དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ།

  •     སྤེལ་དུས།  2017-05-16

    ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་མཉམ་དུ་གཟིགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཞེད་དོན་གཏམ་བཤད་ནན་ཏན་ངང་གསན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་ནས་བྱས་རྗེས་ཧུར་ཐག་འཇོག་པ་དང་། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། རང་འཁྲིའི་ལས་འགན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་བཅས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ཧྥང་ལིང་མིན་བཅས་སློབ་སྦྱོང་ནང་ཞུགས་པ་རེད།

    ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཏམ་བཤད་དེ་ལག་གདང་སྦྲེལ་ནས་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་མཐོ་ཚད་དང་ལོ་རྒྱུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་བྱེད་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་རྒྱས་བཤད་གནང་བ་དང་། དུས་ཐུང་ལོ་བཞིའི་རིང་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐོབ་པའི་ཕན་འབྲས་མངོན་གསལ་དོད་པོ་དང་ལམ་རྒྱུད་དང་དེ་བཞིན་འཛམ་གླིང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་ལས་བྱུང་བའི“སྔོན་དཔག་ལས་བརྒལ་བའི”འཕོ་འགྱུར་ཆེན་པོ་དོན་དངོས་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་བ། ཕུགས་འདུན་ཟབ་མོ་འཆང་བཞིན་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བརྗིད་ཆེའི་ཇུས་གཞི་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འགོད་གནང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་གནད་ལ་འཁེལ་པོས་སྟངས་འཛིན་གནང་བ་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་སླར་ཡང་གང་ལེགས་མངོན་པ། “འཛམ་གླིང་གར་སྟེགས”ཐོག་གི“ཀྲུང་གོའི་འབོད་སྒྲ”དང“ཀྲུང་གོའི་གཟུགས་བརྙན”མངོན་པ་བཅས་རེད།  

    ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཡང་དག་ཆུད་པ་དང་དོན་དངོས་ལ་གཞི་ཚུགས་པ་དང་གསར་འབྱེད་གསར་གཏོད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གོ་སྐབས་སུ་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས།

    གཅིག་ནས་སྤྱི་ཡོངས་ལ་དམིགས་ཏེ་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཅངས་ནས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། འཐབ་ཇུས་ཀྱི་བསམ་དོན། འཆར་འགོད་ཀྱི་དམིགས་ཚད། བྱེད་ཐབས་གལ་ཆེན། གཙོ་གནད་རྣམ་གྲངས་བཅས་ཁྱོན་ཡོངས་ནས་ཤེས་རྟོགས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱུང་བའི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་གཏིང་ཟབ། ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་ཏན་ཏིག་གཏོང་བ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞུགས་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་ཀྱི་བསམ་པ་བཅས་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འབུངས་ཡར་བརྩོན་གྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།

    གཉིས་ནས་འབད་འབུངས་སྟོབས་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞུགས་དགོས། དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་“ཞི་བདེའི་ལམ་དང་། དར་རྒྱས་ཀྱི་ལམ། སྒོ་འབྱེད་ཀྱི་ལམ། གསར་གཏོད་ཀྱི་ལམ། ཤེས་དཔལ་གྱི་ལམ”བཅས་གཏོད་རྒྱུར་དམིགས་པ་དང་། བོད་ཀྱི་ལྗོངས་བབ་ལེགས་ཆར་གཞི་ཚུགས་པ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། བྱས་རྗེས་རང་ལ་དབང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ། དད་སེམས་དང་ཆོད་སེམས་བརྟན་པོ་ཡོང་བ་བྱས་ནས་ཕུགས་ཀྱི་འདུན་པ་འཆང་བ། སྙིང་རུས་གཏན་འཁྱོངས་བྱེད་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ། ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། དམག་དཔུང་འདུས་སྡོད་དང་དམངས་བདེ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྱབ་ཁོངས་ཁག་ཏུ་ཀྲུང་ནེའི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་ནེའི་མཛའ་གྲོགས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    གསུམ་ནས་དོན་དངོས་ལ་གཞི་ཚུགས་ཏེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་དགོས། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུའི་ཐོག་གི་བླང་བྱ་གཞིར་བཟུང་གཏན་འཁེལ་བྱུང་བའི་བརྟན་ལྷིང་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་མཐའ་འཁྱོངས་ཀྱིས་ཐག་ཉེ་ས་དང་། ཕ་ཡུལ་ནས་འབྲལ་མི་དགོས་པ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དབར་གྱི་འབྲེལ་བ་དང་། དབུལ་སྐྱོར་གནས་སྤོ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་འདུས་སྡོད་བྱེད་པའི་དབར་གྱི་འབྲེལ་བ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཡོད་པའི་ཐོན་ཁུངས་གསར་སྤེལ་དང་ཡུལ་དེ་གའི་ཞིང་འབྲོག་པའི་འབབ་འཕར་དབར་གྱི་འབྲེལ་བ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་བདེའི་དབར་གྱི་འབྲེལ་བ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དབར་ཀྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱས་ནས་མང་ཚོགས་དབུལ་པོ་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཏེ་བརྟན་ལྷིང་དང་། བདེ་ཐང་། བདེ་སྐྱིད་བཅས་ཀྱི་འཚོ་བ་བསྐྱལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་ཐུབ་པ་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ནས་སློབ་མ་དང་ཁྱིམ་བདག་ལ་ལས་ཞུགས་འདུ་ཤེས་བསྒྱུར་རྒྱུར་སྔར་བས་སློབ་གསོ་དང་ཁྲིད་སྟོན་གྱིས་ཆ་རྐྱེན་བཏོད་དེ་མཐོ་སློབ་སློབ་ཐོན་སློབ་མ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་ཞུགས་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱེད་དགོས། བྱ་བ་སྒྲུབ་སྐབས་ཕྱོགས་ཁག་ལ་བསམ་གཞིག་བྱེད་པ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་སོགས་ལས་དོན་ལ་སྤྱི་འདོམས་དང་དམ་འཛིན་ཡག་པོ་བྱས་ནས“ཕྱོགས་གཉིས་དམ་འཛིན”དང་། “གཉིས་ཀ་མི་འཕྱུགས་པ”“སྐུལ་སྤེལ་གཉིས”བཅས་འགན་ལེན་བྱེད་དགོས།

    བཞི་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་གྱིས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་སྔར་བས་གཏོད་དགོས་ཤིང་། སྨྱན་སྦྱོར་ཐོན་ཁུངས་བསྡུ་སྒྲིལ་དང་ཕྱོགས་མང་དང་སྣ་མང་ཅན་གྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། འཕེལ་རིམ་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྔར་བས་གཏོད་དགོས་པ།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།