དབུ་ཤོག>སྲིད་དོན།
  • ཉིང་ཁྲི་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྙན་སེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-10

     ཚེས་8ཉིན་ཉིང་ཁྲི་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྙན་སེང་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་སྙན་སེང་གསན་རྗེས་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”ཆེ་རུ་གཏོང་བ། ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་ཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་མཐའ་འཁྱོངས་བྱེད་པ། འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་གསལ་པོ་བཟོ་བ། བྱ་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་བདེ་འཇགས་འགན་ལེན་གྱི་ལས་དོན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཉིང་ཁྲིའི་ཞི་མཐུན་བརྟན་ལྷིང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ཉིན་ཤས་བསྟུད་མར་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། གནས་ཚུལ་སྙན་སེང་ཉན་པ། བཞུགས་མོལ་དང་འདྲི་རྟོགས་བྱེད་པ། རྩིས་ཐོ་ཞིབ་བཤེར་བྱེད་པ། གཙོ་གནད་ཐོག་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། མངོན་བཤེར་ལྐོག་ཞིབ། བརྙན་ལམ་བཀོད་གཏོང་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་ས་གནས་ས་ཐོག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་6དང་ཆུས་གཅིག་གི་སྤྱི་བདེའི་ཞིབ་བཤེར་ས་ཚིགས་ཁག་གཅིག་དང་། གཞི་རིམ་གྱི་མངགས་གཏོང་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་ཀྱི་ལས་སྒྲུབ་དང་ལས་གྲབས་བྱེད་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ལས་ཁུངས་ཀྱི་ཚན་པ་ཁག་གཅིག་དང་། སློབ་གྲྭའི་ཚོང་ཁང་། ཐོན་སྐྱེད་ཁེ་ལས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཚུལ་སོགས་ཀྱི་བདེ་སྲུང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། འཐབ་ས་དང་པོའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དགོན་སྡོད་གྲོང་སྡོད་ཀྱི་ལས་བྱེད་པ་དང་གཞི་རིམ་ལས་བྱེད་མང་ཚོགས་བཅས་ལ་འཚམས་འདྲི་བྱས་པ། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། སྤྱིའི་ཆ་ནས་བརྗོད་ན། ཉིང་ཁྲི་གྲོང་ཨུད་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བརྟན་ལྷིང་ནི་ཐབས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ་དང་། ངོས་འཛིན་ཡག་པོ་དང་། འགན་འཁྲི་དོན་འཁྱོལ། བྱ་ཐབས་གནད་ལ་འཁེལ་བ། སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ་ཉིང་ཁྲིའི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད་ཅེས་གསུངས།

    ཀྲོང་ཡན་གྱིས་གནད་དོན་སྔར་བས་གཅིག་སྡུད་བྱས་ནས་ཕྱོགས་བསྡུས་ཇུས་གཞི་ལག་བསྟར་དང་གནད་སྨིན་ཤུགས་འདོན་བྱེད་དགོས། སྤྱི་ཚོགས་དོ་དམ་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་གཙོ་གནད་ས་ཁོངས་དང་། གཙོ་གནད་ལྷུ་ཚིགས། གཙོ་གནད་མི་སྣ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བལྟོས་བཅས་ཀྱི་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ལག་ལེན་བསྟར་ནས་གནད་དོན་མི་ཐོན་པའི་འགན་ལེན་བྱེད་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པ། དགོན་སྡེའི་གྲྭ་བཙུན་གྱི་སློབ་གསོ་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་བདེ་འཇགས་ངང་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་འགན་ལེན་བྱེད་པ། འགྲིམ་འགྲུལ་ལས་འཛོལ་ཆེན་པོ་མི་ཐོན་གཏན་འགོག་བྱས་ནས་དགུན་དུས་ཀྱི་མེ་སྐྱོན་སྔོན་འགོག་ལས་དོན་ཏན་ཏིག་སྒྲུབ་པ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ“སྲ་བརྟན་གསུམ”ཟབ་ཏུ་གཏོང་བ་དང་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། སེམས་ནུས་གཅིག་སྒྲིལ། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་ཞི་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ལྟ་བ་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།

    ཀྲོང་ཡན་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཀྱི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཏང་སྲིད་དམག་ཉེན་དམངས་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱེད་པ་དང་། ཆ་འཕྲིན་འཚོལ་བསྡུ་ཞིབ་འཇུག་དང་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་ནས་ནུས་ཤུགས་ཡོད་རྒུས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།