དབུ་ཤོག>སྲིད་དོན།
  • དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་གྱིས་རང་ལྗོངས་ཀྱི་གློག་འདོན་གྱི་ཆུ་དང་གློག་ཤུགས་ལྷག་མ་འདོར་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-25

    ཚེས་21ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་གློག་འདོན་གྱི་ཆུ་དང་གློག་ཤུགས་ལྷག་མ་འདོར་བའི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐད་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་རང་ལྗོངས་ཀྱི་གློག་འདོན་གྱི་ཆུ་དང་གློག་ཤུགས་ལྷག་མ་འདོར་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་། ནུས་རྒྱུའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག རང་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་དགོས་ངེས་ཀྱི་བྱ་ཐབས་ཤིག་བཅས་ཡིན་ལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆུ་དང་གློག་ཤུགས་ལྷག་མ་འདོར་བའི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་བླང་བྱ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁོང་དུ་ཆུད་རྒྱུ་དང་འཚམ་པ་དང་། བཀོད་གཏོང་ཇེ་ལེགས་སུ་གཏོང་བ། གློག་གིས་ནུས་རྒྱུའི་ཚབ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཆུ་དང་གློག་ཤུགས་ལྷག་མ་འདོར་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ“ལོ་ཧྲིལ་པོར་གློག་ཤུགས་ཉུང་ཙམ་འདོར་བ་དང་། དབྱར་དུས་སུ་ཆུ་ཤུགས་ཉུང་ཙམ་འདོར་བ། དགུན་དུས་སུ་གློག་དཀོན་པོ་མི་ཆགས་པ”བཅས་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འགག་རྩའི་གནད་དོན་ཡིན་པའི་གློག་རིན་སྟངས་འཛིན་ནན་པོ་བྱས་ནས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་གློག་རིན་ལམ་སྲོལ་སྟབས་བསྟུན་ལེགས་སྒྲིག་བྱེད་རྒྱུ་འཚོལ་ཞིབ་བྱས་ནས་གློག་འདོན་ཁེ་ལས་དང་གློག་ཤུགས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་གློག་ཤུགས་འཛད་སྤྱོད་ཁྲོམ་རའི་བར་མཐོངས་ཆེ་རུ་བཏང་སྟེ་གློག་ཤུགས་འཛད་སྤྱོད་བྱེད་ཚད་འཕར་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་དང་། འགན་འཁྲི་གསལ་བཟོ། རང་འགུལ་ལས་སྒྲུབ། མཉམ་ཤུགས་ཆགས་པ་བཅས་བྱས་ནས་ཞབས་ཞུའི་འགན་ལེན་དང་འགན་འཁྲི་འཁུར་བའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། གཙོ་གནད་དང་། དལ་ལྷོད་འཚམ་པོ། ལས་དོན་སྤེལ་ཤུགས་ཁོང་དུ་ཆུད་པ། ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གནས་པའི་དཀའ་ངལ་དང་གནད་དོན་མངོན་གསལ་དོད་པོ་དུས་ཐོག་ཏུ་ཤེས་རྟོགས་དང་། ཁོང་དུ་ཆུད་པ། ཞིབ་འཇུག་ཐག་གཅོད་བཅས་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནུས་རྒྱུའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་བཟང་སྒྲིག་དང་། ཁྲོམ་རའི་སྟོན་ཕྱོགས་དང་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གློག་གིས་ནུས་རྒྱུའི་ཚབ་བྱེད་པའི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྒྱུར་བཅོས་ཀྱི་མཉམ་འགུལ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཕན་ནུས་རང་བཞིན་བཅས་ཆེ་རུ་གཏོང་བ། ནུས་རྒྱུའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནུས་རྒྱུ་གཙང་མ་སྤྱོད་པར་སྐུལ་འདེད་གཏོང་བ། གློག་ཤུགས་ཕྱིར་གཏོང་ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་བོད་སྐྱོར་ཞིང་ཆེན་དང་མཉམ་དུ་རང་ལྗོངས་ཀྱི་གློག་ཚད་ལྷག་འཕྲོའི་གནད་དོན་འབྲེལ་གཏུག་མཐུན་སྦྱོར་དང་བསྡུ་ཉར་གཙང་སེལ་བྱེད་དགོས་པ་དང་། བོད་ཀྱི་ནུས་རྒྱུའི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་འཐབ་ཇུས་དང་སྤྱིའི་འཆར་འགོད་ལ་ཞིབ་འཇུག་ནན་ཏན་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དང་དོན་འཁྱོལ་གྱིས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་གཞིགས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་དེང་བརྒལ་འོས་འཚམ་ཡོང་བ་བྱེད་པ་དང་། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ནུས་ལྡན་གཏོང་བ། བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཆུ་དང་གློག་ཤུགས་ལྷག་མ་འདོར་བའི་གནད་དོན་རྩ་བ་ནས་ཐག་གཅོད་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།