དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་111པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-22

    ཚེས་19ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་111པ་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྐར་མ་དང་། ཀྲོའུ་ཁྲུན་ལའེ། བསྟན་འཛིན་རྣམ་རྒྱལ་སོགས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་གོ་གནས་བསྐོ་འཐེན་གྱི་དོན་ཚན་ལ་ཞིབ་བཤེར་བྱས་པ་དང་། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས(འཆར་ཟིན)དང《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་གསབ་སྣོན་ཨུ་ཡོན་གྱི་མིང་ཐོ(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་ཞིབ་འཇུག་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཇུས་གཞི》ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུ་ཉན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་འགོད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)ལ་ཞིབ་འཇུག་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཐན་འགོག་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་གཟེངས་བསྟོད་བྱ་དགའ་དང་ཁེ་དབང་འགན་ལེན་སྐོར་གྱི་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ། 《བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོང་དང་འཕེལ་རྒྱས་སྐོར་གྱི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》སྐོར་གྱི་གསལ་བཤད། 《ཉིང་ཁྲི་གྲོང་ཁྱེར་ས་གནས་ཀྱི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་ཉན་ནས་གོང་གསལ་གྱི་ཁྲིམས་སྲོལ་འཆར་ཟིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག“སྒོ་འབྱེད”ཁྲིམས་འཛུགས་མཐའ་འཁྱོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་སྲོལ་ཡིག》གི་གཏན་འབེབས་ལ་གཞིགས་ཏེ་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ཀྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡོངས་བསྒྲགས་ཁྲིམས་འཛུགས་ཀྱི་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་ཐབས་ལམ་སྣ་མང་བརྒྱུད་ཁྲིམས་འཛུགས་བྱེད་སྒོར་ཞུགས་རྒྱུ་འགན་ལེན་བྱེད་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱིས་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་གསོན་ཉམས་ལྡན་པའི་ལག་ལེན་གང་ལེགས་ཚོར་བ་བཅས་བྱས་ནས་ཁྲིམས་ལྟར་བོད་སྐྱོང་གི་འཕེལ་རིམ་ཁྲོད་ཞུགས་མཁན་དེ་བས་མང་བ་དང་ཐོབ་ཚོར་དེ་བས་ཆེ་བ་ཡོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་ཉན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

    ཚོགས་འདུའི་ཐོག《རང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་ལོག་རང་མིའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་བྱེད་པོར་དབང་ཆ་སྤྲོད་པའི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་ཞིབ་འཇུག་བྱས་ནས་གཏན་འབེབས་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

    ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ཁྲིམས་འཛིན་བརྟག་ཞིབ་བྱ་རྒྱུའི་སྐོར་གྱི་སྙན་ཞུ་ཉན་ནས་སྔར་བས་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་ཡིག་ཐོག་ནས་འགྲེམས་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།