དབུ་ཤོག>སྲིད་དོན།
  • ​ བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་འགོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-28

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཆོས་གྲགས་ཀྱིས་གནང་བའི《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཇུས་གཞི》གསན་པ་དང་གྲོས་ཞིབ་གནང་བ་རེད། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་དཔལ་ཨུ་ལྷན་གྱི་ཞིབ་དཔྱད་བྱས་འབྲས་སྐོར་གྱི་སྙན་ཞུར་མོས་མཐུན་གནང་བ། 《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཇུས་གཞིར》ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ནོར་ཤུགས་བསྡོམས་འབོར་སྒོར་དུང་ཕྱུར་1175.63ནས་སྒོར་དུང་ཕྱུར་1297.14བར་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།