དབུ་ཤོག>སྲིད་དོན།
  • བྱང་ཐང་ས་གཞི་ཆེ་མོར་གདོང་ལེན་དར་ཆ་མཐོན་པོར་བསྒྲེངས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-24

    རང་སྐྱོང་ལྗོངས་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཚུན་དུ། ནག་ཆུ་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ“དབུལ་སྒྲོལ་བྱེད་པར་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པའི”ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གི“བྱ་སྤྱོད་ཆེན་པོ་གསུམ”ལག་ལེན་བསྟར་བ་བརྒྱུད། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    “མཁར་རྫོང”གི་བྱ་སྤྱོད་སྤེལ་ནས“རྨང་གཞིའི་སྟོབས་ཤུགས”ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་ཁྲིད་སྟོན་བྱས་པ།

    གཞི་རིམ་ཏང་རྩ་འཛུགས་ཚན་རིག་ཅན་དུ་བཀོད་སྒྲིག་བྱས་ཤིང་། གྲོང་ཚོ་དབུལ་པོའི་ཏང་རྩ་འཛུགས་ལྟེ་བར་བྱེད་པ་དང་སྣེ་འདྲེན་ཀུང་སི་དང་། ཐོན་ལས་རྟེན་གཞི། མཉམ་ལས་རྩ་འཛུགས་སོགས་ཀྱིས་འདེགས་སྐྱོར་བྱས་པའི“ལྟེ་བ་གཅིག་དང་གཞི་རྒྱུ་མང་བའི”གནད་སྨིན་དབུལ་སྐྱོར་རྩ་འཛུགས་ཀྱི་མ་ལག་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཁྲོད་ཏང་ཀྲི་པུའུ་36བཙུགས་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པས་ཁེ་ལས་གསར་གཏོད་བྱེད་རིང་ཏང་ཀྲི་པུའུ་4བཙུགས་པ། དུད་ཚང་དབུལ་པོའི་ངལ་ནུས་ཕྱིར་གཏོང་ས་ཚིགས་སུ་གནས་སྐབས་ཏང་ཀྲི་པུའུ་13བཙུགས་པ་མ་ཟད། རང་འབྱུང་འཐུང་ཆུ་དང་། བོད་སྨན་དང་བོད་ལུགས་གསོ་རིག ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་སྦྲེལ་ཐག་ཐད་ཏང་ཀྲི་པུའུ་18བཙུགས་ནས་ཏང་རྩ་འཛུགས་དང་ཏང་གི་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་ཡོངས་སུ་ཁྱབ་ཡོད།

    “གདོང་ལེན”གྱི་བྱ་སྤྱོད་སྤེལ་ནས“ནང་ངོས་སྟོབས་ཤུགས”ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།

    ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་བཀོད་སྒྲིག་གནད་ལ་འཁེལ་པོ་བྱས་ཤིང་། 2016ལོའི་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་སྐབས་ས་ཁུལ་དེ་ཡོངས་ཀྱི་རྫོང་ཐད་གཏོགས་ལས་ཁུངས་ནས་ཕུལ་བྱུང་ལས་བྱེད་པ་130འདེམས་མངགས་བྱས་ཏེ་ཤང་གྲོང་དུ་ལས་འགན་འཁུར་དུ་བཅུག་པ་དང་། ཤང་གྲོང་གི་ཕུལ་བྱུང་ལས་བྱེད་པ་143དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཤང་དང་གྲོང་རྡལ་དུ་བཏང་བས་གྲོང་གསེབ་ཀྱི་འཐབ་ས་དང་པོའི་ལས་དོན་སྒྲུབ་མཁན་ལས་བྱེད་པའི་ཁྲོད་ནས་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་88%ཐད་ཀར་བདམས་ཏེ་ཤང་གྲོང་ཚང་མར་ཏང་འཛུགས་སྐྱོང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་། སྒྲིག་ཨུད་ཧྲུའུ་ཅི། རྩ་འཛུགས་ཨུ་ཡོན། རྩ་འཛུགས་ཀྱི་ཀན་ཧྲི་བཅས་བཀོད་སྒྲིག་བྱས་ནས་གྲུབ་ཆ་ལེགས་སྒྲིག་དང་ནུས་པ་ཆེ་རུ་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་གནད་ལ་འཁེལ་པོ་བྱུང་ཞིང་། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་བཅས་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནན་པོ་སྲུང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” “ནག་ཆུའི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ“ཡོད་པ་གསུམ་དང་མི་སྐྲག་པ་བཞི”དངོས་སུ་བྱེད་ཐུབ་པ་བྱས་ནས་ས་ཁུལ་དེ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པའི་ཁྲོད“མི་ཚེ་སྟོང་ཟད་གཏོང་བ་ལས་དཀའ་སྤྱད་སྙིང་རུས་ཀྱིས་ལང་ཚོའི་གཟི་བྱིན་འཕྲོ་བར་བྱས་ན་དགའ”ཞེས་པའི་ཐུན་མོང་གི་ངོས་འཛིན་གྲུབ་ནས་བསམ་བློ་དང་། སྙིང་སྟོབས། ནུས་ཤུགས་བཅས་དབུལ་སྒྲོལ་འགག་སྒྲོལ་ཐོག་བཞག་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད།

