དབུ་ཤོག>སྲིད་དོན།
  • བསྟན་ཁོ“སེམས་མཐུན·ཀྲུང་གོའི་བསམ་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-11

    ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། ཟླ་7ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་ནས“སེམས་མཐུན·ཀྲུང་གོའི་བསམ་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོར་མཐུན་སྦྱོར་བཀོད་སྒྲིག་གནང་བ་རེད།

    བསྟན་ཁོས“སེམས་མཐུན·ཀྲུང་གོའི་བསམ་པ་མཉམ་དུ་གཏོད”ཅེས་པའི་བྱེད་སྒོ་ནི་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་གསོན་ཉམས་དོད་པའི་སྒོ་ནས་མངོན་པ་ཞིག་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་དང་ཀུན་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་ལག་ལེན་གཏིང་ཟབ་ཅིག་རེད། བྱེད་སྒོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་འོག་ཉིང་ཁྲི་གྲོང་ཁྱེར་དང་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་གྲ་སྒྲིག་ཧུར་ཐག་བྱས་པ་བརྒྱུད། ཟླ་7ཚེས་7ཉིན་དངོས་སུ་སྤེལ་འགོ་ཚུགས་པ་དང་། མིག་སྔར་བདེ་འཇགས་དང་གོ་རིམ་ལྡན་པ་དང་། བརྟན་པོ་དང་བདེ་བླག མང་ཚོགས་ཀྱི་དགའ་བསུ་ཐོབ་པ། ཕན་འབྲས་བཟང་པོ་ཐོན་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།

    བསྟན་ཁོས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བྱེད་སྒོ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་རྒྱུ་འགན་ལེན་བྱེད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྐད་ཆ་འདྲི་བ་དང་། མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ། སྒྲིག་འཛུགས་མཐུན་སྦྱོར་བཅས་བྱེད་དགོས་པ་དང་། བདེ་འཇགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བྱེད་སྒོ་རྦད་དེ་བདེ་འཇགས་ཡོང་རྒྱུ་དང་མི་སྣ་རྦད་དེ་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱ་རྒྱུ་དེ་བྱེད་སྒོ་ཁག་སྤེལ་རྒྱུའི་བླང་བྱ་ཨང་དང་པོར་བརྩི་བ་དང་། བྱེད་སྒོའི་གྲུབ་འབྲས་ལ་ཞིབ་བཤེར་བྱ་རྒྱུ་དེ་ཚད་གཞི་ཨང་དང་པོར་བརྩི་བ། དམར་ཐིག་དང་མཐའ་ཚད་བརྟན་པོ་སྲུང་རྒྱུར་བརྩིས་ནས་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱེད་དགོས་པ། གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་བྱེད་སྒོའི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། ཆབ་སྲིད་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    བསྟན་ཁོས་ཉིང་ཁྲི་གྲོང་ཁྱེར་དང་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྱིད་ལུག་དང་ཧོལ་རྒྱུག་མི་བྱེད་པ་དང་ངོས་འཛིན་སྔར་བས་མཐོར་གཏོང་དང་། སྒྲིག་འཛུགས་ལ་སྔར་བས་ཤུགས་སྣོན། འགན་འཁྲི་སྔར་བས་དོན་འཁྱོལ། བྱེད་ཐབས་ཐད་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བྱེད་སྒོ་རྦད་དེ་བདེ་འཇགས་ཡོང་རྒྱུ་དང་བདེ་བླག་ངང་ལེགས་གྲུབ་ཡོང་རྒྱུར་འགན་ལེན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།