དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-19

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཝང་ཏེ་ཝུན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱ་རྒྱུ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྡོ་རྗེ་ཚེ་རིང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱ་རྒྱུ། མཚོ་ཆེན་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྲི་མོའུ་ཅུན་དང་ཕུན་ཚོགས་བསྟན་འཛིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱ་རྒྱུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པས་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ལྷན་གྱི་ཞིབ་བཤེར་སྙན་ཞུར་མོས་མཐུན་བྱས་ཏེ་ཝང་ཏེ་ཝུན་དང་། རྡོ་རྗེ་ཚེ་རིང་། ཧྲི་མོའུ་ཅུན། ཕུན་ཚོགས་བསྟན་འཛིན་བཅས་ཀྱི་འཐུས་མིའི་ཐོབ་ཐང་ལ་གཏན་འཁེལ་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་ཏེང་ཞའོ་ཀང་བོད་རང་སྐྱོང་ལྗོངས་ནས་ལས་གནས་འཐེན་ཟིན་པས་ཏེང་ཞའོ་ཀང་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་རང་ཤུགས་སུ་མཚམས་འཇོག་བྱེད་རྒྱུ།

    སྨན་གླིང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀུན་དགའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་ཡོད། འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀུན་དགའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱེད་རྒྱུ།

    ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པར་དངོས་ཡོད་འཐུས་མི་430ཡོད་པ་ཆེད་དོན་སྤྱི་བསྒྲགས་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

    2017ལོའི་ཟླ་5ཚེས་17ཉིན།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།