དབུ་ཤོག>སྲིད་དོན།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཅིག་པས་བོད་དུ་ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་ལ་བརྡ་ལན་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-20

    ཚེས་18ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའ་བདེ་འཇགས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པར་བརྡ་ལན་སྤྲོད་པའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་སྐབས་བཟའ་བཅའི་བདེ་འཇགས་ཀྱི“མཐའ་ཚད”སྲུང་བ་དང་བཟའ་བཅའི་བདེ་འཇགས་ཀྱི“འགག་སྒོ”ནན་པོ་བསྲུངས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲི་ཁུར་སེམས་ཆེན་པོར་བརྟེན་ནས་བཟའ་བཅའི་བདེ་འཇགས་ལས་དོན་ཕྱོགས་ཡོངས་དང་གཏིང་ཟབ་ངང་ཡག་པོ་སྒྲུབས་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་བཅུ་གཅིག་པའི་ཙུའུ་ཀྲང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལིའུ་ཕེ་ཀྲིས་རང་ལྗོངས་ལ་བཟའ་བཅའི་བདེ་འཇགས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་བསམ་འཆར་བརྡ་ལན་གནང་བ་རེད།

    ལིའུ་ཕེ་ཀྲིས་རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་ཁྲོད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཟའ་བཅའི་བདེ་འཇགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བཟའ་བཅའི་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱེད་པ། གཙོ་གནད་དང་དཀའ་གནད་གནད་དོན་མཐུན་སྦྱོར་གྱིས་ཐག་གཅོད་བྱེད་པ། གཞི་རིམ་གྱི་རྨང་གཞིའི་ནུས་པ་ཆེ་རུ་དང་བརྟན་དུ་གཏོང་བ། དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ཧུར་ཐག་བྱེད་པ། ལྟ་སྐུལ་དོ་དམ་སྡེ་ཚན་ཁག་གི་སྣེ་འཁྲིད་དེ་ལས་དོན་ཏན་ཏིག་སྒྲུབ་པ། སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བཅས་བྱས་པས་བཟའ་བཅའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་ཐོན་པའི་མཐའ་ཚད་བརྟན་པོ་བསྲུངས་བ་དང་བཟའ་བཅའི་བདེ་འཇགས་དུས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གིས་མུ་མཐུད་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། “ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ནན་པོ། ལོ་སྨད་ཀྱི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ། བྱེད་ཐབས་ཏན་ཏིག་སྤྱོད་པ། དག་ཐེར་ནན་པོ་བཅས་བྱས་ནས་འདི་ལོའི་བཟའ་བཅའི་བདེ་འཇགས་ཀྱི་གཙོ་གནད་ལས་འགན་ལེགས་གྲུབ་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བཟའ་འཐུང་བདེ་འཇགས་འགན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    ཀྲོང་ཡན་གྱིས་ད་ཐེངས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ཐད་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལྟ་ཞིབ་ནན་པོ་བྱས་པ་དང་། རྒྱུགས་ཤོག་བལྟས་ནས་སྐར་གྲངས་བརྒྱབ་སྟེ་ངེད་ཚོར་བཟའ་བཅའི་བདེ་འཇགས་ཀྱི“ནད་དཔྱད་ཡི་གེ”དུས་ཐོག་ཏུ་སྤྲད་པ་དེ་ནི་རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་ནུས་ལ་ཞིབ་དཔྱད་བྱས་པ་ཞིག་རེད་ལ། རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ཐད་ཀྱི“ཏང་སྲིད་འགན་འཁྲི་གཅིག་མཚུངས”དོན་འཁྱོལ་བྱས་ཚུལ་ལ་ཞིབ་དཔྱད་བྱས་པ་ཞིག་ཡིན་པ་མ་ཟད། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྡེ་ཚན་ཁག་གི་སྲིད་སྐྱོང་ནུས་པར་ཞིབ་དཔྱད་བྱས་པ་ཞིག་ཀྱང་དེ་བས་རེད་ཅེས་བསྟན་གནང་ཡོད།

    ཀྲོང་ཡན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། གཅིག་ནས་དག་ཐེར་གྱི“འགན་འཁྲིའི་ལམ་ལུགས”ལག་བསྟར་ནན་པོ་བྱས་ཏེ་དག་ཐེར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་བ་དང་། ལས་འགན་རེ་རེ་བཞིན་ཁག་བགོས་པ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་གནད་དོན་གཅིག་དང་། ཇུས་གཞི་ཆ་ཚང་གཅིག འགན་འཁྲི་བ་གཅིག དམ་འཛིན་མཐར་ཕྱིན་པ་ཐུབ་པ་བཅས་བྱེད་དགོས་པ་དང་། གཉིས་ནས་དག་ཐེར་གྱི“ཐོ་སུབ་པའི་ལམ་ལུགས”ལག་བསྟར་ནན་པོ་བྱས་ཏེ“གནད་དོན་ཚང་མ་དག་ཐེར་དང་དོན་ཐོག་ཏུ་འཁྱོལ་བའི”རྩ་དོན་གཞིར་བཟུང་གནད་དོན་གྱི་རྩིས་ཐོ་བཟོ་བ་དང་། རྗེས་སྙེག་གིས་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། འཕྲལ་མར་ཐག་གཅོད་ཐུབ་རིགས་འཕྲལ་མར་དག་ཐེར་བྱས་ཏེ་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱེད་པ། འཕྲལ་དུ་ཐག་གཅོད་བྱེད་མ་ཐུབ་ཚེ་ཇུས་གཞི་བཟོ་བ་དང་། ཆ་རྐྱེན་བསྐྲུན་པ། དུས་བཀག་བཟོས་ནས་དག་ཐེར་བཅས་བྱེད་དགོས་པ། གསུམ་ནས་དག་ཐེར“ཡོངས་བསྒྲགས་ལམ་ལུགས”ལག་བསྟར་ནན་པོ་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་ཀྱིས་དག་ཐེར་ནང་ཞུགས་པ་དང་དག་ཐེར་ལ་ལྟ་སྐུལ་བྱེད་དགོས་པ། བཞི་ནས་དག་ཐེར་གྱི“རྩད་གཅོད་ལམ་ལུགས”ལག་བསྟར་ནན་པོ་བྱས་ཏེ་དག་ཐེར་ལས་དོན་དཔྱད་ཞིབ་ཀྱི་ནང་དོན་ནང་བཅུག་ནས་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་མིན་པ་དང་འཕེལ་རིམ་འགོར་བར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་ད་ཐེངས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ལྟ་སྐུལ་ཞིབ་བཤེར་དཔྱད་གདེང་བྱས་འབྲས་བཀོལ་སྤྱོད་ཡག་པོ་བྱས་ཏེ་འགན་འཁྲི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་དམ་འཛིན་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། བཟའ་བཅའི་བདེ་འཇགས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་དམ་འཛིན་བྱས་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།