དབུ་ཤོག>སྲིད་དོན།
  • མཐའ་ཚད་ལ་ཤུགས་སྣོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གངས་ལྗོངས་ས་མཐོའི་སྔོ་ཤིང་དྭངས་བའི་རི་ཆུ་ཀླུང་གསུམ་ནམ་ཡང་སྲུང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-07

     ཚེས་3ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་ཁག་དང་པོའི་གྲས་དཔལ་མགོན་སོགས་རྫོང་9ཡི་ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོའི》དོན་གནད་ལ་ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་བཟོ་བ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་ཚད་ཅིག་དང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་རེད་ལ་བྱེད་པོའི་ནུས་པའི་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། བོད་འདི་ཉིད་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ཧ་ཅང་ཕུན་སུམ་ཚོགས་པའི་སྲོག་ཆགས་དང་རྩྭ་རྩི་ཤིང་གི་ཐོན་ཁུངས་དང་དེ་བཞིན་གཏེར་ཁའི་ཐོན་ཁུངས་ལྡན་ཡོད་པས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད།

    དེར་བརྟེན་ཕྱོགས་ཡོངས་ནས་ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་དོན་འཁྱོལ་བྱེད་པ་ནི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད་ཅེས་གསུངས།

    ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་གིས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་བཏང་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་དམ་འཛིན་བྱ་གཞིར་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་དང་འཆུན་འདོམས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་ནུས་ལྡན་གཏོང་བ་དང་། སྣོད་བཅུད་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། སྣོད་བཅུད་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་མཐོའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས།

    ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་གིས་མཐིལ་རྟོགས་ཞིབ་འཇུག་ལ་ཤུགས་སྣོན་དང་མཐའ་ཚད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁ་གསལ་བཟོས་པའི་ཚད་བཀག་རིགས་དང་གཏན་འགོག་རིགས་ཀྱི་ཐོན་ལས་རྣམས་མཐའ་ཚད་དུ་བརྩི་བ་དང་ཚད་བཀག་དང་གཏན་འགོག་བྱེད་དགོས་པའི་ཐོན་ལས་རིགས་ནན་པོ་བཟོ་དགོས་པ་དང་ཆབས་ཅིག ཞིབ་ཕྲའི་གནས་ཚུལ་དབྱེ་ཞིབ་ཞིབ་ཕྲ་བྱས་ཏེ་ཡུལ་དེ་གའི་དོན་དངོས་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་རིགས་དབྱེ་མཛུབ་ཁྲིད་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། སྣོད་བཅུད་དམིགས་སུ་འཛིན་པ་དང་སྲུང་སྐྱོང་སྔོན་ལ་མཐའ་འཁྱོངས་བྱེད་པ། སྲུང་སྐྱོབ་ཁྲོད་གསར་སྤེལ་དང་གསར་སྤེལ་ཁྲོད་སྲུང་སྐྱོབ་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་གཏོང་བ། ལྗང་མདོག་གམ་གཙང་ཐོན་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྣོད་བཅུད་ཀྱི་ཕན་འབྲས་གང་ལེགས་འདོན་པ་བཅས་བྱས་ཏེ་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྣོད་བཅུད་ཀྱི་ཕན་པ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཀྲོང་ཡན་གྱིས་སྣོད་བཅུད་ནུས་པའི་ཁུལ་གཙོ་གནད་ལ་ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ལག་ལེན་བསྟར་རྒྱུ་དེས་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན། ལམ་ལུགས་ནན་དུ་བཏང་ནས་ལག་བསྟར་ཚད་ལྡན་བྱས་ཏེ་ལྟ་སྐུལ་ཞིབ་དཔྱད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ནི་འགག་རྩ་རེད། དེ་ཡང་གཅིག་ནས་སྣོད་བཅུད་ནི་དམར་ཐིག་དང་པོ་ཡིན་པ་དང་། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་འཆང་དགོས། གཉིས་ནས་བཀག་རྒྱ་གསལ་ཐོ་བཟོ་བ་དང་ལག་བསྟར་གྱི་གནས་ཚུལ་ལ་བབ་བསྟུན་ལྟ་དཔྱད་དང་ཆེད་དོན་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་བཀག་རྒྱ་གསལ་ཐོ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། གསུམ་ནས་རིགས་ཁག་གི་གསར་སྤེལ་བྱེད་སྒོར་དོ་དམ་ཚོད་འཛིན་ནན་པོ་ཤུགས་ཆེ་རུ་བཏང་ནས་བཀག་རྒྱ་གསལ་ཐོའི་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་། འགན་འཁྲི་བདའ་འདེད། ཆད་གཅོད་བཅས་ཀྱི་ལམ་སྲོལ་སྣོད་བཅུད་ནུས་པའི་ཁུལ་གཙོ་གནད་ཀྱི་བབ་བསྟུན་ལེགས་སྒྲིག་དང་ལྷན་སྦྱར་ལྕག་སྐུལ་བྱ་དགའི་སྲིད་ཇུས་དང་ཟུང་དུ་འབྲེལ་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྒྲིག་བཟོའི་གནས་ཚུལ་གྱི་སྙན་སེང་ཞུས་པ་དང་། བཟོ་འཕྲིན་དང་། རྒྱལ་ཁབ་ས་ཆ། ཁོར་ཡུག་སྲུང་སྐྱོང་སོགས་ཐིང་དང་ཅུས་10ཡི་འབྲེལ་ཡོད་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།