དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་120པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-25

    ཚེས་22ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་120པ་གཙོ་སྐྱོང་གནང་བ་རེད།

    ཚོཌ་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ཁྲིམས་ལུཌ་ཨུ་ལྷན་གྱི《བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའ་ཐོན་སྐྱེད་བཟོ་ཁང་ཆུང་གྲས་དང་། ཟ་ཁང་ཆུང་གྲས། ཟས་རིགས་ཚོང་པ་ཉི་ཚེ་བ་བཅས་དོ་དམ་བྱ་ཐབས(འཆར་ཟིན)》ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་ཞུ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་ཞུ། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆོག་མཆན་འགོད་རྒྱུར་ཕུལ་བའི《གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཀའི་གྲོས་རིམ་གཏན་འབེབས》སྐོར་གྱི་ཞིབ་བཤེར་སྙན་ཞུ། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆོག་མཆན་འགོད་རྒྱུར་ཕུལ་བའི《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་ཉན་པ་དང་། ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་ཉན་པ། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི《འདི་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུའི》སྐོར་གྱི་ཞིབ་བཤེར་བསམ་འཆར་དང་། བོད་རང་སྐྱོང་ལྗོངས་ཀྱི་འདི་ལོ་ཚུན་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་ཞིབ་བཤེར་བསམ་འཆར། བོད་རང་སྐྱོང་ལྗོངས་རིམ་པ་དེ་གའི་2017ལོའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་ཞིབ་བཤེར་བྱས་འབྲས་སྙན་ཞུ། ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་གྱི་གྲོས་ཞིབ་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རྗེས་སྙེག་ཞིབ་བཤེར་སྙན་ཞུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་སྲོལ་ཡིག》གི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་གྲོས་ཞིབ་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རྗེས་སྙེག་ཞིབ་བཤེར་སྙན་ཞུ་བཅས་ཉན་པ་རེད། ཚོགས་འདུའི་ཐོག་གོང་གསལ་གྱི་དོན་ཚན་དག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གཅིག་ནས་ལོ་འཁོར་འདིའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་སྐབས་འདིའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དྲུག་པའི་ཚོགས་དོན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཚོགས་འདུའི་སྤུས་ཚད་དང་ལས་ཕྱོད་འགན་ལེན་བྱེད་དགོས་པ། གསུམ་ནས་སྒྲིག་ཁྲིམས་དང་སྤྱོད་ཚུལ་གཏན་འབེབས་ནན་པོ་བསྲུངས་ནས་ཤེས་དཔལ་དང་། གྲོན་ཆུང་། སྤྱོད་གཙང་གཞུང་དྲང་བཅས་ཀྱི་དུས་ཆེན་རྣམ་པ་ཞིག་གཏོད་དགོས་པ། བཞི་ནས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རིང་གི་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་རེས་བཀོད་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབས་ནས་ཞི་མཐུན་བརྟན་ལྷིང་དང་དུས་བདེ་མཐུན་སྦྱོར་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།