དབུ་ཤོག>སྲིད་དོན།
  • ​ 2017ལོའི་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-17

    ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2017ལོའི་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་ཆེད་དོན་དུ་བྱས་ནས་སློབ་སྦྱོང་དང་ཞིབ་བསྡུར་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤིའུ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འོད་ཟེར་སོགས་ཀྱིས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་ལྷག་པར་དུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྲུན་གྱི་དོན་དངོས་དང་འབྲེལ་བ་བྱས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས“འབྲེལ་བ་ཆ་བཅུ་གསུམ”ནི་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་འཐབ་ཇུས་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས།

    “འབྲེལ་བ་ཆ་བཅུ་གསུམ”ངོས་འཛིན་དང་སྟངས་འཛིན་ཡང་དག་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཞབས་ཞུ་བྱེད་པའི་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཀྱི་དམིགས་སའི་རང་བཞིན་དང་། མཐུན་སྦྱོར་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་བའི་ཐད་བླང་བྱ་གསར་པ་བཏོན་ཡོད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་དེ་མི་དམངས་འཐུས་ཚོགས་ལས་ཀའི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཐོག རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ནི་ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཡིན་པའི་ངོས་ནས་ཆབ་སྲིད་ལས་ཁུངས་ཧ་ཅང་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ཏང་གི་འདུ་ཤེས་དང“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་མི་དམངས་འཐུས་ཚོགས་ལས་ཀའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་ནུས་ཤུགས་ཆེར་བཏང་སྟེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་། ཏང་གི་སྲོག་ཤིང་གི་དབང་གྲགས་སྲུང་སྐྱོང་། བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་དབང་གྲགས་སྲུང་སྐྱོང་བཅས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་མི་དམངས་ལ་འཛིན་པའི་ལངས་ཕྱོགས་བརྟན་པོ་དགོས་པ་དང་མི་དམངས་ཀྱི་ཚབ་བྱས་ཏེ་དབང་ཆ་ལག་བསྟར་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ་རིམ་ཁག་མི་དམངས་འཐུས་ཚོགས་རྩ་འཛུགས་ཀྱི་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ། ཆབ་སྲིད་ནུས་པ་ཆེ་རུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཏང་གིས་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་འོག་བསྒྲུབས་ནས་སྤྱི་ཡོངས་སྟངས་འཛིན་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་ནུས་དང་ཆུ་ཚད་མཐོ་རུ་བཏང་ཐོག་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་གསལ་འབྱེད་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་ཏང་གི་དགོངས་ཚུལ་དེ་ཉིད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པར་འགྱུར་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་མིག་མངས་སྒྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་བཙུགས་ཏེ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་དང་། ལམ་ལུགས་འཛུགས་སྐྱོང་། གོ་རིམ་འཛུགས་སྐྱོང་། ནུས་པ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱེད་སར་བྱེད་པ་དང་། རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱས་ནས་ཇུས་འདོན་ལས་རོགས་དང་ཞབས་ཞུ་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་ཀའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས། གཅིག་ནས་དོན་ཚན་གལ་ཆེན་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་པའི་དབང་ཆ་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་དབང་གྲགས་ལྡན་པའི་མི་དམངས་ཀྱི་དབང་འཛིན་ལས་ཁུངས་སྐྲུན་དགོས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཏན་ཏིག་ཁུར་ནས་ལྗོངས་ཏང་ཨུད་ཀྱི་གཅིག་སྡུད་དང་གཅིག་གྱུར་གྱི་འགོ་ཁྲིད་འོག རང་འགན་ནན་སྒྲུབ་དང་ལས་ཀ་ཧུར་ཐག་བྱས་ཏེ་ཁྲིམས་གཏན་འཁེལ་བའི་འགན་དབང་དང་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ཁྲིམས་ལྟར་སྲིད་འཛིན་དང་དྲང་གཞག་ཁྲིམས་འཛིན་ལ་སྐུལ་འདེད་བཏང་སྟེ་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཡང་དག་ནུས་ལྡན་ངང་ལག་ལེན་བསྟར་རྒྱུའི་འགན་ལེན་བྱས་ནས་ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་དབང་གྲགས་དེ་མི་དམངས་ཀྱི་དབང་གྲགས་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སུ་དངོས་སུ་མཚོན་པ་བྱེད་དགོས་པ་དང་། གཉིས་ནས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འབྲེལ་བ་དམ་ཟབ་བྱེད་པའི་ཚབ་བྱེད་ལས་ཁུངས་འཛུགས་དགོས་ཤིང་། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཐད་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤོད་པའི་ཐབས་ལམ་ཤར་གཏོང་བྱེད་པའི་ཐད་བསམ་གཞིག་བྱ་རྒྱུ་རྒྱུན་འཁྱོངས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཉིད་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་དམངས་སེམས་ཐོབ་པ་བྱེད་པའི་ཐད་དངོས་ཕན་ཐོན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་བཟོས་ཟིན་པའི་ཁྲིམས་སྲོལ་ཚང་མས་ཏང་གི་དགོངས་ཚུལ་གང་ལེགས་མཚོན་པ་དང་། མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་ཐུབ་པ། བོད་ཀྱི་ཁྱད་ཆོས་མཚོན་པ་བཅས་བྱེད་པ་དང་ལྟ་སྐུལ་ལས་དོན་ཚང་མའི་ཁྲོད་མང་ཚོགས་ཀྱི་རེ་འབོད་ཉན་པ་དང་། མང་ཚོགས་ཀྱི་རེ་སྒུག་ལ་ལན་ཧུར་ཐག་འདེབས་པ། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱེད་དགོས་པ། གསུམ་ནས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་ལེན་ནན་པོ་བསྟར་ནས་འགན་འཁྲི་ནུས་ལྡན་ངང་ཁུར་བའི་ལས་དོན་ལས་ཁུངས་འཛུགས་དགོས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛུགས་ལས་ཀའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་ལྟ་སྐུལ་གྱི་འགན་ནུས་ཆེ་རུ་གང་ཐུབ་བཏང་སྟེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དང་ལག་ལེན་ནུས་ལྡན་ངང་བསྟར་ཐུབ་པའི་འགན་ལེན་བྱས་ཐོག མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་བས་གཏིང་ཟབ་པ་དང་། དེ་བས་གསོན་ཤུགས་ལྡན་པ། དེ་བས་ཕན་འབྲས་ཆེ་བ་བཅས་ཡོང་ཐབས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།