གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཕུར་བུ་སྒྲོལ་མ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཞིབ་བཤེར་སྙན་ཞུར་མོས་མཐུན་བྱས་ནས་ཕུར་བུ་སྒྲོལ་མའི་འཐུས་མིའི་ཐོབ་ཐང་གོ་ཆོད་པ་གཏན་འཁེལ་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་མཚམས་གཅོད་སྐུ་གཤེགས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་མཚམས་གཅོད་སྐུ་གཤེགས་པར་མྱ་ངན་ཞུ་རྒྱུ་དང་སྦྲགས་མཚམས་གཅོད་ཀྱི་འཐུས་མིའི་ཐོབ་ཐང་རང་བཞིན་དུ་མཚམས་འཇོག་བྱ་རྒྱུ།
ད་ཆ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པར་དངོས་ཡོད་འཐུས་མི་430ཡོད།
ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།
2017ལོའི་ཟླ་5ཚེས་26ཉིན།