དབུ་ཤོག>སྲིད་དོན།
  • ​དུས་བབ་གསལ་རྟོགས་དང་འགན་འཁྲི་ལྕི་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-07-22
         ཚེས་20ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་2017ལོའི་ལོ་སྟོད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔར་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ལོ་སྨད་ཀྱི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེ་མོའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བོད་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་དེ་ལྗོངས་ཡོངས་ཀྱི་ལས་དོན་ཁག་གི“མཐའ་ཚད”དང་།“དམར་ཐིག”“མཐོ་གློག”བཅས་སུ་བརྩིས་ཏེ“ཏང་སྲིད་འགན་གཅིག་དང་། གནས་གཅིག་འགན་གཉིས”ཀྱི་འགན་འཁྲིའི་ལམ་སྲོལ་ཁ་གསལ་བཏོན་པར་བརྟེན“རིམ་པ་ལྔ”དང་། “ཁྱབ་པ་ལྔ” “དོན་འཁྱོལ་ལྔ” “གནད་འཁེལ་ལྔ”བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་རྒྱུར་འགན་འཁྲི་ནན་པོ་ཁུར་བ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་། ལྷག་པར་དུ་ཙུང་ལི་གཞོན་པ་མཱ་ཁའེ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་པའི་ནང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ངོས་འཛིན་གང་ལེགས་བྱས་ཏེ་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཆེན་པོས་རྒྱུན་སྲིང་ལྷོད་མེད་ངང་བདེ་འཇགས་ཐོན་སྐྱེད་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཉེན་བརྡ་ཡུན་རིང་གཏོང་བ་དང་། དྲན་སྐུལ་བློ་ལ་འཆང་བ། དམ་འཛིན་ལྷོད་མེད་བཅས་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས“བདེ་འཇགས་ཐོན་སྐྱེད”ཀྱི་མཐའ་ཚད་དང་། དམར་ཐིག མཐོ་གློག་བཅས་བརྟན་པོ་སྲུང་བ་དང་། ལས་འཛོལ་ཆེ་རིགས་ཐོན་རྒྱུ་ནུས་ཤུགས་ཡོད་རྒུས་དོགས་ཟོན། ལས་འཛོལ་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་འགོག་པ། བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དེ་བས་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཁོར་ཡུག་བཟང་པོ་གཏོད་པ་དང་། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། ཞིབ་འཇུག་གཏིང་ཟབ། བྱེད་ཐབས་ནུས་ལྡན་སྤྱོད་པ། ཕྱོགས་ཡོངས་དང་གཙོ་གནད་ཐོག་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བསུ་བའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རང་བཤེར་རང་བཅོས་མངོན་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བསུ་བའི་ལས་དོན་ཡག་པོ་སྒྲུབ་པ། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཁྲོད་ལྷག་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཟུར་བསྟན་ལེབ་མཐོང་མཐའ་འཁྱོངས། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དག་ཐེར་བྱེད་ཐབས་དོན་འཁྱོལ་བྱེད་པ། འབྲུབ་དུས་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་སྤེལ་ཏེ་མིག་སྔར་རང་ལྗོངས་སུ་ཆར་པ་བབས་མང་བའི་དུས་ཚིགས་འཆར་བས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འབྲུབ་དུས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོའི་ནང་ཞིབ་བཤེར་བྱེད་དགོས་ངེས་ཀྱི་ནང་དོན་དུ་བརྩི་བ། བདེ་འཇགས་དོགས་ཟོན་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་དང་མངོན་མེད་རྐྱེན་ངན་གྲལ་བཤེར། ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་འབྲུབ་འགོག་ཐོན་སྐྱེད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ། འགོ་ཁྲིད་ལས་བྱེད་པས་ཚབ་བྱས་ཏེ་སྡོད་བྱ་དང་གལ་ཆེའི་ལས་གནས་ཐོག་ཆུ་ཚོད་24སྡོད་བྱའི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དུས་བབ་བརྟན་པོ་དང་ཡག་པོ་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།