དབུ་ཤོག>སྲིད་དོན།
  • བོད་ལྗོངས་ཀྱིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་གསལ་འགྲེལ་གྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-29

     ཚེས་27ཉིན་གྱི་སྔ་དྲོ། ལྗོངས་སློབ་གསོ་ཐིང་གིས《མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》སྲིད་ཇུས་གསལ་འགྲེལ་གྱི་གསོ་སྦྱོང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་མཐོ་སློབ་ཁག་དང་ས་གནས་དང་གྲོང་ཁྱེར་ཁག་གི་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་སྲིད་ཇུས་གནད་འཁེལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་། རྒྱ་ཆེའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་དེ་བཞིན་ཁྱིམ་བདག་རྣམས་ལ་དྲིལ་བསྒྲགས། སློབ་མར་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་རོགས་རམ། ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་གསར་ཤོས་ཁོང་དུ་གང་ལེགས་ཆུད་པ་དང་སྤྱོད་པ་བཅས་ཀྱི་སྒོ་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་དགོས་མཁོ་སྐོང་གང་ཐུབ་དང་ལས་ཞུགས་ཀྱི་ཐབས་ལམ་ཐབས་བརྒྱ་ཇུས་སྟོང་ངང་རྒྱ་ཆེར་བཏང་སྟེ་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རེད།

    ལྗོངས་ནང་ཁུལ་གྱི་མཐོ་སློབ་ཁག་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་སློབ་གསོ་ཅུས་ཀྱི་འགན་འཁུར་བ་ཁྱོན་30ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།