    “འགན་ལེན”གྱི་བྱ་སྤྱོད་སྤེལ་ནས“འགག་སྒྲོལ་བྱེད་ཤུགས”ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་བརྟན་པོ་ཐུབ་པ་བྱས་པ།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཞིང་། 2016ལོར། བོད་སྐྱོར་དང་ཞིང་ལས་ཁ་གཏད་མ་དངུལ་སྒོར་དུང་ཕྱུར་1.7བསྡུ་སྒྲིལ་བྱས་ནས་ཐོན་ལས་རོགས་སྐྱོར་དང་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཐད་སྤྱད་པ་དང་། མིག་སྔར་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་575ཟིན་པ་དང་། ཁེ་བཟང་སྒོར་ཁྲི་873.27བགོས་པའི་ཁྲོད་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ཡན་ཟིན་པའི་མཉམ་སྡེབ་དཔལ་འབྱོར་253ཡོད་པ་དེས་44%བཟུང་ནས་མང་ཚོགས་43450དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    སློབ་གསོ་ཁྲིད་སྟོན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ཅིང་། ས་ཁུལ་དེ་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ངལ་རྩོལ་ལ་དགའ་ཞེན་དང་། ཤེས་དཔལ་ལ་སྣང་ཆེན། སྲོལ་གསར་གཏོད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ། “མི་བྱེད་པ་ལྔ་དང་། སྒྱུར་བཅོས་ལྔ། འཛུགས་པ་ལྔ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་བཅས་གཏིང་ཟབ་སྤེལ་བ་དང་། དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྟོབས་ཀྱི་དབུལ་སྐྱོར་དང་། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་ཀྱི་དབུལ་སྐྱོར། “དབུལ་སྐྱོར་བྱེད་པར་སྒྱིད་ལུག་ཅན་ལ་རོགས་སྐྱོར་མི་བྱེད་པ”བཅས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཁྱད་དུ་བསད་དེ་རང་ངོས་འཕེལ་རྒྱས་དང་། རང་བརྟེན་དབུལ་སྒྲོལ། དཀའ་སྤྱད་ཕྱུག་འགྱུར་བཅས་ཀྱི་ཡིད་ཆེས་དང་སྒུལ་ཤུགས་ཆེ་རུ་བཏང་སྟེ་བསམ་བློའི་ཐོག་ནས་དུད་ཚང་དབུལ་པོར“དབུལ་པོའི་རྩ་བ”མེད་པ་བཟོ་རོགས་བྱེད་པ་དང་། “ང་ལ་དབུལ་སྒྲོལ་བྱེད་དགོས”ཞེས་པ་ནས“ངས་དབུལ་སྒྲོལ་བྱ་རྒྱུ་ཡིན”ཞེས་པའི་བར་འགྱུར་ལྡོག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།