ཚེས་2ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཆེད་དོན(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་དང་། ཀྲའོ་ཀྲེང་ཤིའུ། བསྟན་འཛིན་རྣམ་རྒྱལ་བཅས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། རང་འགུལ་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཅིག་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སྔོན་འགྲོ་དང་འགག་རྩ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། གཉིས་ནས་སློབ་སྦྱོང་བྱས་པ་བརྒྱུད་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་ཏན་ཏིག་གཅིག་གྱུར་བྱས་ཐོག་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་སྲུང་བརྩི། སྲོག་ཤིང་གི་རྗེས་སུ་འབྲངས་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱས་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་མཐའ་སྐྱོང་བོད་བརྟན་དང་། དམངས་ཕྱུག་བོད་དར། མཐའ་སྲུང་མཐའ་བརྟན་བཅས་ཀྱི་ལས་འགན་གལ་ཆེན་སྔར་བས་ཡག་པོ་སྒྲུབ་དགོས། གསུམ་ནས་སློབ་སྦྱོང་བྱས་པ་བརྒྱུད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་ཡག་པོ་སྤྲོས་པ། བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་བ། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལས་སྒྲུབ་ལས་གཏོད་བྱེད་པའི་ཐོག་དོན་འཁྱོལ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་རྣམ་པ་གསར་པ་དང་ལག་རྗེས་གསར་པ་འཇོག་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་སློབ་སྦྱོང་བྱས་པ་བརྒྱུད“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་ཡང་དག་ཆུད་པར་བྱས་ཐོག་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་། སེམས་ནང་ཏང་ཡོད་པ་དང་། སེམས་ནང་མང་ཚོགས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་དོགས་ཟོན་ཡོད་པ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་བཅས་བྱས་ཏེ། ལྷག་བསམ་ཟོལ་མེད་ལ་བརྟེན་ནས་བོད་འཕེལ་རྒྱས་དང་བརྟན་ལྷིང་ཡོང་རྒྱུར་ལེགས་སྐྱེས་འབུལ་དགོས།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་དང་ལི་ཝུན་ཧན་དང་། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཐིང་རིམ་པའི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་གནང་བ་རེད།