དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-06

     ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་དང་། ཀྲའོ་ཀྲེང་ཤིའུ། བསྟན་འཛིན་རྣམ་རྒྱལ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཞུས་བཅས་ཚོགས་འདུར་ཕེབས་པ་དང་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱང་ཚོགས་འདུར་ཕེབས་ཡོད་པ་རེད། 

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་གྲ་སྒྲིག་ཡག་པོ་དང་སྒྲིག་འཛུགས་ཡག་པོ་བྱ་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་མིག་སྔའི་ལས་དོན་གལ་ཆེན་ཞིག་ཀྱང་རེད། དེར་བརྟེན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ལས་དོན་ཁག་འཆར་འགོད་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཚོགས་འདུ་བདེ་བླག་དང་ཕུན་སུམ་ཚོགས་པོའི་སྒོ་ནས་འཚོག་ཐུབ་པའི་འགན་ལེན་བྱེད་དགོས། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འདེམས་བསྐོའི་ལས་དོན་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་ཏེ་ཁ་ཕྱོགས་གསལ་སྟོན་དང་། མི་འདེམས་ཚད་གཞི་ནན་དུ་གཏོང་བ། འདེམས་བསྐོའི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་ཀྱི་ཐད་ཞིབ་ཚགས་དང་ནན་ཏན་བྱས་ནས་རྩ་འཛུགས་ཀྱི་འདོད་བློ་བཞིན་སྒྲུབ་པ་དང་། འདེམས་བསྐོའི་ལས་དོན་སྤྱོད་གཙང་གཞུང་དྲང་། འདེམས་བསྐོའི་འབྲས་བུར་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། མི་རིགས་ཁག་གི་མི་དམངས་བཅས་བློ་ཡིད་ཚིམ་པའི་འགན་ལེན་བྱེད་དགོས། གཏན་འབེབས་བྱས་པའི་བཀོད་སྒྲིག་དང་ལས་ཀའི་འཕེལ་རིམ་གཞིར་བཟུང་། སྙན་སྒྲོན་ཁག་ལ་ནན་ཏན་ངང་འཆར་ཟིན་འགོད་དགོས། རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ལས་དོན་སྙན་སྒྲོན་ལ་འཆར་ཟིན་འགོད་པའམ་ཡང་ན་ཆེད་དོན་ལས་དོན་ཨུ་ལྷན་ཁག་གི་ལས་ཀའི་ཕྱོགས་སྡོམ་ཡིན་ནའང་འདྲ། ཚང་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་རྐང་དེ་ཁྱབ་པ་བྱེད་པ་དང་། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་འདོམས་བྱ་རྒྱུར་མཐའ་འཁྱོངས་བྱེད་པ། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤུས་ཚད་ལ་སྣང་ཆེན། དངོས་ཕན་དོན་གཉེར། འཆར་འགོད་སྔོན་བརྒལ། ཞིབ་འཇུག་གཏིང་ཟབ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། འཐུས་མི་སོགས་ཐད་ཀྱི་ལས་དོན་གཏན་འཁེལ་བྱེད་པ། དངོས་དངོས་རྗེན་རྗེན་གྱི་བསམ་ཕྱོགས་དང་། བྱ་ཐབས། ཐབས་ཤེས། འཇོན་ཐང་བཅས་བཏོན་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཁྲིམས་གཏན་རང་བཞིན་དང་། གོ་རིམ་རང་བཞིན། བསྒམ་ནན་རང་བཞིན་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་དགོས་ཞེས་བསྟན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།