དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པའི་རང་ལྗོངས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-30

    399857_yis_1496031942525.jpg

    ཟླ་5ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པའི་རང་ལྗོངས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

    ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པའི་རང་ལྗོངས་ཀྱི་འཐུས་མིར་མཇལ་འཕྲད་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ཤིང་། འགན་འཁྲི་ཁུར་ཕོད་པ་དང་། འབད་འབུངས་ཡར་བརྩོན། མི་དམངས་གཞི་རྩ། དམངས་ཆེད་ཁྲིམས་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བའང་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཧྥང་ལིན་མང་བཅས་ཀྱིས་ལྷན་དུ་མཇལ་འཕྲད་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལྷ་ས་གསོལ་མགྲོན་ཁང་གི་བཀྲ་ཤིས་ཚོམས་ཆེན་དུ་གློག་འོད་རབ་ཏུ་འཕྲོ་བ་དང་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཤིང་། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་སོགས་ཀྱིས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་བཞག་པའི་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པའི་རང་ལྗོངས་ཀྱི་འཐུས་མི་རེ་རེ་བཞིན་ལ་ཁ་བཏགས་གཡོགས་གནང་བ་དང་ཁོང་ཚོར་མཛའ་བརྩེའི་ངང་ཕྱག་བཏང་བ་མ་ཟད། ད་དུང་དྲན་རྟེན་པར་ཡང་བསྐྱོན་པ་རེད། ཝུའུ་དབྱིང་ཅེས་ཡུན་རིང་མ་སོང་གོང་སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་བཞག་པའི་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཤིན་ཏུ་ཆེ་རུང་དུས་ཚོད་ཕྲན་བུ་བཏོན་གནང་ནས་ཚོགས་ཞུགས་མི་སྣར་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་བདེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་བདེའི་དཔའ་བོ་དཔེ་བཟང་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་ཡོད། གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ཐུགས་བཟང་ཚིག་ནན། བརྩེ་བ་ཟབ་མོ་ལྡན་པ་བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང“ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས་པ་དང་། མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པ། ཁྲིམས་འཛིན་གཞུང་དྲང་བྱེད་དགོས་པ། སྒྲིག་ཁྲིམས་ནན་གྱིས་སྲུང་དགོས་པ”བཅས་ཀྱི་སྤྱིའི་བླང་བྱ་བཏོན་ནས་སྤྱི་བདེའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ལ་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་བླངས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྤྱི་བདེའི་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཅས་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་འགན་འཁྲི་ཨང་དང་པོ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ། དམག་འཐབ་ཀྱི་རྒྱལ་ཁ་ཡང་ནས་ཡང་དུ་ལེན་པ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བློ་མཐུན་ལ་ལས་ཁ་ཕྲལ་ལ་ངོ་རྒོལ་དང་། ཉེས་གསོག་ལ་རྡུང་རྡེག མི་དམངས་སྲུང་སྐྱོང་བཅས་ཀྱི་འགག་རྩའི་དུས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་ཕྱིར་དོན་ནས་མདུན་དུ་ཤོར་བ་དང་། ལ་ལས་བདེ་འཇགས་འགན་ལེན་གྱི་ལས་འགན་གལ་ཆེན་དང་རང་བྱུང་གནོད་འཚེའི་མདུན་དུ་ངལ་དུབ་ལ་མ་འཛེམ་པར་བསྟུད་མར་འབད་འཐབ་བྱས་པ། ལ་ལས་ནད་གཞི་ཕོག་ཀྱང་མུ་མཐུད་ལས་ཀ་བྱས་པ། ལ་ལས་འཐབ་ས་དང་པོ་ཡུན་རིང་བརྟན་སྲུང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པ་དང་སྐད་གྲགས་མེད་པར་འབད་བརྩོན་ལྷོད་མེད་བྱས་པ། ལ་ལས་ལོ་ན་ཕྲ་བའི་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ནས་མེས་རྒྱས་གཅིག་གྱུར་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བཅས་ཀྱི་ཆེད་སྲ་ཞིང་བརྟན་པའི་ཟངས་གྱང་ལྕགས་རྩིག་བསྐྲུན་ནས་དུས་རབས་གསར་པའི་མི་དམངས་ཉེན་རྟོག་པའི་བླ་ན་མེད་པའི་སྙིང་སྟོབས་དང་འོད་སྟོང་འཕྲོ་བའི་གཟུགས་བརྙན་མངོན་པར་བྱས་ཡོད། དེའི་རིང་དཔའ་བོ་དཔེ་བཟང་དང་སྔོན་ཐོན་མཉམ་སྡེབ་འབོར་ཆེན་ཐོན་ཡོད། ད་ཐེངས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་བཞག་པའི་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པའི་རང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་15དང་སྔོན་ཐོན་མི་སྒེར་23ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཤ་སྟག་རེད། ལག་ལེན་དངོས་ལས་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ལྡན་པའི་དཔུང་ཁག་ཅིག་ཡིན་ལ་དཔའ་བོ་རིམ་ཐོན་དང་དཔའ་ཉམས་ཆེར་སྐྱེད་ཀྱི་དཔུང་ཁག་ཅིག་ཀྱང་ཡིན་པའི་རང་ལྗོངས་ཀྱི་སྤྱི་བདེ་དཔུང་ཁག་ནི་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་སྲུང་དམག་རྣམ་དག་ཅིག་ཡིན་པ་ར་འཕྲོད་ཐུབ་ཀྱི་ཡོད། འདི་གར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་མ་ཟད། སྤྱི་བདེའི་ནང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་ནི་རང་ལྗོངས་ཀྱིས་རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བ་བྱེད་པ་ནས་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་ཤིག་ཡིན། འདི་ལོ་རང་རེའི་ཏང་གིས་ད་དུང་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་ཡིན་པས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་འཛིན་པ། འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ། ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས་ཤིང་། “འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལངས་ཏེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་ལྷག་དོན་དུ་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཀྱི་བསམ་པ་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་གཏོང་དགོས་པ། མི་རིགས་ཁག་གི་མང་ཚོགས་ལ་བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་བརྩོན་ལེན་གྱིས་ད་ཆའི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་རྒྱུའི་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས་པ། གསུམ་ནས་འགན་འཁྲི་ཁུར་ཕོད་པ་བྱེད་དགོས་ཤིང་། གནད་དོན་ལ་ཐད་ཀར་ཕྱོགས་པ་དང་དཔའ་ངར་ཆེན་པོས་བྱས་རྗེས་བཞག་སྟེ་ག་དུས་ཡིན་རུང་དོན་ཐུབ་པ་དང་། མདུན་ལ་ཤོར་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་བྱེད་དགོས་པ། བཞི་ནས་དམངས་ཀྱི་དོན་དུ་ཁྲིམས་འཛིན་དགོས་ཤིང་། སུས་ཁྲིམས་འཛིན་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“བདུན་ལྔ”ཡི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་དང་ལུགས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་བའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་པ། ལྔ་ནས་ཡ་རབས་ཚུལ་ལྡན་ངང་ལས་སྒྲུབ་བྱེད་དགོས་ཤིང་། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གཙོ་བོ་བློ་ལ་བརྟན་པོར་ངེས་པའི་ཁར་ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ་སེམས་རྩ་འཁོལ་ཞིང་འཛུམ་དམུལ་དམུལ་གྱིས་ཞབས་འདེགས་ཞུ་བའི་ཐོག་ནས་སྤྱི་ཚོགས་ཀྱི་ལས་དོན་ལ་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས། དྲུག་ནས་སྒྲིག་ཁྲིམས་ནན་དུ་གཏོང་དགོས་ཤིང་། ཕྱོགས་ཡོངས་ནས་ཉེན་རྟོག་ལས་རིགས་ནན་གྱིས་བསྐྱང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྤྱི་བདེའི་དཔུང་ཁག་ཅིག་གཏོད་དགོས་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་གཏོང་བ། “བརྟན་པོར་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱེད་པ། “འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱེད་པ། “སྤྱོད་ཚུལ་བཞི”རྒྱུན་སྲིང་ལྷོད་མེད་ངང་དག་ཐེར་བྱེད་པ་བཅས་བྱས་ནས་ཆབ་སྲིད་དང་། ལས་སྒོ། འགན་འཁྲི། སྤྱོད་ཚུལ་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་སྤྱི་བདེ་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ། བདུན་ནས་སྣང་ཚུལ་བཟང་པོ་ཞིག་གཏོད་དགོས་ཤིང་། སྤྱི་བདེའི་དཔའ་བོ་དཔེ་བཟང་གི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དྲང་ནུས་དར་སྤེལ་དང་བརྒྱུད་སྤེལ་བྱེད་དགོས། སྤྱི་བདེའི་དཔའ་བོ་དཔེ་བཟང་གི་མི་སེམས་འགུལ་བའི་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་ཉེ་འཁོར་དུ་བྱུང་བའི་མི་སེམས་འགུལ་བའི་ཉེན་རྟོག་པའི་གཏམ་རྒྱུད་ཡག་པོ་ཤོད་པ། སྤྱི་བདེའི་དཔའ་བོ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དེ་བཞིན་བད་ན་ག་་མག་་འན་པ་དང་། སྲོལ་བཟང་གླུ་དབྱངས་སྐད་གསང་མཐོན་པོས་ལེན་པ། དྲང་ནུས་བརྒྱུད་སྤེལ་ཤུགས་ཆེན་བྱེད་པ་བཅས་བྱས་ནས་ཉེན་རྟོག་པའི་སེམས་ཤུགས་གཅིག་སྒྲིལ་དང་། ངར་ཤུགས་གཅིག་སྒྲིམ། སྙིང་སྟོབས་རབ་འཕེལ་བཅས་སྔར་ལས་ལྷག་པ་ཡོང་བ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།