དབུ་ཤོག>སྲིད་དོན།
  • བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-07

     ཟླ་8ཚེས་3ཉིན་དང་4ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་ལྷོ་ཁ་གྲོང་ཁྱེར་བསམ་ཡས་དགོན་དང་། མཆིམས་ཕུ། ཡུམ་བུ་བརླ་མཁར་སོགས་ལ་ཕེབས་ནས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་སྤྲུལ་སྐུ་རྡོ་རྗེ་བྲག་འཇམ་དཔལ་བློ་བཟང་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། ལྷོ་ཁའི་རིམ་ཁག་ཏང་སྲིད་འགོ་ཁྲིད་དང་། ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ལས་བྱེད་པ། དགོན་སྡོད་ལས་བྱེད་པ་དང་དེ་བཞིན་ཆོས་ཕྱོགས་མི་སྣ་དང་ཁག་སོ་སོར་བཞུགས་མོལ་སྤེལ་རེས་གནང་སྟེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་ཐུགས་རྗེ་ཆེ་དང་འཚམས་འདྲི་ཞུས་པ་རེད།

    བསྟན་ཁོས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ལས་བྱེད་པས་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་ནས་སྟེས་དབང་གི་བསམ་བློ་མི་འཆང་བ་དང་། སྒྱིད་ལུག་མི་བྱེད་པ། ལྷོད་གཡེང་མི་གཏོང་བ་བཅས་བྱས་ཏེ་ལས་དོན་ཏན་ཏིག་བསྒྲུབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ལས་དོན་གྱི་ལྟེ་བར་བཟུང་ནས་བརྟན་ལྷིང་སྲུང་སྐྱོང་གི་ལྡོག་མེད་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་ཆོས་ཕྱོགས་ལས་དོན་མི་སྣས་དེ་བས་རང་འགུལ་ངང་བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐད་སྲོག་ཤིང་སྲུང་སྐྱོབ་བཅས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་དང་ཆབ་སྲིད་ཐད་དབྱེ་མཚམས་གསལ་པོ་ཕྱེ་ནས་ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུལ་རིང་བདེ་འཁོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།