་བཞག་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ཐུགས་རེ་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།