དབུ་ཤོག>སྲིད་དོན།
  • བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བ་གསར་པ་གཏོད་པར་རེ་བས་ཁེངས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-13

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར《ཧྲེན་ཀྲེན་དམིགས་བསལ་ཁུལ་ཚགས་པར》གྱི་བཅར་འདྲི་དང་ལེན་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཁ་གཏད་བོད་སྐྱོར་བྱས་ཚུན་ཀོང་ཏུང་ཞིང་ཆེན་དང་ཧྲེན་ཀྲེན་གྲོང་ཁྱེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གྱི་མཛད་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁ་གཏད་བོད་སྐྱོར་བྱ་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་དང་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ། ཚད་མཐོའི་རང་འགུལ་གྱི་འགན་འཁྲིའི་ཐོག་ནས་ལྷག་བསམ་རྣམ་དག་ངང་བོད་སྐྱོར་བྱེད་པ། གསར་གཏོད་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོར་བརྟེན་ནས་རོགས་སྐྱོར་ཧུར་ཐག་བཅས་བྱས་པས་ཀོང་ཏུང་གི་ཁྱད་ཆོས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་སྟངས་ཤིག་བཏོད་པ་དང་། བོད་སྐྱོར་རྣམ་གྲངས་ཀྱི་ཧྲེན་ཀྲེན་གྱི་སྤུས་རྟགས་བཏོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བྱ་བ་ཆེན་པོ་སྒྲུབ་པའི་ཕུལ་བྱུང་རང་བཞིན་གང་ལེགས་མངོན་པ། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་མངོན་པ། ཀོང་ཏུང་དང་ཧྲེན་ཀྲེན་མི་དམངས་ཀྱིས“སྒྱུར་བཅོས་སྒོ་དབྱེའི་བཀའ་དྲིན་ཚོར་བ་དང་རྒྱལ་ཡོངས་མི་དམངས་ལ་དྲིན་ལན་འཇལ་བའི”བླ་ན་མེད་པའི་འདུ་ཤེས་དང་། “སྔོན་ལ་ཕྱུག་པོ་ཆགས་མཁན་གྱི་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་བྱས་ནས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི”བླ་ན་མེད་པའི་བརྩེ་སེམས་གང་ལེགས་མངོན་པས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་དང་ཚད་མཐོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཧྲེན་ཀྲེན་དེ་ཉིད་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་སྐར་ཁུང་ཡིན་པའི་ངོས་ནས“མཚོ་ཐོག་དར་གོས་ལམ་བུའི”ལྟེ་བའི་གྲོང་ཁྱེར་བསྐྲུན་པའི་འཕེལ་རིམ་ནང་ས་བབ་དང་། ཐོན་ལས། འཕེལ་རྒྱས་གཏོང་སྟངས་སོགས་ཐད་ཀྱི་ལེགས་ཆ་ལྡན་ཡོད། བོད་ཀྱིས་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལམ་བུ་གལ་ཆེན་མགྱོགས་མྱུར་སྐྲུན་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་དམ་པོར་དམིགས་ནས་ཧྲེན་ཀྲེན་དམིགས་བསལ་ཁུལ་གྱི་ལེགས་ཆ་ཁག་ལ་བརྟེན་ཏེ་ཁྱབ་ཁོངས་མང་པོའི་དབར་གྱི་མཉམ་ལས་ལ་ཤུགས་སྣོན་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་དང་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་དེང་སྐབས་བོད་འདི་ཉིད་རྒྱུན་མཐུན་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཀྱི་འགག་རྩའི་དུས་མཚམས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས། སྣོད་བཅུད་ནུས་པའི་ཁུལ་བསྐྲུན་པ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་དུས་མཚམས་གལ་ཆེན་བཅས་སུ་སླེབས་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་དང་། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་དུས་བཀག་ལྟར་བོད་ལྗོངས་དབུལ་སྒྲོལ་འགག་སྒྲོལ་དང་དུས་བཀག་བཞིན་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱས་ཏེ་བོད་ཀྱི་མཐའ་མཚམས་སྔར་བས་སྲ་ཞིང་བརྟན་པ་དང་། སྤྱི་ཚོགས་སྔར་བས་ཞི་མཐུན་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་འཆམ་མཐུན་བཅས་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།