དབུ་ཤོག>སྲིད་དོན།
  • ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-17

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་དྲུག་པ་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ནས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་རྒྱུ་རེད། ཟླ་8ཚེས་15ཉིན་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་པ་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་ཅང་ཅུས་ཕུང་དང་ཙུའུ་ཀྲང་གཞོན་པ་ཀྲའེ་ཆིང་སོ་སོས་ལྟ་བཤེར་ལས་དོན་ཡག་པོ་སྒྲུབ་ཕྱོགས་སྐོར་ལ་གསུང་བཤད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྐུལ་སློང་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ། ཚོགས་འདུ་དེ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ་བཅས་རེད།

    ཅང་ཅུས་ཕུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་དེ་བས་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་སྟེང་དུ་ཁུར་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱ་རྒྱུ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལམ་ལུགས་ཀྱི་བཀོད་སྒྲིག་འགངས་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱ་རྒྱུ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་དུ་བརྩིས་ནས་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཧོ་པེ་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོད་ལྟའི་ལས་དོན་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་ཤེས་རྟོགས་བྱེད་པའི་ཐད་ཤུགས་རྒྱག་པ་དང་བྱེད་ཐབས་ནན་པོ་གཅོད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 2016ལོའི་ཟླ་12པར་སླར་ཡང་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་ཁོར་ཡུག་ལྟ་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་དང་ལྷག་པར་དུ་2017ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཟིལ་གནོན་ཆེན་པོ་ཞིག་ཆགས་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྡོག་སྐུལ་བྱས་ཐོག་མིག་མཐོང་ལག་འཛིན་ཐུབ་པའི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།

    ཅང་ཅུས་ཕུང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་ད་ཐེངས་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱེད་དོན་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་དང་། མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་མིན། ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་བཅས་ལ་ལྟ་བཤེར་བྱ་རྒྱུ་དང་། ལྟ་བཤེར་བྱེད་རིང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་ཚད་མཐོའི་དོ་ཁུར་དང་། མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཅས་ཀྱི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་དང་དེ་བཞིན་ཐག་གཅོད་བྱས་ཚུལ་ལ་གཙོ་གནད་དུ་དམིགས་རྒྱུ། ཁོར་ཡུག་སྤུས་ཚད་ཞན་དུ་འགྲོ་བའི་ས་ཁོངས་དང་འབབ་རྒྱུད་དང་དེ་བཞིན་བཅོས་སྒྲིག་བྱས་ཚུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱ་རྒྱུ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་རང་ཉིད་གམ་གྱི་ཁོར་ཡུག་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་བྱ་རྒྱུར་གཙོ་གནད་དུ་སྒྲུབ་སྐུལ་བྱ་རྒྱུ། ས་གནས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་ཁོར་ཡུག་སྲུང་སྐྱོང་ཐད་ནུས་པ་མི་ཐོན་པ་དང་ཁྲིམས་མེད་ལུགས་མེད་ཀྱི་གནས་ཚུལ་གཙོ་གནད་ཐོག་ལྟ་བཤེར་བྱ་རྒྱུ། ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཁྲི་རྩད་གཅོད་ནན་པོ་གཏོང་བ་སོགས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་བཅས་རེད། བོད་རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ཕན་འབྲས་ཏན་ཏིག་ཐོན་པའི་འགན་ལེན་བྱེད་དགོས།

