དབུ་ཤོག>སྲིད་དོན།
  • བོད་ཀྱི་སྲིད་གཞུང་གི་བུ་ལོན་འཇལ་འགན་དག་ཐེར་ལས་དོན་བཀོད་སྒྲིག་སྐུལ་སྤེལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-10

    ཚེས་8ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་བུ་ལོན་འཇལ་འགན་དག་ཐེར་ལས་དོན་བཀོད་སྒྲིག་སྐུལ་སྤེལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་འཇལ་འགན་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུཌ་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་གཞིར་བཟུང་ས་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་བ་དང་། སྲིད་གཞུང་གི་བུ་ལོན་འཇལ་འགན་དོ་དམ་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྟེན་ནས་ཚོགས་ཆེན་བཅུ་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ཕན་འབྲས་དངོས་ཐོན་རྒྱུར་ཞིབ་དཔྱད་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ཀྲོང་ཡན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་བཟུང་སྲིད་གཞུང་གི་བུ་ལོན་འཇལ་འགན་ཉེན་ཁའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས”ཞེས་གསལ་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གཞུང་གི་བུ་ལོན་འཇལ་འགན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད་ལ་ཙུང་ལི་ལི་ཁེ་ཆང་གིས་ཀྱང་ཞིབ་ཕྲའི་ཞིབ་འཇུག་བཀོད་སྒྲིག་ཐེངས་མང་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་ཆེད་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ཞིབ་ཕྲའི་ལས་དོན་གྱི་བླང་བྱ་ཐེངས་མང་བཏོན་གནང་ཡོད། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ལས་ཆོད་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བརྒྱུད་རིམ་རང་བཞིན་དང་ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས”ཞེས་ནན་བཤད་བྱས་ཡོད་ཅེས་གསུངས་པ་རེད། 

    ཀྲོང་ཡན་གྱིས་སྲིད་གཞུང་རང་བཞིན་གྱི་བུ་ལོན་འཇལ་འགན་མ་དངུལ་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མ་དངུལ་མི་འདང་བའི་ཞན་ཆ་ནུས་ལྡན་གསབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། སྲིད་གཞུང་གི་བུ་ལོན་འཇལ་འགན་དོ་དམ་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་རང་ལྗོངས་ཀྱིས་བུ་ལོན་འཇལ་འགན་ཉེན་ཁ་དོགས་ཟོན་སྲིད་ཇུས་རྒྱུན་ཆད་མེད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། འགོ་ཁྲིད་ཀྱི་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་འཛུགས་པ། སྲིད་གཞུང་གི་བུ་ལོན་བཅད་གྲངས་དོ་དམ་ནན་པོ་བྱེད་པ། གཙང་བཤེར་མཐིལ་རྟོགས་ལས་དོན་ནན་ཏན་ངང་སྤེལ་བ་བཅས་བྱས་པས་སྲིད་གཞུང་གི་བུ་ལོན་འཇལ་འགན་དོ་དམ་ཐད་ཕན་འབྲས་ངེས་ཅན་ཐོན་ཡོད་ཅེས་གསུངས་པ་རེད། ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གི་བུ་ལོན་འཇལ་འགན་དག་ཐེར་ལས་དོན་ལེགས་པར་ཏན་ཏིག་སྒྲུབ་དགོས། དེའང་གཅིག་ནས་ཁྲིམས་བཞིན་བུ་ལོན་གཡར་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་བུ་ལོན་འཇལ་འགན་འཕར་རྒྱུ་དང་འཕེལ་རྒྱས་མྱུར་ཚད་ཕན་ཚུན་མཐུན་སྦྱོར་ཡོང་བ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ་དང་། གཉིས་ནས་གསར་འཕར་བུ་ལོན་འཇལ་འགན་ཚན་རིག་དང་མཐུན་པའི་ངང་ཚད་ལྡན་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱི་གསར་འཕར་བུ་ལོན་འཇལ་འགན་བཅད་གྲངས་ཀྱི་བླང་བྱར་ནན་པོར་གཞིགས་ནས་བུ་ལོན་གྱི་གཞི་ཁྱོན་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་དགོས་པ། གསུམ་ནས་སྲིད་གཞུང་གི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་སྒྱུར་མགྱོགས་སུ་གཏོང་བ་དང་། མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀུང་སི་ཁྲོམ་ར་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀུང་སིའི་མ་དངུལ་བསྡུ་སྒྲིལ་བྱ་སྤྱོད་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་མ་འཇོག་ནུས་ལྡན་ཐུབ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། བཞི་ནས་ཧུར་བརྩོན་ཆེ་ལ་བརྟན་པོའི་ངང་བསགས་འབོར་བུ་ལོན་འཇལ་འགན་ཐག་གཅོད་བྱས་ནས་བུན་འཇལ་བྱེད་སྟངས་ལ་ཞིབ་འཇུག་མགྱོགས་མྱུར་བྱས་ཏེ་བསགས་འབོར་གྱི་སྲིད་གཞུང་གི་བུ་ལོན་འཇལ་འགན་བརྗེ་ལེན་ལས་དོན་ལེགས་པར་སྒྲུབ་དགོས་པ། ལྔ་ནས་མིང་སྒྱུར་གྱི་བུ་ལོན་གཡར་བའི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་སྲིད་གཞུང་རང་བཞིན་གྱི་བུ་ལོན་འཇལ་འགན་དང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་བུ་ལོན་འཇལ་འགན་དབྱེ་བ་གསལ་པོ་འབྱེད་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་གཏོང་ཕྱོགས་ཀྱི་མཉམ་ལས་དང་ཞབས་ཞུ་ཉོ་སྒྲུབ་བྱེད་སྤྱོད་ཚད་ལྡན་དུ་བཏང་སྟེ་ཁྲིམས་འགལ་དང་སྒྲིག་འགལ་ངང་ཁག་ཐེག་ཁས་ལེན་བྱེད་རིགས་གཏན་འགོག་བྱེད་དགོས་པ། དྲུག་ནས་སྒྲིག་འགལ་སྲོལ་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། དངུལ་རྩའི་ལས་སྟེགས་ཀུང་སི་དང་སྲིད་གཞུང་གི་དུས་འབྲིང་རིམ་གྱི་འགྲོ་སོང་དོན་ཚན་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁའི་དོན་རྐྱེན་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་བྱེད་པ་བཅས་བྱས་ཏེ་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དེ་ཚད་གཞི་ནན་པོ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།