དབུ་ཤོག>སྲིད་དོན།
  • ཅང་ཅེ་རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོཌ་འདུར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-24

    ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཐུབ་བསྟན་འཕྲིན་ལས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་རེད།

    ཅང་ཅེས་དམག་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་རྨང་གཞིའི་འདུ་འགོད་ཅིག་བཅས་རེད། རང་སྐྱོང་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་དམག་བསྡུའི་ལས་དོན་ཡག་པོ་བསྒྲུབ་པའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དམག་བསྡུའི་ལས་དོན་ཁག་ལེགས་སྒྲུབ་ཏན་ཏིག་བྱེད་དགོས་པ་དང་། འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། འགན་ནུས་འདོན་སྤེལ་བྱེད་པ། ཚད་ལྡན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱོད་གཙང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དམག་བསྡུའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། ལས་དོན་སྤེལ་སྟངས་གསར་གཏོད་དང་། གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། དམག་བསྡུའི་ལས་དོན་གྱི་དངོས་ཡོད་དཀའ་གནད་སེལ་བ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་བསམ་ཕྱོགས་དང་གསར་གཏོད་བྱ་ཐབས་ཏན་ཏིག་སྤྱད་དེ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་པོས་ལོ་འཁོར་གྱི་དམག་བསྡུའི་ལས་དོན་ལེགས་སྒྲུབ་བྱས་ཐོག་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།