དབུ་ཤོག>སྲིད་དོན།
  • དར་ཆ་བཙུགས་ནས་མིག་དཔེ་སྟོན།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-18

    ཉེ་ལམ་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས(སྒྲིག་ཁོངས་གཞུང་ལས་ཁང)ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གི་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ལས་སྟེགས་སུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་འཛུགས་སྡེ་ཚན་གྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་དག་པའི་དཔུང་ཁག་སྐྱོང་བ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་སྒོ་བྱང་ཆུབ་པའི་ཚན་པ་གཏོད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་བཀུར་སྲོལ་སྲུང་གི་དཔེ་བཟང་ཚན་པ་གཏོད་པ་བཅས་ཀྱི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་སྒྲིག་ཁོངས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།

    སྟོན་ཕྱོགས་གསལ་པོ་བཙུགས——

    ཏང་གི་ལས་དོན་མཐའ་དག་ཀྲི་པུའུ་ལ་སྤྲད་པ།

    ལྗོངས་ཏང་ཨུད་ཀྱི་རྩ་འཛུགས་པུས(སྒྲིག་ཁོངས་གཞུང་ལས་ཁང)སྔར་ནས་བཟུང་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ཏང་ཀྲི་པུའི་བྱེད་པོའི་ནུས་པ་འདོན་སྤེལ་ལ་སྣང་ཆེན་བྱས་ཏེ་ཏང་རྩ་འཛུགས་ཀྱི་འགན་འཁུར་བས་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་མོལ་ཞིབ་དཔྱད་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་པ་དང་། 《ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་དམིགས་ཚད་འགན་འཁྲིའི་ཡི་གེ》རིམ་པ་བཞིན་བཞག་སྟེ་ཏང་ཀྲི་པུའི་ཧྲུའུ་ཅིའི་བྱེད་པོའི་འགན་འཁྲི་ཟམ་མི་ཆད་པར་ནན་དུ་བཏང་ཡོད། ལས་འགན་གསར་དུ་འཁུར་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་དོན་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་ལ་སྣང་ཆེན་བྱས་ཏེ་ཏང་དོན་ལས་བྱེད་དཔུང་ཁག་ཟམ་མི་ཆད་པར་ཧྲག་ཏུ་བཏང་ནས་ཆེས་ཕུལ་བྱུང་གི་ལས་བྱེད་པ་གཞི་རིམ་གྱི་ཏང་ཀྲི་པུའུ་ལ་བཅུག་པ་རེད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང“ཏང་ཡོན་གྱི་གདོང་ལེན་ལས་གནས” “དུས་བདེའི་ཚན་པ” “རང་ངོས་འཛུགས་སྐྱོང་ལོ”སོགས་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ཏེ“དྲུག་ལྡན”ཏང་ཀྲི་པུའུ་གཏོད་པ་དང“སྣང་ཆེན་བཞི་དང་ཡོད་པ་བཞིའི”ཏང་ཡོན་བརྩོན་ལེན་བྱེད་པ་གཞི་རྟེན་དུ་བྱས་ནས་ཏང་ཡོན་མི་རེ་ངོ་རེས་རང་རྟོགས་ངང་ཏང་ཡོན་གྱི་འོས་འགན་ལག་བསྟར་དང་། ཏང་ཡོན་གྱི་ནུས་པ་འདོན་པ། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་རྨང་གཞིའི་ཐོག་མཐུན་སྒྲིལ་ཡར་བརྩོན་དང་སྔོན་གཏོད་ལེཌ་བརྩོན་བྱས་ཡོད།

    གཙོ་རྐང་ནན་པོ་དམ་དུ་བཟུང——

    ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་རྩ་འཛུཌ་ཀྱི་འཚོ་བར་དམ་འཛིན་ཡག་པོ་བྱས་པ།

    ལྗོངས་ཏང་ཨུད་རྩ་འཛུགས་པུའུ(སྒྲིག་ཁོངས་གཞུང་ལས་ཁང)ནི་ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་དོ་དམ་པ་དང་། སྒྲིག་འཛུགས་པ། ཞུགས་མཁན། ལག་ལེན་པ་བཅས་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ“སློབ་གསོ་གཏོང་མཁན་ཡིན་ཕྱིན་ངེས་པར་དུ་སྔོན་ལ་རང་ཉིད་སློབ་གསོ་མྱོང་དགོས་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་པུའུ(གཞུང་ལས་ཁང)ལས་ཁུངས་ཏང་རྩ་འཛུགས་ཀྱི་འཚོ་བ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་འགོ་འཛུགས་ས་མཐོ་པོ་དང་། ཚད་གཞི་མཐོ་པོ། སྤུས་ཚད་མཐོ་པོ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་མདུན་གྲལ་དུ་བསྐྱོད་པ་དང་མིག་དཔེ་ཡག་པོ་བསྟན་ཡོད། དམངས་གཙོའི་འཚོ་བའི་ཚོགས་འདུའི་ལམ་ལུགས་ནན་དུ་བཏང་ཞིང་། པུའུ་ལས་དོན་ཚོགས་འདུའི་ཁོངས་མིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་ཏང་གཤིས་ཞུན་བརྡར་གྱི་ཁྲོ་ཐབ་ལྟ་བུར་བརྩིས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཙེང་དབན་མིང་གིས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དེ《ཚད་གཞི》དང《སྲོལ་ཡིག》ལག་ལེན་བསྟར་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་བསམ་བློར་དཔྱད་པ་དང་། གཏམ་སྤྱོད་ལ་བརྟག་པ། སྤྱོད་ཚུལ་ལེགས་གཏོང་བཅས་ཀྱི་མཚོན་ཆ་ནུས་ལྡན་ཞིག་ལ་བརྩི་བ་མཐའ་འཁྱོངས་ཀྱིས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་པུའུ་དོན་ཚོགས་འདུའི་ཚན་ཁག་ཅིག་བཏོད་དེ་པུའུ(གཞུང་ལས་ཁང)ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ལ་མིག་དཔེ་བསྟན་ཡོད།

    བྱེད་སྒོའི་གཞི་རྟེན་གསར་གཏོད་བྱས——

    མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེཌ་ཞུ་བའི“མཐའ་མའི་འགག་གནད”བསལ་བ།

    ལྗོངས་ཏང་ཨུད་རྩ་འཛུགས་པུས(སྒྲིག་ཁོངས་གཞུང་ལས་ཁང)ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་བློའི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་ཏེ《ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་ནས་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་དགོས་པའི་སྐོར་གྱི་གཏན་འབེབས》བཟོས་ནས་བཏོན་པ་དང་། “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་གྲོགས་སྒྲིག”དང“ཏང་ཡོན་ལས་བྱེད་པ་སྡེ་ཁུལ་དུ་བསྐྱོད་ནས་ཞབས་འདེགས་ཞུ་བ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། ཏང་འཛུགས་སྐྱོང་ལས་དོན་གྱི་འབྲེལ་བ་བྱ་ཡུལ་དང་། དབུལ་སྐྱོར་གསར་སྤེལ་ལས་ཀའི་འབྲེལ་བ་བྱ་ཡུལ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་ཀའི་འབྲེལ་བ་བྱ་ཡུལ་སོགས་ཕན་ཚུན་ཟུང་འབྲེལ་བྱས་ཏེ་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་མི་རེ་ངོ་རེར་མང་ཚོགས་ལས་ཀའི་འབྲེལ་བ་བྱ་ཡུལ་རེ་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།