ཚེས་2ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ《དུས་བབ་གསར་པའི་འོག་གི་སྲིད་འཛིན་སློབ་གླིང(སློབ་གྲྭ)གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར》ལ་ཞིབ་འཇུག་དང《སྲིད་འཛིན་སློབ་གླིང་གི་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཐད་ཀྱི་རྒྱལ་ཁབ་སྲིད་འཛིན་སློང་གླིང་གི་ལྟ་སྐུལ་མཛུབ་ཁྲིད་ཚོད་སྐོར་ལས་དོན་སྤེལ་རྒྱུར་བསུ་བ་ཞུ་རྒྱུ་བཀོད་སྒྲིག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲོང་ཡན་གྱིས《བསམ་འཆར》བཟོ་རྒྱུར་ཞིབ་འཇུག་བྱ་རྒྱུ་ནི་བྱང་ཚད་མཐོ་བའི་སྲིད་སྐྱོང་གི་རྐང་འཛིན་པའི་དཔུང་ཁག་འཛུགས་སྐྱོང་གི་འཐབ་ཇུས་ལས་འགན་ལག་བསྟར་དོན་འཁྱོལ་སྐོར་གྱི་ཀྲུང་དབྱང་གི་བྱ་ཐབས་གལ་ཆེན་ཞིག་དང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་སྲིད་འཛིན་སློབ་གླིང་གི་བྱ་གཞག་འཕེལ་རྒྱས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་ངང་འཁུར་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག ཏང་གིས་བོད་དུ་སྲིད་སྐྱོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད་ཅེས་གསུངས་ཤིང་། ཁོང་གིས་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲིད་འཛིན་སློབ་གླིང(སློབ་གྲྭ)བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་། བསམ་བློའི་སློབ་གསོའི་ལས་སྟེགས་དང་། སྤུས་ཚད་མཐོ་བའི་སློབ་གསོའི་གསོ་སྦྱོང་ལས་སྟེགས། རྩེར་སོན་གྱི་ཇུས་འདོན་ཚོགས་པའི་ལས་སྟེགས། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་བཅས་གཏོད་རྒྱུ་གཙོ་གནད་དུ་བྱེད་པ། སྤུས་ཚད་ཡག་པོར་བརྟེན་ནས་སློབ་གླིང(སློབ་གྲྭ)འཛུགས་རྒྱུ་དེ་གཞི་རྩར་བརྩི་བ། ཁྱད་ལྡན་སློབ་གླིང(སློབ་གྲྭ)བསྐྲུན་རྒྱུ་ནི་བསྲུང་བྱ་གལ་ཆེན་དུ་བརྩི་བ། ཚན་རིག་ཞིབ་འཇུག་ལ་བརྟེན་ནས་སློབ་གླིང(སློབ་གྲྭ)འཕེལ་རྒྱས་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་ནུས་ལྡན་དུ་བརྩི་བ། ཤེས་ལྡན་པར་བརྟེན་ནས་སློབ་གླིང(སློབ་གྲྭ)སྟོབས་ཆེར་གཏོང་རྒྱུ་དེ་རྨང་གཞིའི་འདེགས་སྐྱོར་དུ་བརྩི་བ། སློབ་གླིང(སློབ་གྲྭ)ནན་པོས་སྐྱོང་རྒྱུ་དེ་གཞི་རྩའི་འགན་ལེན་དུ་བརྩི་བ་བཅས་ཀྱི་ཐོག་ནས་སྲིད་འཛིན་གྱི་ཁྱད་ཆོས་མཐའ་འཁྱོངས་དང་མི་རིགས་ས་ཁུལ་གྱི་ཁྱད་ལྡན་སྲིད་འཛིན་སློབ་གླིང་དུ་ཧུར་ཐག་བསྐྲུན་ཏེ་མཐའ་སྐྱོང་བོད་བརྟན་གྱི་རྐང་འཛིན་དཔུང་ཁག་གསོ་སྦྱོང་བྱེད་རིང་བྱས་རྗེས་སྔར་བས་ཆེ་བ་འཇོག་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བློ་འདྲིར་ཞབས་འདེགས་ཞུ་རིང་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་ལ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚོད་སྐོར་ལས་དོན་སྤེལ་རྒྱུ་ཡིན་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་ཟབ་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་སྲིད་འཛིན་སློབ་གླིང་གི་ངེས་གནས་སྟངས་འཛིན་བྱེད་རིང་འགན་འཁྲིའི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་དུས་བབ་དང་བསྟུན་རིང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་རིང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་བཅས་བྱས་ནས། སྲིད་འཛིན་སློབ་གླིང་གི་དམིགས་བསལ་ལེགས་ཆ་དང་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ་ཆ་རྐྱེན་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།
ཀྲོང་ཡན་གྱིས་འབྲེལ་ཡོད་ཚན་པ་ཁག་ལ་གྲ་སྒྲིག་ཚགས་ཚུད་པ་བྱས་ནས་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ལྟ་སྐུལ་མཛུབ་ཁྲིད་ཚོད་སྐོར་ལས་དོན་སྤེལ་རྒྱུར་བསུ་བ་ནན་ཏན་ཞུ་དགོས། ཚོད་སྐོར་ལས་དོན་ནི་རང་ལྗོངས་ཀྱི་སྲིད་འཛིན་སློབ་གླིང་གི་ལས་དོན་སྤེལ་ཕྱོགས་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས་བསམ་ཞིབ་ལས་དོན་སྔར་བས་ཕྱོགས་སྡོམ་ཡག་པོ་དང་། ཞན་ཆ་སྔར་བས་གསབ་པ། ཕུགས་ཀྱི་འཆར་གཞི་འདིང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོ་མཐའ་འཁྱོངས་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚོད་སྐོར་ལས་དོན་སྤེལ་རྒྱུར་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཚགས་ཚུད་པོ་བཅས་བྱས་ཏེ་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཚོད་སྐོར་བྱེད་ཀྱིན་ཞིབ་བཤེར་བྱེད་པ། ཚོད་སྐོར་བྱེད་ཀྱིན་བཅོས་སྒྲིག་བྱེད་པ། འཕྲལ་བཤེར་འཕྲལ་བཅོས་བྱེད་པ་བཅས་ཀྱི་སྒོ་ནས་སྲིད་འཛིན་སློབ་གླིང་སྐྱོན་བྲལ་དང་རྒྱུན་སྲིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།