དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-28

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པས་གྲོས་རིམ་ཁག་ལེགས་གྲུབ་ཟིན་ནས་ཚེས་26ཉིན་གྱི་སྔ་དྲོ་གྲོལ་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཐན་འགོག་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་མི་སྣར་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་དང་ཁེ་དབང་འགན་ལེན་བྱེད་པའི་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གསབ་སྣོན་ཨུ་ཡོན་གྱི་མཚན་ཐོ》བཅས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་ས་གནས་ཁྲིམས་འཛུགས་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་དང་། 《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས། 《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར》ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་གྲོས་འཆམ་བྱུང་བ། གོ་གནས་བསྐོ་འཐེན་ལས་དོན་གཏན་འབེབས་བྱས་པ། གོ་གནས་བསྐོ་གཞག་ཡི་གེ་སྤྲད་པ་བཅས་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས། ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་ཐན་འགོག་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་མི་སྣར་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་དང་ཁེ་དབང་འགན་ལེན་བྱེད་པའི་སྲོལ་ཡིག》ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་ཡག་པོ་བྱེད་པ་དང་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཏན་ཏིག་ངང་ཁུར་ནས་ཁྲིམས་སྲོལ་ཡང་དག་ནུས་ལྡན་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱས་ནས་སྤྱི་ཚོགས་ཁྲོད་རྣམ་པ་བཟང་པོ་གཏོད་དགོས། ཐེངས་འདིའི་ཚོགས་འདུའི་ཐོག་ཆུའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་དང་ས་ཆུ་སྲུང་འཛིན་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་ཏེ་འབྲེལ་ཡོད་ཕྱོགས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་དུས་སྐབས་གསར་པའི་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆུའི་བཅའ་ཁྲིམས་དང་ས་ཆུ་སྲུང་འཛིན་བཅའ་ཁྲིམས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ལག་བསྟར་ནན་ཏན་བྱས་ནས་ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་། ཆུར་དོ་དམ། ཆུ་བེད་དར་རྒྱས་བྱེད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ་དང་ས་ཆུ་སྲུང་འཛིན་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ཆུའི་ཐོན་ཁུངས་རྒྱུན་སྲིང་ངང་བེད་སྤྱོད་ཐུབ་པ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ལས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཨུ་ལྷན་གྱིས《གྲོས་ཞིབ་བསམ་འཆར》དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་རྗེས་ཁྲིམས་སྐྱོང་ཞིབ་བཤེར་གྱི་སྙན་ཞུ་དང་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུར་འབུལ་དགོས་པ་དང་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་སྒྲིག་གཞིས་སྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱུན་མཐུད་ངང་རྗེས་སྙེག་བྱེད་པ། དམ་འཛིན་མཐར་ཕྱིན་བཅས་བྱས་ནས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཐེངས་འདིའི་ཚོགས་འདུའི་ཐོག་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་བཟོ་བཅོས་འཆར་ཟིན་དང་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་གོམ་སྟབས་རྗེས་མའི་བཟོ་བཅོས་བྱེད་རིང་མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་རྩ་དོན་དེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུ་དེ་བས་མང་བས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་དྲང་སྙོམས་ངང་ཕན་པ་ཐོབ་པ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བརྟག་ཞིབ་དང་། རིགས་པས་ཁུངས་སྐྱེལ། ཚོད་སྐོར་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྲོལ་འཆར་ཟིན་གཉིས་པོར་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་སླད་ཕྱིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་དགོས། ཐེངས་འདིའི་ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་དང་མི་དམངས་འཐུས་ཚོགས་ཆེད་དོན་ལས་དོན་ཨུ་ལྷན་ཁག་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ས་གནས་ཁྲིམས་འཛུགས་ཀྱི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱས་ཏེ་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་གཞི་རྩའི་བླང་བྱར་བརྩི་སྲུང་ཞུ་བ་དང་ཁྱད་ཆོས་མཚོན་པ་དང་དངོས་སྒྲུབ་སྤྱོད་གོ་ཆོད་པའི་གཞི་རྩའི་རྩ་དོན་མཐའ་འཁྱོངས་ཀྱིས་ལྗིད་རྫོབ་དང་ཁུ་བསྡུ་ཚད་རན་པོ་དང་འཁྲོལ་ཆ་ཡོད་པའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཁྲིམས་སྲོལ་མ་ལག་ཇུས་བཀོད་དང་། འགག་རྩའི་དོན་ཚན་དང་ནང་དོན། ཁྲིམས་འཛུགས་ཀྱི་ལག་རྩལ་ཚད་ལྡན་དུ་གཏོང་བ་བཅས་ལ་ཤུགས་བརྒྱབ་ནས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་ཏེ་ཁྲིམས་སྲོལ་དེ་ཉིད་དེ་བས་དམངས་འདུན་དང་མཐུན་པ་དང་དོན་དངོས་དང་འཚམ་པ་བྱས་ཏེ་སླད་ཕྱིན་གྱི་གྲོས་ཞིབ་ཆེད་རྨང་གཞི་བཟང་པོ་འདིང་དགོས་པ་དང་། ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ཐོབ་པའི་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་འཛུགས་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བཅས་བསྟན་གནང་བ་རེད།

    ཚེས་25ཉིན། ཚོགས་འདུས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་དང་། བློ་བཟང་རྒྱལ་མཚན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་112པ་གཙོ་སྐྱོང་གནང་ནས་མཇུག་སྒྲིལ་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་འབྲེལ་ཡོད་དོན་ཚན་ཞིབ་འཇུག་གནང་བ་རེད།

    མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས་ཞུས་ཞུའེ་ཀོང་གིས་གསར་དུ་བསྐོ་གཞག་བྱས་པའི་མི་སྣས་རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།