དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང་ཐོག་མ་བཙུགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-31

    ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང”ཐོག་མ་བཙུགས་ནས་ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་སློབ་མའི་སློབ་དཔོན་ཝང་དབྱི་གདན་ཞུས་ཀྱིས《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་དུས་རབས་སྙིང་སྟོབས་དང་ཀྲུང་གོའི་ཁྱད་ཆོས》སྐོར་གྱི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྐར་མ་དང་། ཀྲའོ་ཁྲུན་ལའེ། བསྟན་འཛིན་རྣམ་རྒྱལ། ཤིང་རྩ་བསྟན་འཛིན་ཆོས་གྲགས་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    དགེ་རྒན་ཆེ་མོ་བ་ཝང་དབྱི་ཡིས་གྱོད་གཞིར་གཞིགས་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་དང་གོ་བདེ་བའི་སྐད་ཆ་དང་ཕན་ཚུན་སྤེལ་རེས་བྱེད་པའི་བྱ་ཐབས་ཐོག་ནས་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ནང་གཏན་འཁེལ་བྱས་པའི་རང་རྒྱལ་གྱི་དམངས་དོན་བྱེད་སྒོའི་གཞི་རྩའི་གཏན་འབེབས་དང་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》བཟོ་བའི་ནང་ཞུགས་པའི་ཉམས་མྱོང་ངོ་སྤྲོད་བྱས་པ་རེད། འཆད་ཁྲིད་ཀྱི་གོ་རིམ་ཁ་གསལ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། མཐོང་རྒྱ་ཆེ་ལ་དོན་ཟབ་ཅིང་གོ་སླ་བ་ཞིག་ཡོད་པ་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་། ལག་ལེན་གྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས“བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང”ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་རྒྱ་སྐྱེད་དང་མཐོར་གཏོང་དང་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་རེད། མི་དམངས་འཐུས་ཚོགས་ཀྱི་སློབ་ཁང་བཙུགས་པ་དེའི་དམིགས་ཡུལ་ནི་རྩ་ཁྲིམས་དང་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་གཞུང་ཞབས་པས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ལུགས་བསྟན་གནང་ཡོད།

    བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་ཐོག་ནས《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པ་དང་། རང་རྟོགས་ངང《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》གྱི་འགན་འཁྲི་དང་ལས་འགན་ལག་བསྟར་དོན་འཁྱོལ་དང་ཞིབ་འཇུག་གཏིང་ཟབ་ཀྱིས་ཤེས་རྟོགས་ཁ་གསལ་ཡོང་བ་བྱེད་ཐུབ་པ་བྱས་ནས་རང་ངོས་ཀྱིས་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་ཐབས་ཐོག་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དཀའ་གནད་སེལ་ནུས་ཆེ་རུ་གཏོང་བ་དང་ཁྲིམས་ལྟར་ལས་འགན་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྦྲགས། 《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་གྱིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཡག་པོ་བྱེད་པ་དང“གཞུང་གཅིག་ཁང་གཉིས”ལ་ཁྲིམས་འཛིན་ནན་པོ་དང་གཞུང་དྲང་ཁྲིམས་འཛིན་བྱེད་དགོས་པའི་ལྕག་སྐུལ་བྱེད་དགོས་པ། 《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་སྤྱི་ཚོགས་ཧྲིལ་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་ནང་དོན་གལ་ཆེན་ལ་བརྩིས་ནས་མང་ཚོགས་ཚོས་མཐོང་འདོད་ལ་ཉན་སྤྲོ་བ་དང་གོ་བདེ་ལ་ཤེས་སླ་བའི་བྱེད་ཐབས་ཐོག་ནས《དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་དང་ཁྲིམས་ལྟར་ཁེ་དབང་འགན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུའི་ཁྲིད་སྟོན་དང་ཁྱབ་གདལ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།