དབུ་ཤོག>སྲིད་དོན།
  • བོད་ཀྱི་བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-20

    ཚེས་18ཉིན་ལྗོངས་ཡོངས་ཀྱི་བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཕག་ཐོན་ལས་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གལ་ཆེན་ཞིག་ཡིན། སྟོབས་ཤུགས་བསྡུ་སྒྲིལ་དང་། གཙོ་གནད་ཚད་བརྒལ། གོམ་གང་མདུན་སྤོས་བཅས་ཀྱི་སྒོ་ནས་བོད་ཕག་ཐོན་ལས་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ལོ་གསུམ་ནས་ལྔ་བར་འབད་བརྩོན་བྱས་ཏེ་བོད་ཕག་འདི་ཉིད་རང་ལྗོངས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་སྲོག་ཤིང་ཐོན་ལས་དང་གྲགས་ཆེའི་མིང་བྱང་ཞིག་ཏུ་འགྱུར་བ་བྱེད་དགོས། རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁུལ་ཁོངས་དཔལ་འབྱོར་དང་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་འཁྲིད་ནུས་ལྡན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་འབྲེལ་ཡོད་སྡེ་ཚན་ལ་བྱ་སྤྱོད་སྤེལ་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་དང་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོ་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གོང་འོག་མཉམ་འགུལ་བྱེད་པ། མཉམ་ཤུགས་ཤིག་ཆགས་པར་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཕག་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་རང་ལྗོངས་ཀྱི་ཞིང་འབྲོག་ལས་དེང་རབས་ཅན་དང་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུར་འགྱུར་གྱིས་འབྱོར་འབྲིང་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།