དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་མིང་སྐལ་བགོ་འགྲེམས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-29

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》དང《ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་མིང་སྐལ་བགོ་འགྲེམས་དང་འདེམས་བསྐོའི་གནད་དོན་སྐོར་ལ་ཆོད་དོན་འཇོག་རྒྱུ་གཤམ་གསལ།

    གཅིག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་མིང་སྐལ་445ཡིན།

    གཉིས། ས་གནས(གྲོང་ཁྱེར)ཁག་གི་འདེམས་དགོས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་མིང་སྐལ་དེ་མི་གྲངས་གཞིར་བཟུང་ནས་རྩིས་རྒྱག་གཏན་འཁེལ་བྱས་པའི་མིང་སྐལ་གྲངས་དང་ས་ཁུལ་གྱི་གཞི་རྩའི་མིང་སྐལ་གྲངས། དེ་མིན་འདེམས་དགོས་པའི་མིང་སྐལ་གྲངས་ལས་གྲུབ་པ་ཡིན།

    (གཅིག)མི་གྲངས་ལ་གཞིགས་ནས་བགོ་འགྲེམས་བྱས་པའི་འཐུས་མིའི་མིང་སྐལ་247ཡིན་པ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་མི་ཁྲི་1.3ཙམ་ལ་འཐུས་མི་རེ་བགོ་འགྲེམས་བྱེད་རྒྱུ།

    (གཉིས)གཞི་རྩའི་མིང་སྐལ་ས་གནས(གྲོང་ཁྱེར)ཁག་ལ་བགོ་འགྲེམས་བྱས་པའི་ས་ཁུལ་གྱི་གཞི་རྩའི་མིང་སྐལ་10ཡིན་པ་ཁྱོན་མི་གྲངས་70ཡོད།

    (གསུམ)དེ་མིན་འདེམས་དགོས་པའི་མིང་སྐལ་83ཡིན་པ་དེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་བགོ་འགྲེམས་བྱེད་རྒྱུ།

    གོང་གི་བཀོད་སྒྲིག་གཞིར་བཟུང་ས་ཁུལ(གྲོང་ཁྱེར)ཁག་གི་འཐུས་མིའི་མིང་སྐལ་ནི་ལྷ་ས་གྲོང་ཁྱེར་ལ་མི་གྲངས་63དང་གཞིས་རྩེ་གྲོང་ཁྱེར་ལ་མི་གྲངས་81 ལྷོ་ཁ་གྲོང་ཁྱེར་ལ་མི་གྲངས་48 ཉིང་ཁྲི་གྲོང་ཁྱེར་ལ་མི་གྲངས་36ཆབ་མདོ་གྲོང་ཁྱེར་ལ་མི་གྲངས་78 ནག་ཆུ་ས་ཁུལ་ལ་མི་གྲངས་60 མངའ་རིས་ས་ཁུལ་ལ་མི་གྲངས་29བཅས་ཡིན།

    སྐབས་བསྟུན་མི་གྲངས་5ཡིན།

    གསུམ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེས་འདེམས་དགོས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་45ཡིན།

    བཞི། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་ནང་མི་འབོར་ཅུང་ཉུང་བའི་མི་རིགས་ལ་མ་མཐར་ཡང་འཐུས་མི་1ཡོད་དགོས།

    ལྔ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་མིང་སྐལ་ནང་ཏེང་པ་དང་ཤར་པ་ལ་འཐུས་མི་1རེ་བཀོད་སྒྲིག་བྱས་ཡོད།

    དྲུག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་ནང་གཞི་རིམ་གྱི་འཐུས་མི་དང་ལྷག་པར་དུ་འཐབ་ས་དང་པོའི་བཟོ་པ་དང་ཞིང་འབྲོག་མང་ཚོགས། ཆེད་ལས་ལག་རྩལ་མི་སྣ་བཅས་ཀྱི་འཐུས་མིའི་བསྡུར་ཚད་དེ་སྐབས་གོང་མ་ལས་ཅུང་ཟད་ཇེ་མཐོར་སོང་ཡོད། བུད་མེད་འཐུས་མིའི་བསྡུར་ཚད་དེ་སྐབས་གོང་མ་ལས་ཅུང་ཟད་ཇེ་མཐོར་སོང་ཡོད། ཏང་སྲིད་འགོ་ཁྲིད་ལས་བྱེད་ཀྱི་འཐུས་མིའི་བསྡུར་ཚད་དེ་སྐབས་གོང་མ་ལས་ཅུང་ཟད་དམའ་རུ་སོང་ཡོད། འགན་ཡུན་བསྟུད་མར་ཁུར་མཁན་འཐུས་མིས་བསྡུར་ཚད་ངེས་ཅན་ཞིག་ཟིན་དགོས།

    བདུན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་འདེམས་བསྐོར་འཁྲོལ་མེད་འདེམས་བསྐོ་ལག་བསྟར་བྱེད་རྒྱུ།

    བརྒྱད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་2017ལོའི་ཟླ་12ཚེས་10ཉིན་གྱི་གོང་དུ་འདེམས་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།