དབུ་ཤོག>སྲིད་དོན།
  • ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-19

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག བོད་ཀྱི་ལས་དོན་གྱི་དམངས་འཚོ་ལེགས་བཅོས་དང་དམངས་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་དམ་པོར་འཛིན་ནས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་སྤེལ་ཤུགས་ཆེན་བཏང་ནས་དབུལ་སྐྱོར་གནད་འཕིགས་དང་དབུལ་སྒྲོལ་གནད་འཕིགས་མངོན་ཆེར་འཛིན་ཏེ་དབུལ་པོ་ཆགས་པའི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་དཀའ་ངལ་ཤིན་ཏུ་ཆེ་བའི་མང་ཚོགས་ཀྱི་འཚོ་བར་གང་མགྱོགས་ལེགས་བཅོས་གཏོང་དགོས་པ། དེ་བས་ཕན་སྐྱེད་ཆེ་བའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་རོགས་རམ་དེ་བས་མང་བ་བྱེད་དགོས་པ། སླད་ཕྱིན་དུས་སྐབས་ཤིག་རིང་བོད་དུ་མུ་མཐུད་ནོར་སྲིད་དང་ཁྲལ་བསྡུ། མ་འཇོག དངུལ་རྩ་སོགས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས“ལོ་ལྔ་ཚན་བཅུ་གཉིས”དང་“ལོ་ལྔ་ཚན་བཅུ་གསུམ”པའི་རིང་ཀྲུང་དབྱང་ནས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཕན་པ་འདོགས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་ཡོད་པ་དེ་དག་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་དང་དམིགས་བསལ་རྒྱབ་སྐྱོར་གནང་ལུགས་གང་ལེགས་མཚོན་གྱི་ཡོད་པས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ནམ་ཡང་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ལ་འགྱུར་བ་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་ཐབས་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་མི་དམངས་གོང་དུ་བཀུར་བ་དང་མི་དམངས་ལྟེ་བར་བྱེད་པའི་སྲིད་འཛིན་འདུ་ཤེས་རྒྱུན་འཁྱོངས་ཀྱིས་དམངས་ཕྱུག་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ལོ་ལྟར་ནུས་ཤུགས་ཡོད་རྒུས་དམངས་འཚོའི“དངོས་དོན་ཁག་བཅུ”ཡག་པོ་སྒྲུབ་པ་དང་སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་གཏོང་སྒོའི་བརྒྱ་ཆ་70ཡན་དང་བོད་སྐྱོར་མ་དངུལ་གྱི་བརྒྱ་ཆ་80དམངས་འཚོའི་ཁྱབ་ཁོངས་སུ་གཏོང་གི་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་ནས་དམངས་འཚོའི་ཐད་འགྲོ་གྲོན་གཏོང་ཚད་སྒོར་དུང་ཕྱུར་ 3911ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆ་18ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ཐུབ་ཚད་རྒྱུན་སྲིང་མཐོ་རུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་ཐུབ་ཚད་མི་གྲངས་ཁྲི་ཚོ་16.9 དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་སྤོ་འགྱུར་བྱེད་ཚད་མི་ཐེངས་ཁྲི་ཚོ་467ཟིན་ཡོད། གྲོང་མིའི་ཡོང་འབབ་འཕར་སྣོན་ཆེ་ཙམ་བྱུང་ཡོད་པ་སྟེ། སྤྱི་ལོ་2015ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་ཁག་སོ་སོར་སྤྱི་ལོ་2010ལོའི་ལྡབ་1.7དང་ལྡབ་2ཟིན་ཡོད། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་གཞི་རྩའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཡོད་པས་གཞི་རྩའི་ཐོག་ནད་ཆེན་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ། ནད་ཆུང་རྫོང་དང་ཆུས་ནས་བཅོས་ཐུབ་པ་བཅས་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རིན་མེད་གཟུགས་པོ་བརྟག་དཔྱད་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་ཕྱིན་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5000ལྷག་ཙམ་ལ་རིན་མེད་སྨན་བཅོས་ཐུབ་པ། སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་སྐྲུན་ཟིན་པ་བཅས་རེད། “བརྒྱད་འཛོམས་ཞིང་དུད”ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་འཛིན་གྲོང་ཚོ་4898 ཀྱི་འཚོ་སྡོད་ཁོར་ཡུག་དང་ཕྱོགས་བསྡུས་བཅོས་སྐྱོང་ལེགས་སྒྲུབ་བྱས་ཡོད་པ་དང་མི་འབོར་དང་འཆར་ལྡན་བུ་བཙའི་ལས་དོན་དང་། མི་རབས་རྗེས་མ་དང་རྒན་རྒོན་ལ་སེམས་ཁུར་བྱེད་པའི་ལས་དོན། དབང་པོ་སྐྱོན་ཅན་བྱ་གཞག་བཅས་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་ཡོད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།