ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་འགན་ཁུར་བ་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་གཞོགས་འདེགས་བྱས་ནས་གཉེར་བའི“ཡུལ་སྐོར་ལ་བརྟེན་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2017ལོའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་བོད་ལྗོངས་ཡན་ལག་ཚོགས་རའི་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་བྱེད་སྒོ་སྤེལ་ཚུལ་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
ཅང་ཅེས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཡུལ་སྐོར་སྡེ་ཚན་གྱིས“རྩེར་སོན་དང་། ཁྱད་ལྡན། གཏིང་རིམ་གྱི་གསར་སྤེལ། དམངས་ཕྱུག་ཁུལ་དར”བཅས་ཀྱི་འཕེལ་རྒྱས་དམིགས་ཚད་གཞིར་བཟུང་། ཡུལ་སྐོར་དེ་དམངས་ཕྱུག་ཁུལ་དར་དང་གནད་སྨིན་དབུལ་སྐྱོར་གཉིས་དང་ཟུང་འབྲེལ་དམ་ཚགས་བྱེད་པ་དང་ཆབས་ཅིག ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།