    ཝུའུ་དབྱིང་ཅེས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་སྤེལ་རྒྱུ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལམ་ལུགས་ཀྱི་བཀོད་སྒྲིག་འགངས་ཆེན་ཞིག་དང་སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲིར་ཤུགས་སྣོན་དང་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད། ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། ལྷག་བསམ་རྣམ་དག་ངང་ལྟ་བཤེར་དང་ལེན་ཞུ་བ། ཁེངས་སྐྱུང་གི་སྒོ་ནས་བསམ་འཆར་ཉན་པ། གནད་དོན་ལ་ཐད་ཀར་གཏུག་ཕོད་པ་བཅས་བྱས་ཏེ་བྱེད་པོའི་འགན་འཁྲི་ཕྲག་ཏུ་ཏན་ཏིག་ཁུར་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་མཐའ་གཅིག་ཏུ་བྱེད་པ་དང་བཅའ་སྡོད་བྱས་པའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ལས་ཀའི་བཀོད་སྒྲིག་ལྟར་གནས་ཚུལ་སྙན་སེང་ཡག་པོ་ཞུ་བ་དང་། དཔྱད་གཞི་མཁོ་འདོན་བྱེད་པ། ཆ་རྐྱེན་གྱི་འགན་ལེན་བྱེད་པ། དག་ཐེར་དོན་འཁྱོལ་བྱེད་པ། ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་བདའ་འདེད་གཏོང་བ། ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལྟ་བཤེར་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་དང་བོད་མི་དམངས་ལ་གཅེས་སྐྱོང་ཆེན་པོ་གནང་བར་དྲིན་ལན་འཇལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲའེ་ཆིང་གིས་ད་དུང་ལྟ་བཤེར་ལ་གཞོགས་འདེགས་ཡག་པོ་བྱེད་པ་དང་། ལྟ་བཤེར་བྱེད་ཞོར་དུ་སྒྱུར་བཅོས་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། ཆ་རྐྱེན་འགན་ལེན་བྱེད་པ་སོགས་ཀྱི་ལས་དོན་ལ་བླང་བྱ་བཏོན་གནང་བ་རེད། ཀྲུང་དབྱང་གཞུང་དོན་ཐིང་གི་འབྲེལ་ཡོད་མི་སྣ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཁོངས་མི། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གཞུང་དོན་ཁང་གི་འབྲེལ་ཡོད་མི་སྣ། བོད་རང་སྐྱོང་ལྗོངས་ཏང་སྲིད་ཚན་ཁག་གི་འགོ་ཁྲིད་ཀྱི་ཁོངས་མི་གཞན་དག་བཅས་ཚོགས་འདུར་ཕེབས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ་བཅས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་ཏང་སྲིད་ཀྱི་འགོ་ཁྲིད་ཁོངས་མི་གཙོ་བོ་དང་དེ་བཞིན་ཚན་ཁག་གི་འགོ་ཁྲིད་ཁོངས་མི་གཞན་དག་ཚོགས་འདུར་ཟུར་ཞུགས་གནང་བ། ས་ཁུལ་རིམ་པའི་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་གཞན་དག་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོ། ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ་སོགས་ས་གནས་དེ་གའི་བརྙན་ལམ་ཚོགས་འདུའི་རྣམ་པ་བརྒྱུད་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    བཀོད་སྒྲིག་ལྟར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པའི་ལྟ་བཤེར་བཅའ་སྡོད་བྱེད་ཡུན་ཟླ་བ་གཅིག་ཙམ་ཡིན་པ་དང་། ལྟ་བཤེར་བཅའ་སྡོད་བྱེད་རིང(2017ལོའི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར)ཆེད་མངགས་ལས་རེས་ཁ་པར་0891-6515000དང་ཆེད་དམིགས་སྦྲག་སྲིད་ཡིག་སྒམ་ལྷ་ས་གྲོང་ཁྱེར་གྱི་སྦྲག་སྲིད་ཡིག་སྒམ་ཨང་རྟགས་0003བཀོད་སྒྲིག་བྱ་རྒྱུ་རེད། ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་གོང་ཞུའི་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་9:00-21:00བར་ཡིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་བཤེར་ཚོགས་ཆུང་གི་འགན་འཁྲི་གཞིར་བཟུང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིག་བསྐུར་དང་ཁ་པར་གྱི་ཐེར་འདོན་གོང་ཞུ་གཙོ་བོ་བདག་སྤྲོད་བྱ་རྒྱུ་དང་། བདག་སྤྲོད་ཀྱི་ཁྱབ་ཁོངས་ནང་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་གཏན་འབེབས་ལྟར་ལྟ་བཤེར་བྱ་ཡུལ་ས་ཁུལ་དང་། ཚན་པ། འབྲེལ་ཡོད་སྡེ་ཚན་བཅས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་རེད།

    སྐུལ་སློང་ཚོགས་འདུ་གྲོལ་རྗེས་རང་སྐྱོང་ལྗོངས་ཀྱིས་ད་དུང་ཁོར་ཡུག་སྲུང་སྐྱོང་ལས་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པར་འབྲེལ་ཡོད་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།