དབུ་ཤོག>སྲིད་དོན།
  • ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཞེ་ཝུའེ་ཡིས།   |     སྤེལ་དུས།  2017-08-24

    ང་ཚོས་ལས་ཀ་གང་ཞིག་བྱས་ཀྱང་ཕྱི་ཚུལ་ཙམ་མི་བྱེད་པར། དེ་བས་གལ་ཆེ་བ་ཞིག་ནི་ང་ཚོས་རང་བརྟེན་ངང་སྤེལ་བའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་བྱེད་དགོས། དེའང་ང་ཚོས་རྒྱུན་དུ་ཤོད་པ་ལྟར་གྲུབ་འབྲས་ཡག་པོ་ཐོབ་དགོས་ན། ལས་དོན་ཧུར་ཐག་བསྒྲུབ་དགོས་ཟེར་བ་དེ་ཡིན།

    ནག་ཆུ་ས་ཁུལ་གྱིས“དབུལ་སྒྲོལ་ལ་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི”ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་གི“བྱ་སྤྱོད་ཆེན་པོ་གསུམ”ལག་བསྟར། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས། དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་མངོན་གསལ་དོད་པའི་ཕན་འབྲས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་དངོས་ཡོད་གསལ་བཤད་བཅས་ཀྱི་ཐོག་ནས་ང་ཚོས་ཏང་འཛུགས་སྐྱོང་དང་། ལྷག་པར་དུ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་ཧུར་ཐག་བསྒྲུབ་དགོས། དེ་ལྟར་བྱས་ཚེ་གཞི་ནས་གཞི་རིམ་ཏང་ཡོན་གྱི་ནང་གནས་སྒུལ་ཤུགས་འཕེལ་ཐུབ་པ་དང་། གཞི་ནས་གཞི་རིམ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ། གཞི་ནས་རང་རེའི་ཏང་གི་སྲིད་སྐྱོང་གནས་བབ་སྔར་བས་བརྟན་དུ་གཏོང་ཐུབ།

    ཇི་ལྟར་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་བསྒྲུབ་དགོས་སམ། མདོར་བསྡུས་ནས་བཤད་ན། འཕེལ་རྒྱས་ཡོང་བར་དར་ཆའི་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད་ལ་མཐུན་སྒྲིལ་འབད་འཐབ་བྱེད་པར་རྨང་གཞི་བརྟན་པོ་དང་ཡང་ཁ་འབྲལ་ཐབས་མེད། དར་ཆ་ནི་དམར་མདངས་བཀྲ་བའི་ཏང་དར་ཡིན་ལ། རྨང་གཞི་ནི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཡང་ཡིན།

    ཞིབ་ཕྲའི་ཐོག་ནས་བརྗོད་ན། གཅིག་ནས་དུས་བསྟུན་འཕེལ་རྒྱས་དང་ཏང་རྩ་འཛུགས་གསར་གཏོད་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ་གནད་དོན་ཐག་གཅོད་བྱེད་མཁན་གྱི་འཐབ་ས་དང་པོའི་བཀོད་འདོམས་པུའུ་རུ་འགྱུར་བ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཚད་ལྡན་ཅན་གྱི་ཐོག་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་ཐོག་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་འགྲོ་བ་བྱེད་དགོས།

    གཉིས་ནས་དཔུང་ཁག་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་ཏང་ཡོན་དང་། ཕུལ་བྱུང་ལས་བྱེད་པ། ཕུལ་བྱུང་ཤེས་ལྡན་པ་བཅས་གཞི་རིམ་ལས་དོན་གྱི་འཐབ་ཕྱོགས་དང་པོར་གཅིག་སྡུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པས་དཀའ་སེལ་འགག་སྒྲོལ་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    གསུམ་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་འགན་ལེན་བྱ་ཤུགས་ཆེ་རུ་བཏང་ནས་མ་དངུལ་གཞི་རིམ་དུ་གཏོང་བ་དང་སྲིད་ཇུས་གཞི་རིམ་དུ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། རང་ལྗོངས་ཀྱི་ད་ལྟའི་གནས་ཚུལ་ལ་གཞིགས་ནས། མིག་སྔར་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་དེ་བས་ཡག་པའི་ལས་ཀ་དང་སྲིད་ཇུས་ལས་སྟེགས་ཡོད་པ་བྱས་ཏེ་དེ་བས་ནུས་ལྡན་སྒོ་ནས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་འཛུགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།